མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིས་སྟོང་བཅུ་གཉིས་ལོར་བོད་མི་ ༢༧༩ འཇུ་བཟུང་བྱས་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ ༢༠༡༢ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ་ཕྱིར་བསྒྲགས་དང་འབྲེལ་ཏེ། རྒྱ་གཞུང་གིས་ཉིས་སྟོང་བཅུ་གཉིས་ལོར་བོད་ནང་གི་བོད་མི་ ༢༩ ལ་ཁྲིམས་ཐག་བཅད་ཡོད་ཟེར།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ངྷ་ས་བོད་ཁྱིམ་ཉིན་སློབ་ཚོགས་ཁང་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ༢༠༡༢ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་ཞིག་བོད་དབྱིན་གཉིས་ནང་པར་སྐྲུན་ཕྱིར་བསྒྲགས་བྱས་ཡོད་ལ། དབྱིན་ཡིག་གི་སྙན་ཐོ་དེར་ཤོག་གྲངས་ ༡༠༨ དང་བོད་ཡིག་གི་སྙན་ཐོ་དེར་ཤོག་གྲངས་ ༨༠ ། དེ་བཞིན་ ༢༠༡༢ ལོའི་བོད་ནང་གི་ཆོས་དད་རང་དབང་གི་དམ་དྲག་སྐོར་ལ་དབྱིན་ཡིག་ཐོག་ཤོག་གྲངས་ ༡༤༨ ཅན་གྱི་དམིགས་བསལ་སྙན་ཐོ་ཞིག་ཀྱང་བཏོན་ཡོད།

ལོ་འཁོར་སྙན་ཐོའི་ནང་ ༡༽སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་། ༢༽གང་བྱུང་འཇུ་བཟུང་དང་བཀག་ཉར། གར་སོང་ཆ་མེད། ༣༽མནར་གཅོད། ༤༽ དྲང་བདེན་མིན་པའི་ཁྲིམས་ཆད། ༥༽ཆོས་དད་རང་དབང་སོགས་ལ་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་ཡིན་འདུག་ལ། ཆོས་དད་རང་དབང་ལ་དམ་དྲག་སྐོར་གྱི་དམིགས་བསལ་སྙན་ཐོ་དེ་ཕྱི་ཚེས་ ༡༤ ཉིན་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་ལ་ཕུལ་ཡོད་པའི་ཐད་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་ “སྙན་ཐོ་ཕུལ་རྗེས་དམིགས་བསལ་སྐུ་ཚབ་ཀྱིས་སྙན་ཐོ་ལག་འབྱོར་བྱུང་ཡོད་ཚུལ་དང་། སྙན་ཐོ་དེ་ཕུལ་བར་ཐུགས་རྗེས་ཆེ། ང་ཚོས་སྙན་ཐོའི་ཐོག་ལག་ལེན་བསྟར་ངེས་ཞེས་གསུངས་བྱུང་” ཟེར།

ཐེངས་འདིའི་གསར་འགོད་གསལ་བསྒྲགས་སྟེང་། ༢༠༡༢ ལོ་ནི་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་བོད་མིའི་འཐབ་བརྩོད་ཀྱི་ལོ་ཞིག་དང་། རྒྱ་གཞུང་གིས་སྒོ་ཀུན་ནས་དམ་དྲག་དང་ལྷག་པར་དུ་ཆབ་སྲིད་ཐད་དམ་དྲག་དོ་དམ་ཤུགས་ཆེ་རུ་བཏང་སྟེ། རྡུང་རྡེག་ཚ་ནན་གཏོང་པའི་ཐབས་ལམ་དང་བྱ་ཐབས་སྤྱད་ནས་སྤྱི་ཚོགས་བརྟན་བརླིང་དང་། གནས་ཚུལ་ཆེ་འབྲིང་ཆུང་གསུམ་མི་ལྷག་པའི་རྩ་དོན་སྟེང་བོད་མི་ཕར་འགྲོ་ཚུར་འོང་ཐད་བཀག་སྡོམ་ཉེན་ཟོན་དམ་དྲག་ཞིབ་བཤེར་སོགས་དྲག་ཆས་ཉེན་རྟོག་དང་སྤྱི་བདེ་ཉེན་རྟོག་པའི་སྐོར་སྲུང་འོག་བོད་མི་རྣམས་འགྲོ་སྡོད་སྤྱོད་ལ་རང་དབང་མེད་པར་གྱུར་ཡོད་སྐོར་བརྗོད་སོང་།

འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། ༢༠༠༩ ལོ་ནས་ད་བར་བོད་ནང་བོད་མི་ ༩༥ དང་ལྷག་པར་དུ་ ༢༠༡༢ ལོར་བོད་མི་ ༨༢ ཀྱིས་རྒྱ་གཞུང་གི་མཁྲེགས་འཛིན་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་ནི་འདས་པའི་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ཞིག་དང་། དེའི་རྒྱུ་རྐྱེན་ནི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དང་བྱ་ཐབས་རྣམས་བོད་ཀྱི་དངོས་ཡོད་གནས་སྟངས་དང་མི་འཚམ་པ། བོད་མིའི་མངོན་འདོད་དང་མི་མཐུན་བཞིན་དུ་བཙན་འགེལ་བྱེད་པ་ལས་བྱུང་པ་ཞིག་དང་། མི་དམངས་ལ་འགན་མི་འཁུར་པ་དང་ཚེ་སྲོག་ལ་རིན་ཐང་མི་བརྩི་བའི་རྒྱ་ནག་གཞུང་གིས། བོད་མིར་གཅར་རྡུང་དང་དྲག་ཤུགས་ཀྱིས་ཁ་གཏད་བཅག་ཅིང་། རང་ལུས་མེར་བསྲེགས་གཏོང་མཁན་འདས་པོ་ཚོའི་ཕུང་པོ་ཡང་ཐར་པ་མི་གཏོང་བར་བཙན་འཕྲོག་གིས་ནང་མི་གཉེན་ཉེ་ལ་མི་སྤྲོད་པར་བཙན་ཁྱེར་གྱིས་མེད་པར་བཟོ་བཞིན་པ་སོགས་མི་ཆོས་ལས་འགལ་བའི་བྱ་སྤྱོད་སྤེལ་གྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད།

ཁོང་གིས་མུ་མཐུད་རྒྱ་ནག་གཞུང་གི་ཁྲིམས་སྒྲིག་ཕལ་ཆེ་བར་མིང་སྙན་པོ་དང་འདྲ་ཆགས་པོ། ལྷག་པར་དུ་བོད་དང་གྲངས་ཉུང་མི་རིགས་ཐད་གཏན་འབེབས་བྱས་པའི་ཁྲིམས་སྒྲིག་དག་ཕྱི་ཕྱོགས་ལ་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་དམངས་ཁེ་ཕན་ཆེད་ཡིན་པར་བསྒྲགས་ཀྱི་ཡོད་ཀྱང་། དོན་དངོས་ཐོག་ “རྒྱ་ནག་གི་ཁྲིམས་མང་པོ་ཞིག་ཁྲིམས་འགལ་ཆགས་འདུག ”ཅེས་དང་། ཐེངས་འདིའི་སྙན་ཐོའི་ནང་རྒྱ་ནག་གི་ཁྲིམས་སྒྲིག་གི་ཐོབ་ཐང་དང་ལག་ལེན་གྱི་གནས་སྟངས། དེ་དག་རྒྱལ་སྤྱིའི་ཁྲིམས་དང་ཇི་ལྟར་འགལ་གྱི་ཡོད་པ་གཤིབ་བསྡུར་ཁ་གསལ་བཟོས་ཡོད་པར་བརྗོད་སོང་།

ཡང་ཚེ་རིང་མཚོ་མོ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་ཚོ་འཇིགས་སྐུལ་བ་ཡིན་པར་བརྗོད་བསྡད་ན་དུས་ནམ་ཡང་དཀའ་རྙོག་སེལ་ཐབས་མེད་པས། དེ་ལས་རང་ལུས་མེར་བསྲེགས་ཀྱི་རྒྱུ་རྐྱེན་དངོས་ལ་རྒྱ་གཞུང་གིས་ཞིབ་འཇུག་ཡག་པོ་བྱས་ཏེ། དཀའ་རྙོག་སེལ་ཐབས་བྱ་དགོས་པའི་འབོད་སྐུལ་ཞུས་སོང་།

གསར་འགོད་གསལ་བསྒྲགས་སྐབས། ༢༠༡༢ ལོར་བོད་ནས་བཙན་བྱོལ་དུ་ཡོང་མཁན་བོད་མི་ ༣༧༤ ལས་བྱུང་མེད་པ་དང་། དེ་ནི་ལོ་སྔོན་མ་དང་བསྡུར་ན་ལྡབ་གཅིག་ལྷག་ཉུང་དུ་ཕྱིན་ཡོད་ཅིང་། དེ་ཡི་རྒྱུ་མཚན་གཙོ་བོ་ལོ་རེ་བཞིན་བོད་ནང་དམ་དྲག་ཆེ་རུ་འགྲོ་པར་བརྟེན་བལ་བོད་ས་མཚམས་སོགས་ལའང་དམ་དྲག་ཆེ་རུ་བཏང་རྐྱེན། བོད་མི་བྲོས་བྱོལ་དུ་ཡོང་མཁན་ཚོར་སྔར་བས་དཀའ་ངལ་ཆེན་པོ་ཆགས་ཀྱི་ཡོད་པ། བྲོས་བྱོལ་དུ་ཡོང་མཁན་མང་པོ་ཞིག་ས་མཚམས་ཁག་ནས་འཇུ་བཟུང་དང་བཙོན་འཇུག་བཀག་ཉར་བྱེད་ཀྱི་ཡོད་པ་བཅས་ལ་བརྟེན་བོད་མི་བཙན་བྱོལ་དུ་འབྱོར་མཁན་ཧ་ཅང་ཉུང་ཉུང་ལས་ཐར་ཐུབ་ཀྱི་མེད་སྐོར་བསྒྲགས་སོང་།

ལྟེ་གནས་ཁང་གིས་སྤེལ་པའི་སྙན་ཐོའི་ནང་། ད་སྔ་བོད་མི་ཆབ་སྲིད་བཙོན་པ་ ༩༨༨ བཙོན་འོག་ཏུ་ཡོད་པ་དང་། ༢༠༡༢ ལོ་གཅིག་པུའི་ནང་བོད་མི་ ༢༧༩ འཇུ་བཟུང་འོག་ཚུད་པ་ལས་བོད་མི་ ༢༩ ལ་ཁྲིམས་ཐག་བཅད་ཡོད་པ་ཤེས་རྟོགས་ཐུབ་ཡོད་པར་གསལ་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་ ལྟེ་གནས་ཁང་གིས་སྤེལ་པའི་སྙན་ཐོའི་ནང་། ད་སྔ་བོད་མི་ཆབ་སྲིད་བཙོན་པ་ ༩༨༨ བཙོན་འོག་ཏུ་ཡོད་པ་དང་། ༢༠༡༢ ལོ་གཅིག་པུའི་ནང་བོད་མི་ ༢༧༩ འཇུ་བཟུང་འོག་ཚུད་པ་ལས་བོད་མི་ ༢༩ ལ་ཁྲིམས་ཐག་བཅད་ཡོད་པ་ཤེས་རྟོགས་ཐུབ་ཡོད་པར་གསལ་འདུག ་་་ཟེར།

    Reply
  2. ཟླ་བ། says:
    ལོ་ 14 སྔོན།

    མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ཚང་གི་ལོ་རྒྱུས་སྐོར་ངས་ཀྱང་གང་ལ་གང་འཚམས་ཞིག་གོ་མྱོང་ཡོད། ཉེ་ཆར་ལྟེ་གནས་ཁང་གི་ཉམས་ཞིབ་པ་འཇམ་དཔལ་སྨོན་ལམ་ཨ་རིར་ཕྱིན་པའི་འགྲོ་ལུགས་འགྲོ་སྟངས་སྐོར་ཡང་སྤྱི་ཚོགས་ནང་ནས་མང་པོ་ཞིག་གོ་ཡོང་གི་འདུག དེ་དག་ཐམས་ཅད་འདས་ཟིན་པ་ཡིན་པས་བསྐྱར་དུ་མི་གླེང་ནི་བྱེད་ན་ཡག་གི་རེད། དེ་བས་ད་རེས་ཀྱི་ལོ་འཁོར་ལས་བསྡོམས་སྙན་ཐོ་དེའི་ནང་ད་མང་པོ་ཞིག་བཀོད་ཡོད་པ་དེ་ལ་ཁུངས་སྐྱེལ་ར་སྤྲོད་ཅི་ཙམ་ཡོད་མེད་ལ་དོགས་པ་ཆེན་པོ་ཡོད། ལྷག་པར་དུ་2012་ལོར་བོད་ནང་གི་བོད་མི་གྲངས་༢༧༩ ་ཙམ་འཇུ་བཟུང་བྱས་ཡོད་པའི་སྐོར་དང་དུས་བཀག་ཁྲིམས་ཆད་བཅད་ཟིན་པ་གྲངས་༢༩ཞིག་བཀོད་ཡོད་པ་དེར་ཁུངས་སྐྱེལ་ར་སྤྲོད་གསལ་བོ་དགོས། གསར་འགྱུར་ནང་གི་གནས་ཚུལ་ཙམ་བསྡུ་རུག་བྱས་ཏེ་ཁ་ཆེན་པོ་སྡིངས་ཏེ་བཤད་ན་འགྲིག་གི་ཡོད་པ་མ་རེད་དྲན་ཡོད།

    Reply
  3. བསྟན་འཛིན་བསོད་ནམས། says:
    ལོ་ 14 སྔོན།

    ངས་དེ་རང་སྐད་ཆ་གསལ་བོ་བྱས་ཏེ་ཞུ་འདོད་པ་བྱུང་སོང་། བོད་མིའི་སྒྲིག་འཛུག་དང་བཙན་བྱོལ་མང་ཚོགས་ཀྱིས་གསལ་བོར་ཧ་གོ་དགོས་པ་ཞིག་ལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ཟེར་པའི་ལས་ཁུངས་འདི་ཐོག་མ་དབུ་བརྙས་ནས་ད་ལྟའི་བར་དུ་ལས་དོན་གྲུབ་འབྲས་ཅན་སྣ་གཅིག་ཀྱང་སྟོན་རྒྱུ་མེད། སྔོན་མ་སྐབས་མཚམས་རེར་བོད་ནང་དུ་གནས་ཚུལ་ཆེན་པོ་རེ་བྱུང་སྐབས་གངས་སྐྱིད་འགྲོ་བ་མིའི་ཐོབ་ཐང་ཚང་གིས་གསར་འགོད་ལྷན་ཚོགས་སྐྱངས་པ་དང་གསར་འགོད་པ་མང་པོ་ཞིག་ཀྱང་ཁོང་ཚང་དུ་འཚང་ཁ་བརྒྱབ་སྟེ་བཅར་འདྲི་བྱེད་པའི་ལུགས་སྲོལ་ཞིག་ཡོད་མོད། བར་སྐབས་ཤིག་ནས་གནས་ཚུལ་དེ་རྦད་དེ་ཆད་སོང་ལ་སྐབས་དེ་ཤེད་ཅིག་ནས་འགྲོ་བ་མིིའི་ཐོབ་ཐང་ཚང་ལ་གོ་རྒྱུ་ཚོར་རྒྱུ་གང་ཡང་མེད་པར་གྲག་མེད་དུ་གྱུར་སོང་། བར་ལམ་སྐབས་བཅོ་ལྔ་པའི་སྤྱི་འཐུས་འོས་ཤོག་སླེབས་ཡོང་དུས་སྐབས་ལ་འགྲོ་བ་མིའི་ཐོབ་ཐང་ཚང་གི་འགན་འཛིན་ཨོཾ་རྒྱན་བསྟན་འཛིན་ཟེར་བ་དེས་དབུས་གཙང་གི་འོས་ཤོག་འཐོབ་ཐབས་སུ་རྒྱ་གར་དང་བལ་ཡུལ་གྱི་ས་གནས་ཁག་མང་པོར་སྐོར་སྐྱོད་བྱས་ཏེ་ཟབ་སྦྱོང་སྤྲོད་ཁུལ་གྱིས་འོས་ཤོག་སློང་མོ་བརྒྱབ་ཡོད་ཀྱང་མཐའ་མར་རེ་བ་འབྲས་མེད་ཆགས་སོང་། དེའི་རྗེས་མ་ཐག་ལ་འགྲོ་བ་མིའི་ཐོབ་ཐང་ཚང་གི་འགན་འཛིན་ཁོ་རང་ལས་གནས་བརྗེ་སྤོར་གནང་སོང་ལ། དེའི་རྗེས་འབྲེལ་དུ་འགན་འཛིན་ལས་རོགས་འཇམ་དཔལ་སྨོན་ལམ་ཟེར་བ་ཁོང་ཡང་རྩྭ་གང་བཟང་དང་ཆུ་གང་ཡག་ལ་ལྟོས་ཏེ་ཨ་རི་ལ་བྲོས་སོང་། ཁོང་ལ་ཐུགས་ཁག་ཀྱང་ཡོད་པ་མ་རེད་སྒེར་གཅོད་པ་སྐོར་ཁག་ཅིག་ཡོད་པ་དེས་འགྲོ་བ་མིའི་ཐོབ་ཐང་ཚང་གི་འགན་འཛིན་གྱི་དུས་ཡུན་རྫོགས་རྗེས་འཇམ་དཔལ་སྨོན་ལམ་འགན་འཛིན་ལ་མ་བསྐོས་པར་སློབ་གྲྭ་ཐོན་མ་ཐག་པའི་བུད་མེད་ཅིག་འགན་འཛིན་དུ་བསྐོ་བཞག་བྱས་པ་རེད། བུད་མེད་དེ་ལ་ལས་ཁུང་དེ་འདྲ་ཞིག་ཏུ་ལས་ཀ་བྱེད་པའི་ཉམས་མྱོང་དང་ཤེས་ཚད་གང་ཡང་ཡོད་པ་མ་རེད། ངས་ཁ་སྟོང་ནང་གི་ཚིག་སྟོང་ཤོད་པ་གཏན་ནས་མིན་ལ། འགན་འཛིན་ཚེ་རིང་འཚོ་མོ་ཟེར་བ་དེར་གཞི་མེད་སྐྱོན་བརྗོད་ཤོད་པ་རྩ་བ་ནས་མིན་བུད་མེད་ཆུང་ཆུང་ཞིག་གིས་འགན་ཆེན་པོ་ཞིག་འཁུར་ན་དགའ་བསུ་ཡོད་། ཡིན་ནང་ང་ལ་གཅིག་གཅིག་གཉིས་གཉིས་ཤོད་རྒྱུ་ཡོད་། ཉེ་ལམ་ཀུན་གླེང་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་སྐད་ཆ་ཞིག་ཤོད་དུ་བཅུག་པ་ལས་མི་ཚང་མ་ཡིད་ཐང་ཆད་ཡོད། བོད་ནང་གི་དངོས་ཡོད་གནས་སྟངས་ཟུར་ཙམ་ཤེས་རྒྱུ་ཕར་ཞོག་ཐ་ན་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་ཤིག་གི་ལས་ཀ་ག་རེ་ཡིན་པའང་ཧ་གོ་མེད་ཚོད་འདུག ད་དུང་ངོ་གནོང་པ་སྤུ་ཙམ་ཡང་མེད་པར་ཡར་ཡར་མར་མར་རེད་ཅེས་བོད་ནང་གི་གནས་ཚུལ་མང་ཐག་ཆོད་ཅིག་བཤད་སོང་། གནས་ཚུལ་འདི་དང་འདི་ལྟ་བུ་མང་པོ་ཞིག་གིས་བཙན་བྱོལ་བོད་མི་ཚོའི་ལས་དོན་ལ་གྲུབ་འབྲས་མེད་པ་དང་ཆེ་མཐོང་རིན་ཐང་མེད་པ་ཆགས་པ་རེད། ངས་འདིའི་སྐོར་ནས་ད་དུང་མང་པོ་ཞིག་ཞུ་རྒྱུ་ལྷག་བསྡད་ཡོད། དུས་ཚོད་བྱུང་ན་རིམ་པས་ཞུ་ཆོག་པ་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese