མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཀྱི་ཞུ་གཏུག

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་བདུན་ཕྲག་གཅིག་ནང་བོད་མི་མང་སྤྱི་འཐུས་རྣམ་པས་རྒྱ་གར་གྲོང་ཁྱེར་གྷོ་རི་པུར་དང་ནུབ་བྷང་གྷིལ། ཨེན་ཌི་རཱ་མངའ་སྡེའི་ཧེ་དྲ་བྷ་ཏི་གྲོང་ཁྱེར་བཅས་སུ་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་བཞིན་འདུག

ཉིན་འདི་དག་རིང་བོད་མི་མང་སྤྱི་འཐུས་རྣམས་ཚོགས་ཆུང་གསུམ་དུ་ཆ་བགོས་ཀྱིས་རྒྱ་གར་མངའ་སྡེ་ཁག་ཏུ་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་བཞིན་པ་ལྟར། ཕྱི་ཚེས་ ༡༣ ཉིན་རྒྱ་གར་བྱང་ཕྱོགས་སྐོར་སྐྱོད་སྤྱི་འཐུས་རྣམ་པ་གྷོ་རཱ་པུར་གྲོང་ཁྱེར་དུ་འབྱོར་ཏེ། རྒྱ་གར་དབུས་གཞུང་གྲོས་ཚོགས་འཐུས་མི་དང་གུ་རོང་ན་ཐི་དགོན་པའི་བླ་ཆེན་ཡོ་གེ་ཨ་ཏེ་ཏེ་ན་ཏི། རྫོང་ཁག་དྲུག་གི་སྤྱི་ཁྱབ་རྫོང་དཔོན་ཏར་རཱ་བན་ཏར་ནེ་ཏི་བཅས་ལ་མཇལ་འཕྲད་དང་། ས་གནས་གསར་འགོད་པ་ ༣༠ བརྒལ་བར་བོད་དོན་ཐད་གསར་འགོད་གསལ་བསྒྲགས་བཅས་སྤེལ་ཡོད་ཅིང་། ཉིན་དེའི་ཕྱི་དྲོ་སྤྱི་འཐུས་རྣམ་པའི་སྣེ་ཁྲིད་འོག་ས་གནས་བོད་རིཊ་སུད་འཚོང་བ་བརྒྱ་སྐོར་ཙམ་ཞིག་འདུ་འཛོམས་ཐོག་མར་མེ་མཆོད་འབུལ་དང་། བོད་ནང་གི་གནས་སྟངས་ཐོག་མང་ཚོགས་ལ་གཏམ་བཤད་བཅས་སྤེལ་ཡོད་འདུག་ལ། ཕྱི་ཚེས་ ༡༤ ཉིན་སྤྱི་འཐུས་རྣམ་པ་རྩ་མཆོག་དྲུང་འབར་མའི་བླ་མ་ཡོ་གེ་ཞི་བ་དང་ས་གནས་རྫོང་དཔོན་ལས་རོཊ་བཅས་ལ་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་འདུག

དེ་བཞིན། ཕྱི་ཚེས་ ༦ ནས་ ༡༠ ཉིན་བར་བྱང་ཤར་སྐོར་སྐྱོད་སྤྱི་འཐུས་རྣམ་པས་ནུབ་བྷང་གྷིལ་མངའ་སྡེའི་སྲིད་སྐྱོང་དང་བློན་ཆེན། མངའ་སྡེའི་ཟས་རིཊ་བློན་ཆེན་། མངའ་སྡེའི་ཕྱོགས་འགལ་དམར་ཤོག་ཚོཊ་པ་དང་སྤྱི་ཚོཊ་མང་གཙོ་ཚོགས་པ་སོཊ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐོར་ཞིག་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་དང་། ཕྱི་ཚེས་ ༡༠ ཉིན་གྱི་ཕྱི་དྲོ་མངའ་སྡེའི་གྲོས་ཚོཊ་ཚོགས་གཙོ་སྐུ་ཞབས་བྷི་མན་བྷེ་ནར་ཇི་ (shri biman banerjee) ལཊ་ཀྱིས། སྤྱི་འཐུས་རྣམ་པ་ཁོང་གི་ལས་ཁུངས་སུ་གདན་ཞུས་གནང་ཡོད་པ་མ་ཟད། སྐབས་དེར་ཚོགས་གཙོ་མཆོག་གིས་བོད་མིང་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འགྲོ་སྟངས་ཐོག་རྒྱུས་ལོན་དང་འབྲེལ། མ་འོངས་པར་བོད་དོན་ཐོག་སྔར་ལས་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གཙང་མ་གནང་ཡོད་ལ། ཕྱི་ཚེས་ ༡༡ ཉིན་མོན་གྷལ་གྷ་ལི་རི་ཚོགས་ཁང་དུ་ས་གནས་འགོད་པ་ ༢༥ ཙམ་ལ་བོད་དོན་དྲིལ་བསྒྲགས་དང་། དེའི་རྗེས་ས་གནས་བོད་རིཊ་ཁ་ཆེ་དང་བོད་མི་སིལ་འཚོང་བ། ས་གནས་ཡུལ་མི་དང་སློབ་ཕྲུག་ ༢༠༠ བརྒལ་བར་རང་སྲེག་སྐོར་གྱི་གློག་བརྙན་གཟིགས་འབུལ་ཞུས་འདུག

ཕྱི་ཚེས་ ༩ ཉིན་ལྷོ་ཕྱོགས་སྐོར་སྐྱོད་སྤྱི་འཐུས་རྣམ་པ་ཨེན་ཌི་རཱ་མངའ་སྡེའི གྲོང་ཁྱེར་ཧེ་དྲ་བྷ་ཏི་ (Hyderabad) རུ་ཆེད་བསྐྱོད་ཀྱིས། འབྲེལ་ཡོད་དཔོན་རིགས་ཁག་ལ་མཇལ་འཕྲད་དང་ས་གནས་གསར་འགོད་པ་ ༢༠ ཙམ་ལ་བོད་ནང་གི་གནས་སྟངས་སྐོར་གསལ་བསྒྲགས། བོད་མིའི་རང་སྲེག་སྐོར་གྱི་གློག་བརྙན་བཅས་གཟིགས་འབུལ་ཞུས་ཡོད་ཅིང་། ཕྱི་ཚེས་ ༡༠ ཉིན་སྤྱི་འཐུས་ཚོས་གྲོང་ཁྱེར་ཨིན་ཌ་སྐྱེད་ཚལ་དུ་ས་གནས་མཐོ་སློབ་ཁག་ཏུ་སྐྱོད་བཞིན་པའི་བོད་རིགས་སློབ་ཕྲུག་དང་བོད་མི་སིལ་འཚོང་བ། ས་གནས་རྒྱ་གར་ཡུལ་མི་བཅས་ཀྱི་བོད་ཀྱི་སྣེ་ཁྲིད་དེ་མར་མེ་ཁྲོམ་སྐོར་ལས་འགུལ་ཞིག་སྤེལ་ཡོད་འདུག་ལ། ལས་འགུལ་སྐབས་བོད་མི་མང་སྤྱི་འཐུས་དང་རྒྱ་གར་ཆབ་སྲིད་མི་སྣ། མངའ་སྡེའི་གྲོས་ཚོགས་འཐུས་མི། གཞུང་འབྲེལ་མིན་པའི་སྐུ་ཚབ་འཐུས་མི་བཅས་ཀྱིས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་གཏམ་བཤད་སྤེལ་ཡོད་འདུག

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

Opening ceremony prayers. Photo Courtesy: Tibet.net
Mobile App

མོན་གྷོ་འདོད་རྒུ་གླིང་ནས་ཁྱིམ་ཚང་ ༤༠ ལ་སྡོད་ཁང་མཁོ་སྤྲོད་བྱས་འདུག

ཆུ་ཚོད་ ༡༥ སྔོན་ལ།
Director-General of the World Health Organisation (WHO) Dr. Tedros Adhanom Ghebreyesus attends the World Health Assembly at the United Nations in Geneva, Switzerland, May 21, 2023. (REUTERS/Denis Balibouse)
Mobile App

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐེངས་ ༧༦ པ་མཇུག་སྒྲིལ། 

ཆུ་ཚོད་ ༡༥ སྔོན་ལ།
Front Slider

ཉིན་གཉིས་རིང་གི་བཀའ་ཆོས་མཇུག་སྒྲིལ།

ཆུ་ཚོད་ ༡༦ སྔོན་ལ།
༧གོང་ས་མཆོག་གིས་བོད་པའི་སློབ་ཕྲུག་རྣམས་ལ་འཇམ་དཔལ་དབྱངས་ཀྱི་རྗེས་གནང་སྩལ་སྐབས། བོད་ཀྱི་དུས་བབ་ཀྱི་པར། པྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༣༡ ཉིན།
Mobile App

ཉིན་གཉིས་རིང་གི་བཀའ་ཆོས་མཇུག་སྒྲིལ།

ཆུ་ཚོད་ ༡༧ སྔོན་ལ།
དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད་པ། ༢༠༢༣།༠༥།༣༠ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད།

༢༠༢༣/༠༥/༣༠
ཡུན་ནན་ཐོང་ཧེ་རྫོང་ཁོངས་ཀྱི་ཁ་ཆེའི་ལྷ་ཁང་རྙིང་ཤོས་ནཱ་ཇཱ་ཡེན། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་ཁ་ཆེའི་ལྷ་ཁང་རྙིང་ཤོས་ཤིག་གཏོར་རྩིས་བྱས་ཏེ་གདོང་ཐུག་ཆེན་པོ་བྱུང་འདུག 

༢༠༢༣/༠༥/༣༠

མཆན། 2

  1. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 10 སྔོན།

    དོན་དམ་པའི་ལས་འགན་ལ་རྗེས་སུ་ཡི་རངས་ཞུ། ཧ་ཅང་ཡག་པོ་བྱུང་འདུག

    Reply
  2. ཤག་སྒང་པ། says:
    ལོ་ 10 སྔོན།

    སྤྱི་འཐུས་རྣམ་པ་འདི་ལྟར་འགུལ་ནས་བོད་དོན་འབྲེལ་མཐུད་འགྲེམས་སྤེལ་གནང་བ་ནི་ཤིན་ཏུ་དཔེ་བཟང་ངོ་།། ཐུགས་རྗེ་ཆེའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist