མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷུན་གྲུབ་རྫོང་མི་མང་གིས་རྒྱ་གཞུང་ལ་ཕུལ་བའི་སྙན་ཞུ།

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ལྷུན་གྲུབ་རྫོང་དུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་སྤེལ་ཏེ། མི་མང་ལ་དཀའ་ངལ་རབ་དང་རིམ་པ་འཕྲད་ཀྱིན་པ་ལྟར། ཁ་སང་འབྲེལ་ཡོད་བརྒྱུད་དེ་སྔོན་ས་གནས་མི་མང་གིས་རྒྱ་གཞུང་ལ་ཕུལ་བའི་སྙན་ཞུ་ཡི་གེ་ཞིག་ལག་སོན་བྱུང་ཡོད།

རེ་སྐུལ་ཞུ་ཡིག་འདི་ནི་ཕྱི་ལོ་ ༢༠༠༤ ལོ་ནས་བཟུང་རྒྱ་གཞུང་གིས་ས་གནས་སུ་གཏེར་ཁ་སྔོག་འདོན་བྱེད་མགོ་བཙུགས་ཏེ། ས་གནས་བོད་མི་ཚོ་དཀའ་ངལ་རབ་དང་རིམ་པ་འཕྲད་སྟབས། ༢༠༠༦ ལོའི་ཟླ་ ༨ པའི་ཚེས་ ༣༠ ཉིན་ལྷུན་གྲུབ་རྫོང་མཁར་རྩེ་ཤང་རྭ་མ་ཕུའི་མདུང་གྲོང་ཚོའི་མི་མང་ཨུ་ཡོན་ལྷན་ཁང་གི་གྲོང་མི་ཡོངས་ནས་རྒྱ་ནག་གཞུང་ལ་རེ་སྐུལ་སྙན་ཞུ་ཕུལ་བའི་མ་ཡིག་ཅིག་ཡིན་འདུག་ལ། རེ་སྐུལ་སྙན་ཞུ་དེའི་ནང་།  གུས་བཀུར་འོས་པའི་གོང་རིམ་འབྲེལ་ཡོད་དབུ་ཁྲིད་ལྷན་རྒྱས་ཀྱི་ཞབས་དྲུང་དུ། ཞུ་གསོལ་འདེབས་སྙིང་། ཏང་གི་ཡང་དག་སྲིད་ཇུས་བཟང་པོ་ལ་བརྟེན་ནས་ཞིང་འབྲོག་མི་དམངས་རྣམས་དབུལ་བཅོས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་རྒྱུ་ནི། རླབས་ཆེན་ཏང་གི་ཞིང་འབྲོག་མི་དམངས་ལ་བསྩལ་བའི་བཀའ་དྲིན་གྱི་སྙིང་བཅུད་དེ་ཡིན་ལ། ཞིང་འབྲོག་མི་དམངས་རྣམས་ཀྱིས་རྟག་ཏུ་ཡིད་ལ་བཅངས་པའི་རེ་འདུན་དེ་རང་ཡིན། དེ་ན་ཞིང་འབྲོག་མི་དམངས་རྣམས་ཀྱིས་ཏང་གི་སྲིད་ཇུས་བཟང་པོ་ལ་བརྟེན་ནས་བློ་བདེ་བག་ཕེབས་ངང་རང་གི་ཕ་ཡུལ་འཛུགས་སྐྲུན་དང་དབུལ་བཅོས་ཕྱུག་འགྱུར། དེ་བཞིན་ཏང་དང་མི་དམངས་ཡོངས་ཀྱི་ལོ་བརྒྱའི་ཇུས་ཆེན་དུ་འགྱུར་བའི་ཁོར་ཡུག་སྲུང་སྐྱོབ་སོགས་བྱ་བཞག་གང་སར་འབད་འཐབ་ལྷོད་མེད་ཞུ་བཞིན་པའི་སྐབས་འདིར། ང་ཚོ་ལྷུན་གྲུབ་རྫོང་མཁར་རྩེ་ཤང་ཁོངས་སུ་ཡོད་པའི་རྭ་མ་ཕུའི་མདུང་གྲོང་ཚོ་དང་ལོ་འབྲོག་པ། ཤིང་དཀར་གྲོང་ཚོ་སོངས་ཀྱི་ནང་ལྕགས་རྡོ་འདོན་མཁན་ཁག་ཉི་ཤུ་ཙམ་དང་། འཕྲུལ་འཁོར་ཆེ་ཆུང་སྣ་ཚོགས་བརྒྱ་ཕྲག་མང་པོ་བསླེབས་ཏེ་གང་སར་ཁྲིམས་མེད་ཀྱིས་ལྕགས་རྡོ་སྔོག་ནས་མི་རབས་ནས་མི་རབས་བར་ཞིང་འབྲོག་མི་དམངས་ ༣༠༠༠ ལྷག་ཙམ་དང་། ཕྱུགས་རིགས་སྒོ་གྲངས་ ༢༠༠༠༠ ལྷག་ཙམ་གྱི་འཚོ་རྟེན་དུ་གྱུར་བའི་རྩྭ་ཐང་དང་ཤིང་ནགས་འབོར་ཆེན་རྩ་གཏོར་བཏང་ཏེ་ཕྱུགས་རིགས་རྣམས་འཚོ་ཐབས་བྲལ་བཞིན་པ་མ་ཟད། འབྲོག་པ་ཁྱིམ་ཚང་གསུམ་གྱི་ཕྱུགས་རིགས་ ༡༠༠༠ ལྷག་གི་ལྷས་རྭ་ཡང་རྩ་གཏོར་བཏང་སྟེ་ད་ལྟ་འབྲོག་པ་རྣམས་སྡོད་ཐབས་མ་ཤེས་པ་ཞིག་བཟོས་སོང་། ཞེས་བཀོད་ཡོད་འདུག  

ཡང་སྙན་ཞུའི་ནང་། དེང་སྐབས་གཏེར་ཁ་སྔོག་སའི་ས་ཆ་དེར་ལྕགས་རྡོ་ལས་སྣོན་བྱེད་སའི་བཟོ་གྲྭ་ཁག་གཉིས་ཙམ་རྒྱག་རྩིས་བྱེད་ཀྱི་འདུག ས་ཆ་དེ་དག་ལས་མང་ཆེ་བ་འཕན་པོ་དང་ལྷ་སའི་གཙང་བོ་ཆུ་མགོ་ཞིང་འབྲོག་མི་དམངས་རྣམས་ཀྱི་འཐུང་ཆུ། དཔྱིད་ཀ་ཕྱུགས་རིགས་ཤ་ཤེད་སྐྱོ་བའི་དུས་གསོ་ཚགས་བྱེད་སའི་རྩྭ་ར་དང་ནགས་རི་གལ་ཆེན་དག་ཡིན་པས། དེ་དག་མུ་མཐུད་གཏོར་བཤིག་བཏང་ན་སླད་ཞིང་འབྲོག་མི་དམངས་ཀྱི་ཕྱུགས་རིགས་རྣམས་འཚོ་རྟེན་མེད་པར་འགྱུར་རྒྱུ་མ་ཟད། ཡུལ་འདིའི་ཕུ་མདའ་གང་སར་གནས་བཅའ་བའི་རྒྱལ་ཁབ་ཀྱི་རྩ་ཆེའི་སྲོག་ཆགས་ཤྭ་བ་དང་རྣ་གཡག གཟིག སྲམ། ཨི། གོང་མོ། ཁྲུང་ཁྲུང་སྐེ་ནག་སོགས་དང་། ད་དུང་གླ་བ་དང་དགོ་བ།  ཝ་མོ་སོགས་རྒྱལ་ཁབ་རིམ་པའི་རྩ་ཆའི་སྲོག་ཆགས་དེ་རྣམས་སྔར་ཡུལ་དེའི་ཕུ་མདའ་གང་སར་གང་དགའ་གང་སྐྱིད་ངང་ནས་གནས་བཞིན་པ་དེ་དག་ཀྱང་། ཉིན་ལྟར་རྫས་མེ་དང་འཕྲུལ་རིགས་སྣ་ཚོགས་ཀྱི་སྐད་སྒྲ་ལ་བརྟེན་ནས་གནས་ཐབས་བྲལ་བ་ཞིག་ཏུ་འགྱུར་རྒྱུ་ནི་ཐེ་ཚོམ་མི་འདུག ཅེས་བཀོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༨ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese