མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིས་ཅིའི་ཕྱིར་རང་སྲེག་བྱེད་ཀྱིན་ཡོད་དམ།༼༣༽

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

མེ་ལྕེ་ཡི་ཁ་ཆེམས།—-བོད་མིས་ཅི་ཕྱིར་རང་སྲེག་བྱེད་ཀྱིན་ཡོད་དམ། (དུམ་ཚན་གསུམ་པ)

                                                             ཝང་ལི་ཞོན་གྱིས་བརྩམས། ལོ་མ་རྒྱལ་གྱིས་བསྒྱུར།

རང་སྲེག་ནི་གཉའ་གནོན་ལ་ངོ་རྒོལ་དང་མགོ་ཁྲིད་ལ་སྐྱོན་བརྗོད་ཞིག་ཀྱང་རེད།

གཤམ་གསལ་གྱི་གླེང་གཞི་དེ་ལ་ང་རང་གི་བློ་ཁ་ཅུང་བདེ་བོ་མི་འདུག རྒྱུ་མཚན་ནི་རང་སྲེག་གི་ཆེས་ཟབ་སའི་སྙིང་དོན་དེ་བསྔོག་པར་བོད་མིའི་ཁྲོད་དུ་བསྐྱོད་དགོས་པ་ཞིག་རེད་མོད། ཡིན་ན་ཡང་ང་རང་གིས་ཚེ་སྲོག་རེ་རེ་མེ་ལ་སྒྲོན་པར་ཅེར་རེ་སྡོད་པ་ལས་ཅི་ཡང་བྱེད་མ་ནུས།

དམག་ས་ལ་ཆ་མཚོན་ན་ཡང་། དགྲ་བོས་མི་བསད་པར་ལེ་བདའ་བྱེད་པ་ནི་ནོར་མེད་ཀྱང་ཕན་ཐོགས་པ་ཞིག་མ་རེད། རྒྱལ་ཁ་ཐོབ་སྙམ་ཚེ་ཆེས་རིན་ཐང་ལྡན་པ་དེ་ནི་རང་ཕྱོགས་ལ་རྟོག་ཞིབ་དང་བསྒྱུར་བཅོས་བྱེད་པ་དེ་རེད། གལ་ཏེ། རང་ལུས་མེར་བསྲེགས་ཀྱི་བྱ་སྤྱོད་འདི་མཚམས་འཇོག་གི་ཐད་ལ་རྒྱ་ནག་ལ་ལེ་བདའ་དང་འཁང་ར་ཙམ་བྱེད་པ་དེ་ནི་རང་སྲེག་མཁན་གྱི་བློས་གཏོང་བྱས་པ་དེ་དོན་མེད་དུ་བཏང་བ་ཞིག་རེད། བོད་ནང་གི་བོད་མི་ཚོས་བཙན་བྱོལ་བོད་མི་ལ་རེ་སྒུག་ཆེན་པོ་བྱས་བྱས་མཐར། རེ་རེ་བཞིན་རང་ལུས་མེ་ལ་བསྲེགས་སོང་། དེ་བས་གནད་དོན་འདིའི་ཁྲོད་ནས་བཙན་བྱོལ་བོད་མི་ཚོས་མ་མཐར་ཡང་སྔར་སོང་གི་ལམ་ཁར་བསྐྱར་ཞིབ་བྱེད་དགོས་པ་དེ་ཤེས་ན་འགྲིག་གི

གལ་ཏེ། བཙན་བྱོལ་བོད་མིའི་དབུ་ཁྲིད་རྒན་རབས་པ་ཚོ་བགྲོད་ཟིན་པའི་ལམ་ཁ་དེ། ཁོང་ཚོའི་དུས་རབས་ལ་གཡོ་མི་ཐུབ་ཞིང་ངེས་པར་བགྲོད་དགོས་པའི་ལམ་བུ་ཞིག་ཆགས་ཡོད་ན། བོད་མིའི་དབུ་ཁྲིད་གསར་པ་ཚོ་ལ་བོད་ནང་གི་རང་སྲེག་མཁན་ཚོས་རང་གི་གཅེས་སྲོག་མེ་ལ་སྦར་ཏེ་འབོད་སྐུལ་ཞུ་དོན། ‘བསྐྱར་དུ་སྔོན་སོང་གི་ལམ་ཁ་དེར་མ་བགྲོད་རོགས’

ཁ་སང་དེ་རིང་བཙན་བྱོལ་བོད་མིའི་དབུ་ཁྲིད་གསར་པ་ཚོས་གནད་འདི་ཤེས་རྟོགས་བྱུང་བའི་རྟགས་མཚན་གང་ཡང་མི་འདུག ༼ ཨེ་ཤ་ཡ་བདུན་རེ་ཚགས་པར༽ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱ་གཞུང་དང་མཉམ་དུ་གྲོས་མོལ་གནང་བར་གདེང་ཚོད་ཇི་ཡོད་སྐོར་དྲིས་པར་ལན་བསྐྱོན་དོན། “ང་རང་སྒེར་ལ་ཡིད་ཆེས་ཡོད་དང་ཡོད། རྒྱ་ནག་གི་ཤེས་ཡོན་པ་ཞིག་གིས ‘གལ་ཏེ། སྔ་ཕྱི་ལ་བསམ་བློ་གཏོང་མཁན་ཞིག་གིས་ཚོད་དཔོག་ཐུབ་སོང་བ་ཡིན་ན། བོད་ཀྱི་གནད་དོན་འདི་མགྱོགས་མྱུར་ངང་སེལ་འགྲོ’ཞེས་བརྗོད་མྱོང་བ་ལྟར། ང་རང་གིས་ཀྱང་དེ་ལྟར་བསམ་བཞིན་ཡོད།” བཤད་ཚུལ་འདི་ནི་ ༡༩༨༠ ནས་མཚམས་ཆད་ཡོད་ལ། འདིས་མི་ལ་དུས་ཚོད་ཕྱི་བསྣུར་བྱེད་པའི་སྣང་བ་ཞིག་སྟེར་ཨང་། བློ་བཟང་སེང་གེ་སྲིད་སྐྱོང་ལ་བསྡད་རྗེས། རྒྱལ་ཁབ་གང་སར་མཚམས་གཟིགས་དང་། གཞུང་ཁག་ལ་མཇལ་འཕྲད། མང་ཚོགས་ཀྱི་ཁྲོད་དུ་ཞུགས་པ་དང་བརྒྱུད་ལམ་ཁག་ལ་ཐུགས་འཕྲད་སོགས་ཀྱི་མཛད་འཕྲིན་ཚང་མས་རྒྱལ་སྤྱིས་རྒྱ་ནག་ལ་གནོན་ཤུགས་སྤྲད་པ་ལ་བརྟེན་ནས་རྒྱ་ནག་གི་ལམ་ཁ་ཕྱེ་ཡོང་བར་བྱེད་པའི་ལམ་རྙིང་པ་དེ་ཁོ་ན་བསྐྱར་ཟློས་བྱེད་བཞིན་ཡོད་པ་དེ་རེད། ལམ་ཁ་འདིར་ཏཱ་ལའི་བླ་མ་སྔོན་ཆད་བགྲོད་དེ་ཆེས་མཇུག་མཐར་བསླེབས་སོང་བས། ཡང་སྐོར་བསྐྱར་སྐོར་ལམ་ཁ་དེ་རུ་འགྲོ་མི་རུང་། ཡིན་ན་ཡང་། ༡༩༨༩ དང་ ༢༠༠༨ ལོའི་ཛ་དྲག་གི་ངོ་རྒོལ་བྱས་པ་དེས་ཀྱང་དེ་རིང་གི་བཙན་བྱོལ་བོད་མིས་ཐེངས་གསུམ་པར་ལམ་ཁ་རྙིང་པ་དེ་བསྐྱར་ཟློས་བྱེད་པ་དེ་འགོག་ཐུབ་མེད།

ཡིན་ན་ཡང་། བོད་ནང་གི་རང་སྲེག་ལས་འགུལ་འདི་ཐབས་ལམ་གསར་པ་ཞིག་ལ་ངོས་འཛིན་བྱེད་མཁན་ཡང་འདུག ཝེ་རང་(维让)ཟེར་བའི་མི་ཞིག་གིས་ཕྱི་ལོགས་ཀྱི་དྲ་ཚིགས་ཤིག་གི་སྟེང་དུ་འདི་ལྟར་བྲིས་འདུག “རིགས་མཐུན་སྤུན་ཟླ་ཚོས་རང་ཉིད་ཀྱི་གཅེས་སྲོག་དོན་མེད་དུ་མེར་བསྲེགས་བྱས་མེད། ཉེ་ལམ་ཨ་མདོ་ས་ཁུལ་ནས་མི་མང་སྟོང་ཕྲག་མང་པོས་གཞི་རྒྱ་ཆེ་བའི་སྒོ་ནས་ངོ་རྒོལ་བྱས་པའི་གནས་ཚུལ་བྱུང་ཡོད་པ་དེ་ནི་སྤུན་ཟླ་ཚོས་རང་སྲོག་བློས་གཏོང་བྱས་པའི་འབྲས་བུ་ཡིན་པ་ང་ལ་ཡིད་ཆེས་ཡོད། ༢༠༠༨ལོར་བོད་མིས་ངོ་རྒོལ་བྱས་པའི་རླུང་ཚུབ་དྲག་པོ་དེ་ཡང་བསྐྱར་བོད་ཁུལ་ལ་བྱུང་བཞིན་འདུག”ཡང་ཁོས་བོད་ནང་གི་རང་སྲེག་མཚམས་འཇོག་ལ་འབོད་སྐུལ་ཞུ་བར་འདི་ལྟར་སྐྱོན་བརྗོད་བྱེད་དོན། “བྱེད་སྟངས་འདི་ནི་ཅི་འདྲའི་དགོད་བྲོ་བ་ཞིག་རེད་ཨང་། གལ་ཏེ། འབོད་སྐུལ་ཞུས་སྟེ་མཚམས་འཇོག་བྱས་པ་ཡིན་ན། སྔོན་གྱི་ཟླུན་ཟླ་ཚོས་དོན་མེད་དུ་རང་སྲོག་བློས་གཏོང་བྱས་པ་རེད་ལ་ང་ཚོའི་འཐབ་རྩོད་ཀྱང་ཡལ་འགྲོ་བ་དེའོ།།”

ཝེ་རང་གིས་མཚོན་པའི་བསམ་གཞིགས་བྱེད་སྟངས་དེ་ཡིས་མི་ལ་སེམས་ཚེགས་སློང་བར་བྱེད། རང་སྲེག་ནི་དམིགས་ཡུལ་སྒྲུབ་བྱེད་ཀྱི་ཐབས་ལམ་ཞིག་ལ་བལྟས་ཏེ། བོད་ནང་ནས་རང་སྲེག་ཇི་ལྟར་མང་པོ་བྱུང་ན་དེ་ལྟར་ལེགས་པར་བརྗོད་ཞོར་དུ་ད་དུང་རང་སྲེག་བྱེད་པའི་ངང་སྒུག་ཀྱང་བྱེད་ཀྱིན་འདུག ཡིན་ན་ཡང་། དེ་ཡི་ཁྲོད་ཀྱི་ “ཀུན་སྤྱོད་བླང་དོར་”ལ་ཁ་ཡ་བྱེད་ཀྱིན་མི་འདུག ཝེ་རང་གིས་ “ཚད་མཐོ་བའི་ཀུན་སྤྱོད་”དེ་རྔོ་མི་ཐོགས་པར་བརྗོད་དེ་ཆབ་སྲིད་ཀྱིས་དམིགས་ཡུལ་ཁོ་ན་མ་གཏོགས་ཐབས་ལམ་ལ་ཧ་ལམ་ཁ་ཡ་དང་དོ་སྣང་མ་བྱས་ཀྱང་ཆོག་པའི་ཚུལ་འཛིན་གྱིན་འདུག དེ་ནས། ཆབ་སྲིད་ཀྱི་རྒྱལ་ཕམ་ཁོ་ནའི་ཕྱོགས་ནས་གླེང་ན་ཡང་། རང་སྲེག་གིས་དམིགས་ཡུལ་འགྲུབ་པའི་ཕྱོགས་ལ་ཕན་ནུས་འདོན་མི་ཐུབ། དཔེར་ན། ༢༠༠༨ ལོ་ལྟ་བུའི་ངོ་རྒོལ་གྱི་ལས་འགུལ་ཞིག་བྱུང་བའི་དབང་དུ་བཏང་ཡང་། དེ་ནས་ཅི་ཞིག་བྱ།  ༢༠༠༨ ལོ་ལ་དྲག་གནོན་བྱས་ཡོད་ཀྱང་། ད་དུང་དེ་ལྟར་གྱེན་ལངས་བྱས་ན་དྲག་གནོན་སྔར་བཞིན་བྱེད་པ་མ་ཡིན་ནམ།

ཡིན་ན་ཡང་། དམིགས་ཡུལ་ཁོ་ན་གཙིགས་ཆེན་བྱེད་མཁན་གྱི་ཆབ་སྲིད་པས་ཧ་ལམ་ད་དུང་དེ་འདྲའི་དྲག་གནོན་ཞིག་བྱུང་བར་རེ་ལྟོས་བྱེད་ཀྱིན་འདུག དྲག་གནོན་བྱས་ཚེ་རྒྱལ་སྤྱིའི་དོ་སྣང་བྱེད་པ་དང་། ཁྲག་དམར་ཇི་ལྟར་བཞུར་ན། རྒྱ་ནག་ལ་གཏད་པའི་རྒྱལ་སྤྱིའི་གནོན་ཤུགས་དེ་ལྟར་ཆེ་རུ་འགྲོ ཡིན་ཡང་། འདི་ནི་སྔར་བཞིན་སྔོན་ཆད་ཀྱི་སྒྲུབ་ཕྱོགས་དང་མཚུངས་ཡོད། རང་སྲེག་གིས་ཁུངས་སྣེ་མ་འདྲ་བ་ཞིག་ཁ་སྣོན་བྱས་ཡོད་པ་ལས་མཇུག་འབྲས་གཅིག་མ་གཏོགས་གཉིས་ཡོད་རྒྱུ་མ་རེད།  སྒེར་གཅོད་པས་རང་སྲེག་ནི་ཅི་ལའང་མི་བརྩི་ཞིང་ཁྲག་དམར་འཛག་སྟེ་དྲག་གནོན་བྱེད་པ་ལ་ཡང་འཇིགས་པ་མེད། ད་དུང་དྲུག་བཞིའི་དོན་རྐྱེན་སྐབས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་གཞུང་ལ་ “ངོ་ལོག”བྱས་མེད་ལ། ད་ལྟའི་བོད་དོན་གྱི་ཕྱོགས་ནས་ཀྱང་རྒྱ་ནག་ལ“མིག་ལོག”ཙམ་ཡང་བྱེད་རྒྱུ་མ་རེད། ཡིན་ན་ཡང་དོན་དངོས་ཀྱི་བྱུང་བ་ཡོངས་རྫོགས་ཀྱིས་རྒྱ་ནག་ལ་གཏད་པའི་རྒྱལ་སྤྱིའི་གནོན་ཤུགས་ཀྱིས་བོད་དོན་སེལ་ཐབས་ནི་མག་མོག་དང་རབ་རིབ་ཅིག་ཡིན་པ་གསལ་སྟོན་བྱེད་ཀྱི་མེད།

རང་སྲེག་གི་གྲངས་ཀ་འཕེལ་བར་རྐྱེན་བྱས་ཏེ་བོད་དོན་ལ་རྒྱལ་སྤྱིའི་ཐོག་ནས་ཚད་མཐོ་བའི་དོ་སྣང་བསླེབས་ཡོད། ཡིན་ན་ཡང་རྒྱལ་ཁབ་སོ་སོའི་གཞུང་གིས་རྒྱ་གཞུང་ལ་ཉེས་འཛུགས་བྱེད་པར་གཡོལ་བ་དང་མཉམ་དུ་བཙན་བྱོལ་བོད་མི་ལ་རྒྱབ་སྐྱོར་དང་བོད་དོན་ལ་དོ་སྣང་ཡོད་མདོག་གི་བྱེད་ཐབས་སྤྱད་དེ་རྒྱུ་འབྲས་ལ་བརྩི་སྲུང་དང་མི་མང་ལ་སེམས་གསོ་བྱེད། ཁེ་བཟང་འདི་འདྲ་ནི་ཕྱི་སྡོད་བོད་མི་ཁོ་ནར་ཡོད། དེ་བས། གྲུབ་འབྲས་མེད་པ་ལས་ཡོད་པ་བཟང་ཡང་། ཕྱི་སྡོད་བོད་མི་ཚོས་དེ་འདྲའི་ཁེ་བཟང་ལ་བལྟས་ཏེ་བོད་ནང་གི་སྤུན་ཟླ་ཚོས་མུ་མཐུད་ནས་རང་སྲེག་གི་རེ་བ་བྱེད་པར་ཧ་ཅང་ཡིད་ཆེས་བྱེད་དཀའ།

བོད་མི་དཀའ་ངལ་ལས་ཐར་བར་བྱེད་པ་ལ་བཙན་བྱོལ་བོད་མས་བོད་དོན་སྒྲུབ་ཕྱོགས་ལ་འགྱུར་བ་གཏོང་དགོས། དེར་མ་ཟད་བོད་ནང་གི་རྒྱ་ཆེའི་མི་མང་གཙོ་བོར་བཟུང་ཏེ། མཉམ་རུབ་ཀྱིས་རང་དབང་དང་ཞི་བདེ་ཡི་འཐབ་རྩོད་ལ་ཞུགས་དགོས། བོད་ནང་གི་བོད་མི་ཚོས་ལམ་ཁ་ཕྱོགས་གང་ན་ཡོད་པ་ཤེས་ཡོད། ཁོ་ཚོ་མ་འོངས་ལ་རེ་ལྟོས་ཀྱིས་ཁེངས་ཏེ་འཚོ་གནས་བསྐྱུར་ནས་རང་སྲོག་དོར་ཏེ་མེར་བསྲེགས་བྱེད་མི་དགོས།

ཟུར་མཆན། རང་སྲེག་པའི་ཁ་ཆེམས་ཀྱི་དབྱེ་བ།


དང་པོ།
བཟོད་ཐབས་བྲལ་བའི་རྒྱུ་རྐྱེན།

ཕུན་ཚོགས།—-ངས་ནང་སེམས་ཀྱི་སྡུག་བསྔལ་མུ་མཐུད་ནས་བཟོད་ཐབས་བྲལ་བས།  ༢༠༡༡ ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་ལ་ངས་མི་ཡོངས་ལ་རྗེས་ཤུལ་ཕྲ་མོ་ཞིག་འཇོག་རྒྱུ་ཡིན།
སྣང་གྲོལ།—ཁྲིམས་ལུགས་རྫོབ་པོའི་འོག་ནས་འཚོ་ཐབས་བྲལ། རྨ་ཁ་མེད་པའི་མནར་གཅོད་ནི་བཟོད་དཀའ་འོ།།
ཚེ་རིང་སྐྱིད།—མི་སུས་ཀྱང་འདི་ལྟར་མུ་མཐུད་ནས་འཚོ་བ་རོལ་ཐུབ་ཀྱིན་མ་རེད།
རྟ་མགྲིན་འཚོ།—ང་ཚོ་བོད་པ་ཚོ་ཅི་འདྲའི་སྡུག་ཨང་། ཐ་ན་རྒྱལ་བ་རིན་པོ་ཆེ་ཡི་སྐུ་པར་ལ་ཡང་མཆོད་པ་བྱེད་མི་ཆོག་ན། དེ་ནི་དངོས་ནས་རང་དབང་བྲལ་བ་ཞིག་རེད།
གསང་བདག་ཚེ་རིང་།—བོད་ལ་རང་དབང་མི་འདུག རྒྱལ་བ་རིན་པོ་ཆེ་བོད་ནང་ལོག་པར་བཀག་སྡོམ་བྱེད། པཎ་ཆེན་རིན་པོ་ཆེ་བཙོན་ལ་བཅུག་ཏེ་བཀག་གཉེར་བྱས། ད་དུང་། བོད་ཀྱི་དཔའ་བོ་མང་པོས་མུ་མཐུད་ནས་རང་ལུས་མེར་བསྲེགས་བྱས། དེར་བརྟེན། རང་ཉིད་འཇིག་རྟེན་ནས་འཚོ་ན་མི་བསམ། གསོན་ནས་ཀྱང་སྙིང་པོ་མི་འདུག


གཉིས་པ།
དཔའ་སྤོབས་དང་འགན་འཁྲི་མཚོན་པ།

ཕུན་ཚོགས།—ཁོ་ཚོས་བསམ་པར་ང་ཚོ་དྲག་པོའི་གཉའ་གནོན་ལ་འཇིགས་སྣང་སྐྱེས་བར་འདོད། ཡིན་ན་ཡང་། ཁོ་ཚོས་བསམ་པ་ནོར་བ་རེད།
བསྟན་འཛིན་ཕུན་ཚོགས།—ང་རང་ཀརྨ་དགོན་གྱི་མཁན་པོ་དང་གྲྭ་བ་རྣམས་ཀྱི་སྡུག་བསྔལ་གྱི་ཆེད་དུ་ཤི་ཡང་ཕངས་མེད་ཡིན།
བསོད་བྷ་རིན་པོ་ཆེ།—-རང་སྲོག་བློས་གཏོང་བྱེད་མཁན་གྱི་བོད་མི་གཞན་དག་ཚོ་ཡང་ང་དང་འདྲ་བར་བདེན་ལུགས་དང་རང་དབང་གི་ཆེད་དུ་ཚེ་སྲོག་དོར་ཏེ་ལ་རྒྱ་བརྩད། ངས་ཀྱང་རང་ཉིད་ཀྱི་ཤ་ཁྲག་གིས་རྒྱབ་སྐྱོར་དང་གུས་འདུད་མཚོན་པར་བྱེད་ཆེད་ཚེ་སྲོག་ཕུལ་བར་ཕངས་སེམས་སྤུ་ཙམ་ཡང་མེད།
སྣང་གྲོལ།— སྣང་གྲོལ་གྱི་བརྩི་མཐོང་གི་ཆེད་དུ་བརྟན་བརླིང་གི་ཁྱོད་ཀྱི་མགོ་བོ་དགུང་ལ་དགྱེས།
ཆོས་འཕགས་སྐྱབས་དང་བསོད་ནམས།—བོད་མི་རིགས་ལ་རྩ་བའི་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྡུག་བསྔལ་དང་འཛམ་གླིང་ཞི་བདེ་ཡོང་ཆེད་དུ་རང་ལུས་ལ་སྦར་ཏེ་མེ་ལ་བསྲེགས། བོད་མི་རིགས་ལ་རང་དབང་ཐོབ་ཆེད་དང་། ནང་ཆོས་དར་འཕེལ་དང་སྐྱེས་འགྲོ་ཀུན་ལ་བདེ་བ་ཐོབ་ཕྱིར་རང་ལུས་མེ་ལ་སྦར་ཏེ་མེ་ལ་བསྲེགས།


གསུམ་པ།
རྒྱ་གཞུང་ལ་ངོ་རྒོལ་དང་རེ་འདུན།

བཀྲ་བྷེ།—ནེའུ་ཡོག་ཚགས་པར་གྱིས་བཀྲ་བྷའི་སྐོར་ལ་གནས་ཚུལ་སྤེལ་དོན། “ཤོག་བུ་ཞིག་ཤུལ་ལ་བཞག་སྟེ། གལ་ཏེ་སྲིད་གཞུང་གིས་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བར་བཀག་སྡོམ་བྱས་ན། ཁོང་གིས་རང་སྲོག་གཅོད་རྒྱུ་ཡིན་པ་གསུངས་འདུག”
ལྷ་མོ་སྐྱབས། —-བོད་ནང་གི་རྩོམ་པ་པོ་ཞིག་གིས་ལྷ་མོ་སྐྱབས་རང་སྲེག་མ་བྱས་སྔོན་ལ་གྲོགས་པོ་ཞིག་གིས་དྲི་བ་འདི་འདྲ་ཞིག་དྲིས་བའི་གསལ་བཤད་བྱེད་དོན། “རྒྱ་ནག་གི་ཚོགས་ཆེན་བཅོ་བརྒྱད་ནམ་ཞིག་ལ་འཚོགས་རྒྱུ་རེད་དམ།”
སྙིང་དཀར་བཀྲ་ཤིས།—-པཎ་ཆེན་རིན་པོ་ཆེ་ཀློད་གྲོལ་གཏོང་དགོས། རྒྱལ་བ་རིན་པོ་ཆེ་ཕྱིར་བོད་ལ་ཕེབས་འཇུག་དགོས། ངས་རང་ལུས་མེ་ལ་བསྲེགས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་ཡིན།
ལྕགས་མོ་སྐྱིད།—-མི་རིགས་འདྲ་མཉམ། མགོ་ཁྲིད་གསར་བ་ཞི་ཅིན་ཕེན་༧གོང་ས་མཆོག་དང་མཇལ་འཕྲད་གནང་དགོས།
སྙིང་དཀར་བཀྲ་ཤིས།—- རྒྱལ་བ་རིན་པོ་ཆེ་ཕྱིར་བོད་ལ་ཕེབས་དགོས།

བཞི་པ། བོད་ཐོག་ལ་རྒྱལ་སྤྱིའི་དོ་སྣང་འདྲེན་པ།

དགུ་འགྲུབ།—-བློ་གཟུ་བོར་གནས་པའི་འཛམ་གླིང་ཡོངས་ཀྱི་མིོ་མང་གིས་དྲང་བདེན་ལ་མཐོང་ཆེན་བྱེད་རོགས། འཛམ་གླིང་མི་མང་ཡོངས་ཀྱིས་ང་ཚོ་ལ་རྒྱབ་སྐྱོར་བྱེད་པའི་རེ་འདུན་ཞུ།


ལྔ་པ།
ཏཱ་ལའི་བླ་མ་མཆོག་ལ་གསོལ་འདེབས་བྱེད་པ།

རི་ཀྱོ།—-༧གོང་ས་མཆོག་ཕྱིར་བོད་ལ་ལོག་ཐུབ་པའི་ཆེད་ཡིན།
བསོད་བྷ་རིན་པོ་ཆེ།—-ངས་རང་ཉིད་ཀྱི་ཚེ་སྲོག་ཕུལ་བར་ཕངས་སེམས་ཁྱོན་ནས་མེད། ལྷ་མིའི་རྣམ་འདྲེན་༧གོང་ས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་གཙོ་བྱས་ཏེ་བླ་ཆེན་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་དུ། ངས་རང་ལུས་མེ་ལ་བསྲེགས་ཏེ་ཁོང་རྣམ་པར་ཕུལ་བ་ཡིན། བློས་གཏོང་འདི་ཡིས་མ་འོངས་བར་སྐྱེས་འགྲོ་ཡོངས་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཤོག
སྣང་གྲོལ།—-རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་སྐལ་བརྒྱར་བརྟན་པར་ཤོག
རྟ་འགྲིན་ཐར།—-རྒྱལ་བ་རིན་པོ་ཆེ་བོད་ལ་ལོག་ཐུབ་པར་ཤོག
བསྟན་འཛིན་མཁས་གྲུབ་དང་ངག་དབང་ནོར་འཕེལ།—-ངེད་གཉིས་ཀྱིས་བོད་མི་རིགས་དང་། ཁྱད་པར་དུ་༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། མགྱོགས་མྱུར་ངང་བོད་ལ་ལོག་ཐུབ་པའི་ཆེད་དུ་རང་སྲེག་བྱས་པ་ཡིན།
དགུ་འགྲུབ།—-རྒྱལ་བ་རིོན་པོ་ཆེ་བོད་ལ་གདན་འདྲེན་བྱ་རྒྱུ་ནི་སྐྱིད་སྡུག་མཉམ་མྱོང་དང་གཅིག་ལ་གཅིག་བརྟེན་ངང་འཚོ་བཞིན་པའི་བོད་མི་ཡོངས་ཀྱི་དམིགས་འདུན་ཡིན།
བསམ་གྲུབ།—-༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག ཁ་བའི་ལྗོངས་ལ་བདེ་སྐྱིད་ཀྱི་ཉི་མ་འཆར་བར་སྨོན།
སྐལ་བཟང་སྦྱིན་པ།—-མི་རིགས་འདྲ་མཉམ་དང་བོད་མིའི་རང་དབང་། བོད་ཡིག་དར་སྤེལ། རྒྱལ་བ་རིན་པོ་ཆེ་བོད་ལ་ལོག་ཆེད་དུ་ངས་རང་སྲེག་བྱེད་པར་བློ་ཐག་བཅད།
སྙིང་དཀར་བཀྲ་ཤིས།—-རྒྱལ་བ་རིན་པོ་ཆེ་ཕྱིར་བོད་ལ་ཕེབས་འཇུག་དགོས།

དྲུག་པ། བོད་རང་བཙན་གླེང་བ།

དགུ་འགྲུབ།—-བསྐྱར་དུ་བོིད་ལ་རང་བཙན་ཐོབ་པར་བྱས་ཏེ། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་བྱ་རྒྱུ་ནི་སྐྱིད་སྡུག་མཉམ་མྱོང་དང་གཅིག་ལ་གཅིག་བརྟེན་ངང་འཚོ་བཞིན་པའི་གངས་ཅན་བོད་མི་ཡོངས་ཀྱི་དམིགས་འདུན་ཡིན།
སྙིང་དཀར་བཀྲ་ཤིས།—-བོད་ལ་རང་དབང་དང་རང་བཙན་དགོས།
རྟ་འགྲིན་ཐར།—-བོད་རྒྱལ་ཁབ་ཆེན་མོ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ངས་རང་སྲེག་བྱ་རྒྱུ་ཡིན།
སྣང་གྲོལ།—-བོད་མི་རིགས་རྒྱ་འདྲེ་ལས་ཐར་བར་ཤོག
སངས་རྒྱས་སྒྲོལ་མ།—- བོད་ལ་རང་དབང་དང་རང་བཙན་དགོས།

བདུན་པ། ལས་འགུལ་ཞིག་ཏུ་བརྩིས་པ།

བསྟན་འཛིན་ཕུན་ཚོགས།
—-བོད་སྤྱི་དང་ཁ་སང་དེ་རིང་ཀརྨ་དགོན་གྱི་དཀའ་ངལ་ལ་བསམ་ན། ང་མུ་མཐུད་ནས་འཚོ་ཐབས་བྲལ། དགོན་པའི་མཁན་པོ་དང་གྲྭ་བ་རྣམས་ཀྱིོ་གནས་སྟངས་ལ་གཞིགས་ན། ངས་འདི་ནས་སེམས་ཚེགས་བྱས་ཏེ་ཅི་ཞིག་ཕན། ཡར་ལ་ལོངས་ཤོག
བསོད་བྷ་རིན་པོ་ཆེ།—–ངས་ཀྱང་རང་ཉིད་ཀྱི་ཤ་ཁྲག་འདི་རྒྱབ་སྐྱོར་དང་གུས་འདུལ་མཚོན་པར་བྱེད་ཆེད་ཕུལ་བ་ཡིན།
ཆོས་འཕགས་སྐྱབས་དང་བསོད་ནམས།—- བོད་མི་རིགས་ལ་རྩ་བའི་འགྲོ་བ་མི་ཡི་ཐོབ་ཐང་མེད་པའི་སྡུག་བསྔལ་དང་འཛམ་གླིང་ཞི་བདེ་ཡོང་ཆེད་དུ་རང་ལུས་མེར་བསྲེགས་བཏང་བ་ཡིན།
རི་ཀྱོ།—-རྒྱལ་བ་རིན་པོམ་ཆེ་བོད་ལ་ལོག་པའིོ་ཆེད་དུ་ཡིན།
རྟ་འགྲིན་ཐར།—- བོད་རྒྱལ་ཁབ་ཆེན་མོ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ངས་རང་སྲེག་བྱ་རྒྱུ་ཡིན།
བསྟན་འཛིན་མཁས་གྲུབ་དང་ངག་དབང་ནོར་འཕེལ།
—-བོད་ཀྱི་ཆོས་དང་རིག་གཞུང་གི་ཐད་ལ་ཕན་ནུས་བསྒྲུབ་པའི་ནུས་པ་མེད་ལ། དཔལ་འབྱོར་གྱི་ཕྱོགས་ནས་ཀྱང་བོད་མི་རིགས་ལ་ཕན་ཐོགས་མི་ནུས་པས། ངེད་གཉིས་ཀྱིས་བོད་མི་རིགས་དང་། ཁྱད་པར་དུ་༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་མགྱོགས་མྱུར་ངང་བོད་ལ་ལོག་ཐུབ་པའི་ཆེད་དུ་རང་སྲེག་བྱས་པ་ཡིན།
དགུ་འགྲུབ།—-བོད་ཀྱི་དངོས་ཡོད་གནས་ཚུལ་བདེན་དཔང་དང་ཁྱབ་བསྒྲགས་བྱེད་ཆེད་དུ་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཞི་བའི་འཐབ་རྩོད་བྱས་ཏེ། རང་ཉིད་ཀྱི་ལུས་པོ་མེ་ལ་བསྲེགས་ཏེ་བོད་རང་བཙན་ཡིན་པའི་འབོད་སྐད་བསྒྲགས།
དོན་གྲུབ།—-རྟག་པར་བླ་བྲང་དགོན་པའི་གྲྭ་བ་དང་ས་གནས་ན་གཞོན་ཚོ་རང་སྲེག་མི་བྱེད་པའི་འབོད་སྐུལ་ཞུ། ཁྱོད་ཚོ་མི་མཐུད་ནས་གསོན་ཏེ་མི་རིགས་ཀྱི་མ་འོངས་ལས་དོན་ཐད་ལ་འབད་བརྩོན་དང་བྱས་རྗེས་འཇོག་དགོས། ཁོ་དང་ལོ་ན་རྒན་རབས་ཚོས་རང་སྲེག་བྱས་ན་ཏག་ཏག་རེད།
བསམ་འགྲུབ།—-ངས་བོད་ཀྱི་ཆེད་དུ་རང་ལུས་མེ་ལ་བསྲེགས་པ་ཡིན།
སྐལ་བཟང་སྦྱིན་པ—- མི་རིགས་འདྲ་མཉམ་དང་བོད་མིའི་རང་དབང་། བོད་ཡིག་དར་སྤེལ། རྒྱལ་བ་རིན་པོ་ཆེ་བོད་ལ་ལོག་ཐུབ་པའི་ཆེད་དུ་ངས་རང་སྲེག་བྱེད་པར་བློ་ཐག་བཅད།
སྐལ་བཟང་སྐྱབས།—-རང་སྲེག་མ་བྱས་པའི་སྔོན་ལ་སྤུན་མཆེད་ལ་ཁ་པར་བཏང་དོན། “དེ་རིང་ངས་མི་རིགས་ལས་དོན་གྱི་ཆེད་དུ་རང་ལུས་མེ་ལ་བསྲེག་རྒྱུ་ཡིན”
བློ་བཟང་དགེ་འདུན།—-རང་སྲེག་སྔོན་ལ་ཁ་པར་བཏང་དོན། “ང་ལ་རེ་བ་ཉག་ཅིག་ཡོད་པ་ནི་ཆོལ་གསུམ་བོད་མི་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། ནང་འཁོན་ནང་འཁྲུག་མི་བྱེད་པ་དེ་ཡིན། འདིོ་ལྟར་བྱས་ན། ད་གཟོད་ང་ཚོའི་རེ་འདུན་མངོན་འགྱུར་བྱ་ཐུབ་རྒྱུ་རེད།”

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༣ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 2

  1. dorjee says:
    ལོ་ 13 སྔོན།

    རྒྱ་ཡིག་གི་མ་རྩོམ་འོག་ཏུ་དཔྱད་མཆན་རྩ་ཆེན་པོ་མང་པོ་ཞིག་འདུག དེ་བསྒྱུར་རྩོམ་འདིའི་འོག་ཏུ་རིམ་པ་བཞིན་བསྒྱུར་ཏེ་གཏོང་ཐུབ་ན་ཧ་ཅང་ཕན་པོ་ཡོངས་ས་རེད། ང་ཚོས་མི་རིགས་གཞན་པས་བོད་པའི་མེར་སྲེག་ཐོག་ག་རེ་བཤད་ཀྱི་ཡོད་པ་དང་། ལྟ་ཚུལ་གང་འདྲ་འཛིན་གྱི་ཡོད་མེད་ཐོག་ལ་གསན་ཞིབ་བྱེད་དགོས་པ་རེད།

    Reply
  2. རིགས་པ་ཅན། says:
    ལོ་ 13 སྔོན།

    བོད་ཡིག་ཐོག་བྲིས་པའི་རྩོམ་ཡིག་དོན་མེད་ལུང་གཏམ་བརྒྱ་ཕྲག་ལས། མི་རིགས་གཞན་པའི་སྐད་ཡིག་ནང་བྲིས་པའི་རྒྱ་རིགས་འདིའི་རྩོམ་ཡིག་གཅིག་ལ་ནང་དོན་དང་བྲོ་བ་གཉིས་ཀ་ཧ་ཅང་ཆེན་པོ་འདུག རིགས་པ་གཏོང་སྟངས་དང་དཔྱད་རྩོམ་འབྲི་སྟངས་རྦད་དེ་མ་འདྲ་བ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese