མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཇེ་མཁྲེཊ་ཇེ་སྡུག་ཏུ་སོང་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལཊ་ཀྱིས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ཐོག་མཐའ་བར་གསུམ་དུ་༸གོང་ས་མཆོག་སྐུ་གཤེཊ་རྒྱུར་ངང་སྒུག་བྱེད་པ་རང་ཡིན་སྟབས། རྒྱ་ནག་གི་སྲིད་འཛིན་གསར་པ་ཞིས་ཅིན་ཕིན་ལའང་རེ་བ་རྒྱག་རྒྱུ་མེད་ཚུལ་བརྗོད་བྱུང་།

            ཉེ་ཆར་འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་རྒྱ་ཡིག་སྡེ་ཚན་གྱི་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལཊ་ལགས་དང་ལྷན་དུ། ཉེ་ལམ་གསར་དུ་བསྐོ་བཞག་བྱས་པའི་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་གྱི་འདས་པའི་བདུན་ཕྲག་འགའི་རིང་གི་བཤད་སྤྱོད་ལ་གཞིགས་ཏེ། རྒྱ་ནག་གཞུང་གི་རྩ་བའི་ཆབ་སྲིད་ལངས་ཕྱོགས་ལ་བཅོས་བསྒྱུར་དང་གུ་ཡངས་འགྲོ་མིན་དང་། མ་འོངས་པར་བོད་ཐོག་འཛིན་པའི་སྲིད་བྱུས་ཡག་སྡུག་གང་འདྲ་འབྱུང་མིན་སྐོར་ལ་བཅར་འདྲིའི་ཚུལ་དུ་གླེང་མོལ་བྱས་ཡོད། 

            སྐུ་ཞབས་སངས་རྒྱས་སྐྱབས་ལཊ་ཀྱིས་བརྗོད་པ་ལྟར་ན། དེང་སྐབས་རྒྱ་ནག་ཉམས་ཞིབ་པ་མང་པོ་ཞིག་གིས་ཉེ་ལམ་སྲིད་འཛིན་ཞིས་ཅིན་ཕིན་གྱི་གཏམ་བཤད་སྤེལ་བ་ཁག་ལ་ཕྱོཊ་གཉིས་ནས་འགྲེལ་བཤད་རྒྱག་གི་ཡོད་པ་དང་། ཕྱོཊ་གཅིག་གིས་ཞིས་ཅིན་ཕིན་གྱི་གཏམ་བཤད་ཁག་ཏུ་ལྟ་བ་གུ་ཡངས་པོའི་སྐད་ཆང་མང་པོ་ཐོན་ཡོད་སྟབས་མ་འོངས་པར་རྒྱ་ནག་ནང་འགྱུར་བ་འགྲོ་སྲིད་པ་དང་། ཕྱོཊ་གཞན་པས་ཞིས་ཅིན་ཕིན་གྱི་སྲིད་འཛིན་ལས་ཡུན་རིང་རྒྱ་ནག་ནང་འགྱུར་བ་གང་ཡང་འགྲོ་མི་ཐུབ་པའི་འགྲེལ་བཤད་རྒྱག་གི་ཡོད་ཅིང་། ཁོང་སྒེར་ངོས་ནས་ཞིས་ཅིན་ཕིན་གྱི་ལས་ཡུན་རིང་ཆབ་སྲིད་ཐོག་བཅོས་བསྒྱུར་གང་ཡང་འགྲོ་རྒྱུ་མིན་སྐོར་བརྗོད་བྱུང་།

            ཁོང་གིས་མུ་མཐུད་དུ་བརྗོད་ན། རྒྱ་ནག་ནང་ཆབ་སྲིད་བཅོས་བསྒྱུར་དང་སྲིད་བྱུས་གུ་ཡངས་འགྲོ་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་གཅིག་འདས་པའི་ལོ་ངོ་ ༦༠ ལྷག་རིང་རྒྱ་ནག་དམར་ཤོག་ཚོཊ་པའི་མགོ་ཁྲིད་ཚོས་རང་གི་ཁེ་ཕན་ཆེད་དབང་ཆ་སྒེར་གཅོད་བྱས་ཏེ་མང་ཚོཊ་ལ་དྲག་གནོན་རྐྱང་རྐྱང་གིས་དུས་ཚོད་བསྐྱལ་ཡོད་པ་དང་། དམར་ཤོག་ཚོཊ་པ་དེ་ཁེ་ཕན་ཁོ་ན་ཟ་མཁན་གྱི་ཚོཊ་པ་ཞིག་ཆགས་ཡོད་སྟབས། གལ་སྲིད་ཆབ་སྲིད་བཅོས་བསྒྱུར་བཏང་ཚེ་དམར་ཤོག་ཚོཊ་པས་སྲིད་དབང་འཛིན་རྒྱུ་མཚམས་འཇོག་དང་། དམར་ཤོག་དཔོན་རིཊ་དག་གི་ཁེ་ཕན་འགག་འགྲོ་བ་མ་ཟད། དམར་ཤོག་ཚོཊ་པའི་ཚོཊ་མི་དང་ཁོང་ཚོའི་དགའ་ཉེ་གྲོགས་པོ་མང་དག་ཅིག་གི་ཁེ་ཕན་ཡང་ཤོར་འགྲོ་བཞིན་ཡོད་ཚུལ་བརྗོད་བྱུང་།

            བོད་ཐོག་འཛིན་པའི་སྲིད་བྱུས་སྐོར་ལ་སངས་རྒྱས་སྐབས་ལགས་ཀྱིས་འདི་ལྟར་བརྗོད་བྱུང་། “བོད་ཀྱི་བཞུཊ་མོལ་ཚོཊ་འདུ་ཐེངས་ ༥ པའི་ཐོག་རྒྱ་གཞུང་གིས་བོད་ཐོག་སྲིད་བྱུས་གང་འདྲ་འཛིན་མིན་གཏན་འབེབས་བྱས་ཡོད་ཅིང་། ཚོཊ་འདུ་དེར་རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐའོ་དང་ཆབ་སྲིད་རྒྱུན་ལས་གཙོས་མཐོ་རིམ་དཔོན་རིཊ་ ༣༠༠ ལྷག་དང་། ད་ལྟའི་སྲིད་འཛིན་ཞིས་ཅིན་ཕིན་དང་སྲིད་བློན་ལིས་ཁི་ཆང་བཅས་ཀྱང་མཉམ་ཞུཊ་ཀྱིས་གྲོས་ཆོད་དེར་ངོས་ལེན་རྒྱབ་སྐྱོར་ཡོད་སྟབས། ཞིས་ཅིན་ཕིན་དང་ལིས་ཁི་ཆང་སོཊ་རེ་ཟུང་ལ་ཆབ་སྲིད་བཅོས་བསྒྱུར་གྱི་བསམ་བློ་ཡོད་ཀྱང་ལག་ལེན་བསྟར་ཐབས་ཡོད་པ་མ་རེད། ལྷག་པར་དུ་ཉེ་ལམ་རྒྱ་ནག་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་ཆེས་མཐོའི་ཞིབ་དཔྱོད་ཁང་། ཉེན་རྟོག་ཁང་སོཊ་ཀྱིས་རང་ལུས་མེར་བསྲེཊ་གཏོང་བ་ཁྲིམས་འགལ་ཡིན་པའི་སྒྲིག་གཞི་གཏན་འབེབས་དང་། མེར་བསྲེཊ་གཏོང་མཁན་ཚོར་རོཊ་པ་བྱེད་མཁན་དང་མྱ་ངན་དུ་སྐྱོད་མཁན་བཅས་ལའང་མི་གསོད་ཉེས་འཛུགས་བྱས་པ་དེས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཇེ་མཁྲེཊ་ཇེ་སྡུག་ཏུ་སོང་བ་མཚོན་ཡོད” ཅེས་བརྗོད་བྱུང་།

            ཁོང་གིས་མུ་མཐུད་དུ་བརྗོད་པ་ལྟར་ན། སྔོན་མ་ཧུའུ་ཡོ་པང་གིས་བོད་ཐོག་གུ་ཡངས་སྲིད་བྱུས་བཏོན་ཏེ་མཐར་ཁོང་གོ་གནས་ལས་ཟཊ་ཡོད་སྟབས། བོད་མི་ཚོས་རྒྱ་ནག་ཁྱོན་ཡོངས་ཀྱི་གནས་སྟངས་ལ་བལྟ་དགོས་པ་ལས། རྒྱ་ནག་མགོ་ཁྲིད་གཙོ་བོ་རེ་ཟུང་ལ་གུ་ཡངས་བསམ་བློ་འདུག་ཟེར་ནས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་འགྲོ་རྒྱུར་རེ་བ་བཅངས་ན་ནོར་འཁྲུལ་ཡིན་པ། གཞན། རྒྱ་གཞུང་གིས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་ནི་ཐོག་མཐའ་བར་གསུམ་དུ་༸གོང་ས་མཆོག་སྐུ་གཤེགས་པའི་ཉིན་མོར་ངང་སྒུག་བྱ་རྒྱུ་དེ་རང་ཡིན་ཡང་། བོད་མིའི་སྒྲིག་འཛུཊ་ཀྱིས་ཞིས་ཅིན་ཕིན་གྱི་སྐབས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་མཚམས་འཇོག་གིས་བོད་རྒྱ་མི་རིཊ་གཉིས་ཀྱི་ཁེ་ཕན་གཞིར་བཞག་སྟེ་དོན་ལྡན་པའི་འབྲེལ་མོལ་བསྐྱར་གསོ་དགོས་རྒྱུ་རེ་བ་རྒྱག་གི་ཡོད་སྐོར་བརྗོད་བྱུང་།

            ཡང་ཁོང་ལ་རྒྱ་ནག་དཔོན་རིཊ་ནང་ཁུལ་གྱི་དབང་ཆ་འཐབ་རྩོད་ཁྲོད་རྒྱ་ནག་འགྱུར་བ་འགྲོ་སྲིད་མིན་སྐོར་དྲིས་སྐབས། དབྱེ་ཞིབ་པ་མང་པོ་ཞིག་གིས་ད་ལྟའི་རྒྱ་ནག་ཆབ་སྲིད་ཅུའུ་རྒྱུན་ལས་མི་ ༥ ཅང་ཙེ་མིན་གྱི་ཕྱོཊ་གཏོཊ་ཡིན་པ་དང་། ཅང་གིས་ལོ་ ༢ རིང་དམག་གི་དབང་ཆ་ཧུའུ་ལ་མ་སྤྲད་པ་དེས། ད་ཐེངས་ཧུའུ་ཡིས་ཞིས་ལ་དམག་གི་དབང་ཆ་ཆ་ཚང་རྩིས་སྤྲོད་བྱས་ཏེ་ཅང་ལ་ནག་པོ་བཟོས་པ་དང་། ད་སྔ་མཐོ་རིམ་དཔོན་རིཊ་ནང་འགལ་ཟླ་ཆེན་པོ་ཡོད་ཀྱང་། ལྟ་བ་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ཡོད་པ་ལས། མཐུན་པའི་ཆ་ནི་གཅིག་གྱུར་གྱི་དམར་ཤོག་ལྟ་བའི་ཐོག་དབང་ཆ་མུ་མཐུད་འཛིན་རྒྱུ། དབང་ཆ་བེད་སྤྱོད་ཀྱིས་ཁེ་བཟང་ཟ་རྒྱུ། དམར་ཤོག་ནང་ཁུལ་དུ་འགལ་ཟླ་བྱུང་སྟེ་དམར་ཤོག་སྒྲིག་འཛུཊ་ཁ་ཐོར་དུ་མི་འགྲོ་རྒྱུ་དེ་ཡིན་ཞིང་དང་། མི་མཐུན་པའི་ཆ་ནི། སོ་སོའི་རྒྱལ་ཁབ་དང་མི་རིཊ། མི་དམངས་ཀྱི་ཁེ་ཕན་དང་མདུན་ལམ་ཐོག་བསམ་བློ་གཏོང་ཐུབ་མཁན་སྐོར་ཞིག་གིས་ཆབ་སྲིད་བཅོས་བསྒྱུར་གཏོང་རྒྱུ་དེ་ཡིན་པ་དང་། དེ་གཉིས་ཀ་མིན་པ་ནི། རྒྱ་ནག་མང་ཚོཊ་ཀྱིས་གཞུང་ལ་ངོ་རྒོལ་བྱས་ཏེ་གཞུང་མགོ་རྟིང་སློག་དགོས་ཀྱི་དེ་ཡིན་ཚུལ་བརྗོད།

            སངས་རྒྱས་ལཊ་ཀྱིས་ཉེ་ལམ་རྒྱ་ནག་གི་བརྒྱུད་ལམ་ཁག་ཅིག་ཏུ། རྒྱ་ནག་དམར་ཤོག་ཚོཊ་པའི་མགོ་ཁྲིད་ཚོས་གཞི་རིམ་དུ་སྐྱོད་སྐབས་མང་ཚོཊ་ཁྲོད་སྐད་ཆ་གང་བྱུང་བཤད་མི་ཆོག་པ་དང་རྒྱས་སྤྲོས་བྱེད་མི་ཆོག་པ། ལྐོག་ཟ་བྱེད་མི་ཆོག་པ། སྲིད་གཞུང་ལས་མི་དམངས་གལ་ཆེན་ཡིན་ཚུལ་གྱི་སྐད་ཆ་འདྲ་ཆཊ་པོ་མང་པོ་ཞིག་བཤད་ཡོད་ཀྱང་། རྒྱ་གཞུང་གིས་སོ་སོ་མི་དམངས་དེ་འདྲའི་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད་ན། དོན་དམ་ཐོག་རྒྱ་ནག་དམངས་གཙོར་འགྱུར་དགོས་ངེས་ཤིག་ཡིན་ཡང་། དེ་ལས་ལྡོག་སྟེ་ད་ཆར་རྒྱ་ནག་ནང་ཆ་སྙོམས་མི་སེར་ ༢༦ རེ་ཡིས་དཔོན་པོ་གཅིག་རེ་གསོ་དགོས་ཀྱི་ཡོད་པ་དང་། ད་ཆར་ཕྱིའི་རྣམ་པའི་ཐོག་ནས་ཞིས་ཅིན་ཕིན་གྱི་དབང་ཆ་བདེ་འཇཊ་ངང་འགྲོ་བཞིན་པ་ཞིག་ཏུ་མཐོང་ཞིང། ལྐོག་ཟ་རུལ་སུངས་ཐད་ཝུན་ཇ་པའོ་ཡི་ནང་མིར་ཨ་སྒོར་དུང་ཕྱུར་ ༢༧ ཡོད་པ་དེར་ཞིབ་འཇུག་བྱེད་ཐབས་མེད་པ་ཞིག་དང་། རྒྱ་ནག་ནང་ལྐོག་ཟ་མི་བྱེད་པའི་དཔོན་རིཊ་ཧ་ལམ་མེད་པའི་གནས་སྟངས་འོག་བཅོས་བསྒྱུར་ནི་རྩ་བ་ནས་ཡོང་ཐབས་མེད་པ་ཞིག་ཆཊ་ཡོད་བཅས་སོགས་བརྗོད་བྱུང་།

            ད་ལྟའི་དམར་ཤོག་སྒྲིག་འཛུཊ་ཀྱི་དཀའ་ངལ་ཆེ་ཤོས་རྒྱ་ནག་ནང་ཁུལ་གྱི་འགལ་བ་དང་མང་ཚོཊ་ཀྱིས་གཞུང་ལ་ངོ་རྒོལ་བྱས་ཏེ་གཞུང་མགོ་རྟིང་སློག་སྲིད་པའི་ཉེན་ཁ་དེ་ཆགས་ཡོད་ཚུལ་བརྗོད་བྱུང་།

གསར་འགོད་པ། དཔལ་ལྡན།

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    གཞན་ཡང་། ལྷོ་ཕྱོགས་གཟའ་མཇུག་གསར་ཁང་གི་དོན་རྐྱེན་ཐག་གཅོད་ཁྲོད་མཉམ་ཞུགས་བྱེད་མཁན་དམར་གཞུང་འབྲེལ་ཡོད་མི་སྣ་ཞིག་གིས་བརྗོད་པ་ལྟར་ན། ལིག་ཡོན་ཧྲན་གྱིས་ངོ་རྒོལ་བྱེད་མཁན་རྩོམ་སྒྲིག་པ་དང་གསར་འགོད་པ་རྣམས་ལས་གནས་ནས་ཕྱིར་ཕུད་གཏོང་དགོས་པའི་བསམ་ཚུལ་བཏོན་ཡོད་ཀྱང་། ཞི་ཅིན་ཕེན་གྱིས་འབྲེལ་ཡོད་རྩོམ་སྒྲིག་པ་དང་གསར་འགོད་པ་རྣམས་ལས་གནས་ནས་འཕུད་མི་དགོས་པ་བརྗོད་ཡོད་འདུག ་་་་་་ཟེར་བ་འདིས་རེ་བ་རྩ་བ་ནས་མེད་པ་ཨ་ཡིན་ནམ།

    Reply
  2. ཤར་མདའ། says:
    ལོ་ 14 སྔོན།

    སངས་རྒྱས་སྐྱབས་ལགས་ཀྱིས་གསུང་པ་ནང་བཞིན་རྒྱ་ནག་དམར་ཕྱོགས་ཀྱི་མགོ་ཁྲིད་ཁག་ལ་འགྱུར་བ་ཅུང་ཙམ་སོང་ཡོད་ན་ཡང་གཙོ་བོ་དམར་ཕྱོགས་གཞུང་གི་ལམ་ཕྱོགས་འཛིན་སྟངས་འདི་ལ་འགྱུར་བ་འགྲོ་སྲིད་པ་ཞིག་མ་རེད།གང་ཡིན་ཟེར་ན་གཙོ་བོ་དམར་ཕྱོགས་ཚོགས་པའི་མགོ་གཙོ་ཚོས་རང་ཉིད་ཀྱི་ཁེ་ཕན་སོགས་ཀྱི་ཆེད་དུས་ནམ་ཡང་གུ་ཡངས་སུ་འགྲོ་མི་སྲིད་པ་ཞིག་རེད་གང་ལྟར་རྒྱ་ནག་ནང་དུ་འགྱུར་བ་འགྲོ་དགོས་ན་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དགོས་པ་རེད་དེ་མེད་པར་དུས་ནམ་ཡང་གུ་ཡངས་སུ་འགྲོ་མི་སྲིད་པ་ཞིག་རེད།   དེ་འདྲ་ཡིན་དུས་

    Reply
  3. འཇམ་གཅེས ། says:
    ལོ་ 14 སྔོན།

    ངོ་མ་བདེན་པ་རེད། ཞིབ་འཇུག་ཡག་པོ་གནང་འདུག །བོད་རེ་བའི་ཕུང་སེར་སྲོལ་ཡོད་པ་བཞིན་ང་ཚོས་ངོས་ནས་ལི་དང་ཞེ་གཉིས་ལ་རེ་བ་ཚད་ལས་རྒལ་བ་རྒྱག་མཁན་མི་ཉུང་བ་ཞིག་དོན་ཡོང་གི་འདུག། འདི་ནི་མཐོང་ཐོས་ཉུང་སོང་བས་སྐྱོན་ལས་ཆབ་སྲིད་པ་ཞིག་གིས་རྣམ་དཔྱོད་གང་ཡང་མིན། དེ་ལས་རང་རང་སོ་སོའི་ཆོས་དང་རིགས་གཞུང་། ཡུལ་གོམས་གཤིས་ལུགས་སོགས་ལ་ཧུར་བརྩོན་གནང་དགོས་པ་ནི་གནད་ཀྱི་དོན་པོ་རང་ཡིན་པས་ཚང་མའི་ཧུར་བརྩོན་གནང་དགོས། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese