མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨན་པའི་ལྷན་ཚོཊ་ཀྱི་དུས་དྲན་དང་རྒྱུན་ལས་གསར་འདེམས།

བོད་ཀྱི་དུས་བབ།
༢༠༡༣/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་ངྷ་ས་སྨན་རྩིས་ཁང་དུ་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ ༩ འཁོར་བའི་དུས་དྲན་སྲུང་གཙི་གནང་བའི་ཐོག་སྐབས་བཞི་བའི་རྒྱུན་ལས་བསྐོ་བཞག་གནང་སོང་ཡང་། ཚོགས་གཙོ་གཞོན་དང་དྲུང་ཆེ་བསྐོ་བཞག་ཐུབ་མ་སོང་།

དེ་རིང་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོར་བཞུགས་སྒར་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ཧྲིལ་བོ་ ༩ འཁོར་བའི་དུས་དྲན་དང་། སྐབས་བཞི་བའི་སྨན་པའི་ལྷན་ཚོགས་ཀྱི་རྒྱུན་ལས་གསར་འདེམས་ཀྱི་མཛད་སྒོ་ཚོགས་ཡོད་ཅིང་།  མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གཙོས། སྐུའི་བླ་སྨན་པ་བགྲེས་པ་ཨམ་ཆི་རྟ་མགྲིན་མཆོག་དང་སྤྱི་འཐུས་རྒྱུན་ལས་རྣམ་པ། སྐུ་བཅར་བླ་སྨན་པ་དང་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་འཛིན་སྐྱོང་ཚོགས་མི་ཟུར་པ། དབུས་སྨན་རྩིས་ཁང་གི་འགན་འཛིན་དབུས་པའི་སྡེ་ཚན་ཁག་གི་འགན་འཛིན་དང་སྨན་པ། སྨན་པའི་ལྷན་ཚོགས་ཀྱི་འབྲེལ་མཐུད་པ་དང་དེབ་སྐྱེལ་ཚོགས་མི་བཅས་འདུ་འཛོམས་བྱུང་འདུག

སྐུ་མགྲོན་གཙོ་བོ་མཆོག་ནས་སྣང་གསལ་མར་མེ་ཞལ་དབྱེ་དང་ཚོགས་ཞུགས་པ་ཚང་མས་གཡུ་ཐོག་གསོལ་འདེབས་གསུང་འདོན། སྐུ་མགྲོན་གཙོ་བོ་མཆོག་ནས་སྐུའི་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་གི་སྨན་སྦྱོར་ཁང་དེབ་སྐྱེལ་ཕྱག་འཁྱེར་དང་། སྐབས་གསུམ་པའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་ཆེ་བསྟོད་ཕྱག་འཁྱེར་བཅས་ཕུལ་རྗེས། སྨན་པའི་ལྷན་ཚོགས་ཀྱི་འོས་བསྡུ་ཚོགས་ཆུང་གི་ཚོགས་གཙོ་མཆོག་ནས་སྐབས་བཞི་བའི་རྒྱུན་ལས་ཀྱི་མཚན་ཐོ་གསལ་བསྒྲགས་གནང་སོང་།  

དེའི་རྗེས་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཐག་གཅོད་ལགས་ཀྱིས་ཕྱི་ལོ་ ༢༠༠༤ ལོའི་ཕྱི་ཟླ་ ༡ ཚེས་ ༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་སྒྲིག་གཏན་འབེབས་དང་༸གོང་ས་མཆོག་གི་ཕྱག་རྟགས་ཕབ་པ་ལྟར། བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་གསར་འཛུགས་གནང་བ་ནས་ད་ལྟའི་བར་གྱི་ཚོགས་མིའི་ཡོངས་ཁུངས་དང་། དེབ་སྐྱེལ་བྱས་པའི་ཚོགས་མི་དང་སྨན་ཁང་། མཐོི་སློབ་ཁག སྨན་པ་དཀའ་བཅུ་བ་དང་བསྡུས་ར་བའི་སློབ་ཚན་གཏན་འབེབས། རྒྱུན་ལས་རིམ་པའི་རྩིས་སྤྲོད་རྩིས་ལེན་གྱི་བརྒྱུད་རིམ་བཅས་ངོ་སྤྲོད་གནང་སོང་།

སྨན་པའི་ལྷན་ཚོགས་ཀྱི་དྲུང་ཆེ་སྨན་པ་བསོད་ནམས་རིན་ཆེན་ལགས་ཀྱིས་ཕྱི་ལོ་ ༢༠༡༠ ལོ་ནས་ ༢༠༡༢ ལོའི་སྐབས་གསུམ་པའི་རྒྱུན་ལས་ཀྱི་ལས་སྡོམ་ངོ་སྤྲོད་གནང་བ་ལྟར་ན།  ༢༠༠༩ ཟླ་ ༩ པའི་ཚེས་ ༡༠ ཉིན་རྒྱ་གར་དབུས་གཞུང་བཀའ་ཤག་ལྷན་ཚོགས་ནས་བོད་ཀྱི་གསོ་བ་རིག་པ་ཁྲིམས་མཐུན་ངོས་འཛིན་དགོས་པའི་ཁྲིམས་ཡིག་བསྐྱར་བཅོས་ལ་ངོས་ལེན་རྒྱབ་གཉེར་གནང་འདུག་ལ། གྲོས་ཚོགས་ཀྱི་མཐའ་མའི་ངོས་བཞེས་ཡོང་ཆེད་ ༢༠༡༠ ཟླ་ ༨ པའི་ཚེས་ ༢༥ ཉིན་གྲོས་ཚོགས་གོང་མའི་རཱ་ཇི་ས་བྷར་ནང་གྲོས་འཆར་བཏོན་སྟེ་ཚོགས་མི་རྣམས་ཀྱིས་སྤྱི་མོས་རྒྱབ་སྐྱོར་དང་། ལོ་དེའི་ཕྱི་ཟླ་ ༨ པའི་ཚེས་ ༣༠ ཉིན་གྲོས་ཚོགས་ཀྱིས་བཏོན་པའི་གྲོས་གཞི་ལ་རྒྱ་གར་ཚོགས་མི་རྣམ་པས་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་གཉིས་པ་དང་གསུམ་པ། དགུ་བ། བཅུ་བདུན་བཅས་ལ་བསྐྱར་བཅོས་ཀྱིས་སྤྱི་མོས་རྒྱབ་སྐྱོར་འོག་བོད་ཀྱི་གསོ་བ་རིག་པ་ངོས་བཞེས་གནང་ཡོད་འདུག

དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་བསྐྱར་བཅོས་སྐབས། བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དང་། སྨན་པ་དེབ་སྐྱེལ་དང་གསོ་རིག་ངོས་ལེན། སྨན་པ་ངོས་ལེན་བྱེད་ཕྱོགས་སྒྲིག་གཞི་བསྐྱར་བཅོས་དང་ཁྲིམས་ཡིག་གཏན་འབེབས་གནང་བ་མ་ཟད། ལྷན་ཚོགས་ཀྱིས་སྒྲིག་གཞི་ལྟར་སྨན་ཁང་དང་སློབ་གཉེར་ཁང་། སྨན་སྦྱོར་ཁང་།  སྨན་པ་བཅས་ངོས་ལེན་དེབ་སྐྱེལ་དང་ཕྱག་འཁྱེར་སྤྱོད་པ་སོགས་ཀྱི་ལས་འགུལ་མང་པོ་ཞིག་སྤེལ་ཡོད་འདུག

ཚོགས་པའི་ལོ་གསུམ་གྱི་རྩིས་ཁྲའི་བྱུང་སོང་ཁག་ནི།  ཕྱི་ལོ་ ༢༠༡༠ ལོར་བྱུང་དངུལ་ཁྱོན་སྒོར་ ༦༦༨༨༩༣  དང་། སོང་དངུལ་སྒོར་ ༩༦༡༠༦༩ དང་པེ་ ༤༠། ༢༠༡༡ ལོར་བྱུང་དངུལ་སྒོར་ ༡༦༥༣༠༡༥།༥༠ དང་། སོང་དངུལ་སྒོར་༨༨༡༩༥༧ །༧༦ ཡིན་འདུག ༢༠༡༢  ལོར་བྱུང་དངུལ་སྒོར་ ༢༤༡༦༩༨༦ དང་པེ་ ༦༨ དང་སོང་དངུལ་སྒོར་ ༩༥༡༩༣༦།༩༨ བཅས་ཡིན་འདུག་ལ།  ད་ཡོད་དངུལ་སྦྱོར་སྒོར་ ༢༤༡༠༦༥།༢༩ དང་། ལག་ཡོད་ ༢༥༠༠༠ བཅས་ཡིན་འདུག

དེའི་རྗེས་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་མཆོག་གིས། བོད་ཀྱི་གསོ་བ་རིག་པ་དེ་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ཆ་ཤས་གལ་ཆེན་ཞིག་ཆགས་ཡོད་པ་ལྟར། ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱིས་བཙན་བྱོལ་ནང་སྨན་པ་དང་སྨོན་སྦྱོར་ཁང་ལ་དེབ་སྐྱེལ་གྱི་ལག་འཁྱེར་འབུལ་བ་དང་། ཟབ་སྦྱོང་དང་ཚོགས་ཆེན་རིམ་པ་གོ་སྒྲིག་གནང་བའི་ཐད་འཕྲོད་བསྟེན་ལས་ཁུངས་ཀྱིོས་ཕྱག་ལས་ཡག་པོ་གནང་ཡོད་པའི་ངོས་འཛིན་གནང་བའི་ཐོག  གནད་དོན་རིམ་པའི་ཐོག་བཀའ་ཤག་སྙན་སེང་ཞུ་རྒྱུ་ཡིན་པའི་ཁས་ལེན་གནང་སོང་ལ། ལྷན་ཚོགས་དེ་གྲོས་ཚོགས་ཀྱིས་གྲོས་ཆོད་བཞག་ཏེ་གསར་འཛུགས་གནང་བ་ཞིག་ཡིན་སྟབས། མ་འོངས་པར་ཕྱི་གསལ་ནང་གསལ་གྱི་ཐོག་འབད་བརྩོན་བྱ་རྒྱུ་དང་། བོད་ཀྱི་གསོ་བ་རིག་པའི་མིང་འཁུར་ཏེ་གསོ་བ་རིག་པར་མཚན་ཤས་འགྲོ་བའི་ལས་དོན་ཁག་ལ་གདོང་ལེན་དང་འབད་བརྩོན་བྱ་དགོས་པའི་སྐོར་གསུངས་སོང་།

ཐེངས་འདིར་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་བའི་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་སྐབས་བཞི་བའི་རྒྱུན་དག་ནི། སྨན་རམས་པ་ཚེ་དབང་རྟ་མགྲིན་དང་སྨན་རམས་པ་ངག་དབང་བཟོད་པ། སྨན་རམས་པ་ཚེ་བརྟན་ནོར་བུ། སྨན་པ་བློ་བཟང་ཡེ་ཤེས། ཝ་ནཱའི་སྨན་དགེ་བློ་བཟང་བསྟན་འཛིན། སྨན་པ་སྐལ་བཟང་དོན་ལྡན། སྨན་པ་བསོད་ནམས་ཕུན་ཚོགས། སྨན་པ་ཐོགས་མེད། སྨན་པ་ཚེ་རིང་མཚམས་གཅོད། སྨན་པ་བློ་གྲོས་ཕུན་ཚོགས་བཅས་བསྐོ་བཞག་གནང་ཡོད་ཀྱང་། སྨན་རྩིས་ཁང་གི་སྒྲིག་ཁོངས་སུ་ཡོད་པའི་སྨན་པ་དང་ལས་བྱེད་ཁག་རྒྱུན་ལས་ཁོངས་སུ་འཛུལ་བར་ལས་ཀའི་དཀའ་ངལ་དང་། འོས་བསྡུའི་སྒྲིག་གཞི་ཁ་གསལ་མིན་སོགས་ཀྱི་དབང་གིས་ཚོགས་གཙོ་དང་དྲུང་ཆེ་བསྐོ་བཞག་གནང་རྒྱུ་ཕྱིར་འགྱངས་བྱེད་དགོས་བྱུང་ཡོད་པ་དང་། དེའི་ཐད་འཕྲོད་བསྟེན་བཀའ་བློན་མཆོག་གིས་བཀའ་ཤག་ལ་སྙན་སེང་ཞུས་རྗེས་བསྐྱར་ཞིབ་གནང་རྒྱུ་ཡིན་སྐོར་གསུངས་སོང་།

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༣ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༩ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥

མཆན། 3

  1. བཀྲ་ཤིས་དབང་ཕྱུག says:
    ལོ་ 13 སྔོན།

    ཆེས་མཐོའི་སྨན་པའི་ལྷན་ཚོགས་ཟེར་བ་འདི་གྲགས་རྒྱུ་འགུལ་རྒྱུ་མེད་པའི་ཚོགས་པ་རང་མགོ་ཞིག་རེད། ཚོགས་པ་འདིའི་བོད་སྤྱི་བའི་རྩ་དོན་ཞིག་སྒྲུབ་ཀྱི་ཡོད་དམ། ཡང་ན་ཚོགས་པ་སྒེར་དང་ཚོགས་མི་སྒེར་སོ་སོའི་ཁེ་ཕན་ཞིག་སྒྲུབ་ཀྱི་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ད་བར་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱིས་འདི་བསྒྲུབས་འདུག་ཟེར་བ་ཞིག་ཐོས་རྒྱུ་མེད།
    སྤྱི་ལོ་ 2012 ལོའི་ལས་བསྡོམས་ནང་སྒོར་འབུམ་ 9 ལྷག་གི་ལས་ཀ་བྱས་ཡོད་རབས་འཁོད་འདུག ལས་ཀ་དེ་དག་བོད་པའི་སྤྱི་ཚོགས་ནང་བྱས་པ་རེད་དམ། རྒྱ་གར་དང་ཕྱི་རྒྱལ་སྤྱི་ཚོགས་ནང་བྱས་པ་རེད།
    དངོས་ནས་བྱས་ན་ཚོགས་པ་འདི་བོད་གཞུང་དང་རྒྱ་གར་གཞུང་ལ་དེབ་སྐྱེལ་ངོས་ལེན་ཡོད་པའི་ཚོགས་པ་ཞིག་ཡིན་ན། ཚོགས་པ་རང་གི་ལས་དོན་ཆེ་ཕྲ་ཆུང་གསུམ་སྨྲས་མ་དགོས་པ་རེད། བོད་སྤྱི་བའི་ལས་དོན་སྒྲུབ་པར་སྟབས་བདེ་བོ་ཡོད་པ་རེད། ཡིན་ནའང་ད་བར་ལྐོག་ལྐོག་སིལ་སིལ་གྱིས་ཚོགས་པའི་ཁེ་ཕན་རྐྱང་སྒྲུབ་ནས་བསྡད་ཡོད་ན་མ་གཏོགས་བོད་པའི་རྩ་དོན་དང་། བོད་སྤྱི་བར་ཕན་པའི་ལས་ཀ་ཞིག་བསྒྲུབས་པ་ཐོས་མ་སོང་།

    Reply
  2. མིང་མེད says:
    ལོ་ 13 སྔོན།

    བོད་ཀྱི་གསོ་བ་རིག་པ་ཁྲི་ལོར་ཤོག གསར་འགྱུར་འགོད་མཁན་གྱིས་ཡིག་ནོར་ལ་གཟབ་རོགས། ཐུགས་རྗེ་ཆེ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ ༢༠༠༩ ཟླ་ ༩ པའི་ཚེས་ ༡༠ ཉིན་རྒྱ་གར་དབུས་གཞུང་བཀའ་ཤག་ལྷན་ཚོགས་ནས་བོད་ཀྱི་གསོ་བ་རིག་པ་ཁྲིམས་མཐུན་ངོས་འཛིན་དགོས་པའི་ཁྲིམས་ཡིག་བསྐྱར་བཅོས་ལ་ངོས་ལེན་རྒྱབ་གཉེར་གནང་འདུག་ལ།
    གྲོས་ཚོགས་ཀྱི་མཐའ་མའི་ངོས་བཞེས་ཡོང་ཆེད་ ༢༠༡༠ ཟླ་ ༨ པའི་ཚེས་ ༢༥ ཉིན་གྲོས་ཚོགས་གོང་མའི་རཱ་ཇི་ས་བྷར་ནང་གྲོས་འཆར་བཏོན་སྟེ་ཚོགས་མི་རྣམས་ཀྱིས་སྤྱི་མོས་རྒྱབ་སྐྱོར་དང་།
    ལོ་དེའི་ཕྱི་ཟླ་ ༨ པའི་ཚེས་ ༣༠ ཉིན་གྲོས་ཚོགས་ཀྱིས་བཏོན་པའི་གྲོས་གཞི་ལ་རྒྱ་གར་ཚོགས་མི་རྣམ་པས་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་གཉིས་པ་དང་གསུམ་པ། དགུ་བ། བཅུ་བདུན་བཅས་ལ་བསྐྱར་བཅོས་ཀྱིས་སྤྱི་མོས་རྒྱབ་སྐྱོར་འོག་བོད་ཀྱི་གསོ་བ་རིག་པ་ངོས་བཞེས་གནང་ཡོད་འདུག ་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese