མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་མིས་ཨ་རིའི་རྒྱལ་དར་ལ་སྐྱབས་འཇུག

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཧུའུ་ཅིན་ཐའོ་ཡི་ཕ་ཡུལ་དུ་ཨ་རིའི་རྒྱལ་དར་འཕྱར་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག

ཕྱི་ཚེས་ ༡༣ ཉིན་དྲ་མིང་ལ་ཝང་ཆིན་ཧི་ཟེར་མཁན་ཞིག་གིས་ཞིན་ལཱང་ཝེ་པའོ་དྲ་བའི་སྟེང་། ད་ལྟའི་རྒྱ་དམར་རྒྱལ་ཁབ་ཀྱི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡི་ཕ་ཡུལ་ཅང་སུའུ་ཐའེ་ཀྲིག་ཏུ།  གྲོང་གསེབ་ཡུལ་མི་ཚོས་སོ་སོའི་ཁང་ཁྱིམ་གྱི་སྟེང་དུ་ཨ་རིའི་རྒྱལ་དར་འཕྱར་ཏེ།  རྒྱ་གཞུང་གིས་མང་ཚོགས་ཀྱི་ཁང་ཁྱིམ་དང་ས་ཞིང་བཙན་འཕྲོག་གིས་གནས་སྤོར་བྱེད་ཀྱིན་པར་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་དང་། དེ་བཞིན། དྲ་མིང་ལ་ཐེན་པའོ་པའོ་ཟེར་མཁན་ཞིག་གིས་ཀྱང་ཝེ་པའོ་དྲ་བའི་སྟེང་། གནས་ཚུལ་དེའི་སྐོར་གྱི་པར་རིས་བཀྲམས་ཡོད་པ་རེད།

ཝང་ཆིན་ཧི་ཡིས་གནས་འཕྲིན་དྲ་བའི་སྟེང་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་ས་ཁུལ་སོ་སོའི་ནང་རྒྱ་གཞུང་གིས་བཙན་དབང་འོག་ཡུལ་མི་གནས་སྤོ་བྱེད་བཅུག་པར་བརྟེན། ཁྱིམ་ཚང་མང་པོ་གནས་ས་འཆག་ས་མེད་པའི་དཀའ་སྡུག་གནས་སྟངས་འོག་ལྷུང་ཡོད་པ་མ་ཟད།  རྒྱ་ནག་གི་གཞི་རིམ་སྤྱི་ཚོགས་ཁྲོད་ཡིད་སྐྱོའི་དོན་རྐྱེན་སྣ་ཚོགས་སྔ་རྗེས་འབྱུང་བཞིན་ཡོད་དེ། མང་ཚོགས་ཀྱིས་གོང་རིམ་ལ་ཡིག་ངག་གཉིས་ཐོག་ནས་ཞུ་གཏུགས་དང་།  རྒྱ་སྲང་དུ་མགོ་བོ་ས་ལ་བརྡབས་ཏེ་ཕྱག་འཚལ་ཞུ་འབུལ་བྱེད་པ། སོ་སོའི་ཁང་ཁྱིམ་གྱི་སྟེང་རྒྱ་དམར་རྒྱལ་དར་བཙུགས་པ་དང་ངོ་རྒོལ་འཕྲེད་དར་འཕྱར་བ། ཐ་ན། རང་ལུས་མེར་བསྲེགས་དང་ལྕེབས་ཤི་རྒྱག་པ། རྡོ་སྣུམ་འཐུང་སྟེ་རང་ཤི་རྒྱག་པ། འགལ་རྫས་གཏོར་ཏེ་མི་ཁྱིམ་གཉིས་ཀ་ཤུལ་མེད་བཟོ་བ། རྒྱ་གཞུང་གི་དཔོན་རིགས་ཚོར་ཆེད་དུ་དགྲ་ཤ་ལེན་པ་སོགས་རྣམ་པ་འདྲ་མིན་གྱི་ངོ་རྒོལ་རིམ་པར་བྱུང་ཡོད་ཀྱང་། རྒྱ་གཞུང་གིས་སྣང་མེད་དུ་གཡུགས་ཏེ་མུ་མཐུད་བཙན་གནོན་བྱས་པར་བརྟེན། ཉེ་ཆར་རྒྱ་གཞུང་སྲིད་འཛིན་ཧུའུ་ཡི་ཕ་ཡུལ་ཅཱང་སུའུ་ཐའེ་ཀྲིག་ཏུ་ས་གནས་ཡུལ་མིས་སོ་སོའི་ཁང་ཁྱིམ་ཡང་སྟེང་དུ་ཨ་རིའི་རྒྱལ་དར་འཕྱར་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་ལ།  དེ་ནི་རྒྱ་གཞུང་གི་དབང་སྒྱུར་འོག་མི་དམངས་མང་ཚོགས་ལ་བདེ་ཐབས་ཀྱི་ལམ་ཁ་གང་ལྷག་མེད་སྟབས། ཨ་རིའི་རྒྱལ་དར་འཕྱར་ཏེ་ཨ་རིར་སྐྱབས་འཇུག་ཡིད་རྟོན་མི་ཞུ་ཐུ་མེད་ཆགས་པ་མཚོན་ཚུལ་བརྗོད་ཡོད་པ་རེད།  

ཨ་རིའི་རྒྱལ་དར་འཕྱར་དེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་དེ་བྱུང་རྗེས། དྲ་དམངས་ཀྱིས་བརྒྱུད་འགོད་བྱས་ཏེ་དུས་ཐུང་ནང་གནས་འཕྲིན་དྲ་རྒྱའི་སྟེང་དོ་སྣང་དང་གླེང་སློང་ཤུགས་ཆེན་པོ་བསླེབས་ཡོད་ལ།  དྲ་གྲོགས་ཤིག་གིས་ ཝེ་པའོ་གནས་འཕྲིན་དྲ་བའི་སྟེང་ “གལ་སྲིད་ང་རང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཅིག་ཡིན་ཚེ་སེམས་པ་ཧ་ཅང་སྐྱོ་ངེས་རེད།  རྒྱ་ནག་མི་དམངས་ཀྱིས་སོ་སོའི་ལུང་པར་སྐྱིད་སྡུག་ཞུ་ས་མ་རྙེད་པར་ཐབས་ཟད་འུ་ཐུག་གི་གནས་སུ་གྱར་ཏེ། ཨ་རིའི་རྒྱལ་ཁབ་ཀྱིས་སོ་སོར་དྲང་བདེན་དཔུང་རོགས་ཡོང་བའི་ཞུ་འབུལ་གནང་བཞིན་པ་འདིས། མང་ཚོགས་ཀྱི་སེམས་ནང་གི་རེ་བ་རྒྱག་ས་དང་སྐྱབས་འཇུག་ཞུ་ཡུལ་ནི་ཨ་རི་ཆགས་ཡོད་པ་མངོན་ཡོད།” ཅེས་བརྗོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

ཆུ་ཚོད་ ༣ སྔོན་ལ།
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

ཆུ་ཚོད་ ༥ སྔོན་ལ།
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist