མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་བྲིས་པ་དཀའ་ཆེན་བློ་བཟང་ཕུན་ཚོཊ་སྐུ་གཤེཊ།

བོད་ཀྱི་དུས་བབ།
༢༠༡༣/༠༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་  ༡༦ ཉིན་༸པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐུ་བཅར་ལྷ་བྲིས་ཆེན་མོ་དཀའ་ཆེན་བློ་བཟང་ཕུན་ཚོགས་མཆོག་ལྷ་སར་སྐུ་གཤེགས་ཡོད་ཅིང་། ད་ལྟ་དགུང་ལོ་ ༧༨ ཡིན་འདུག

དཀའ་ཆེན་བློ་བཟང་ཕུན་ཚོགས་ལགས་ནི། ཕྱི་ལོ་ ༡༩༣༥ ལོར་གཙང་ཁུལ་གཞིས་རྩེའི་ནུབ་ངོས་གནས་གྲོང་ཚོའི་བདེ་སྐྱིད་གླིང་ཞེས་པར་སྐུ་འཁྲུངས་ཤིང་། དགུང་ལོ་ ༩ ཐོག་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཆོས་ཞུགས་དང་།  དགུང་ལོ་ ༡༢ ཐོག་༸པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་བཙུགས་བའི་ལྷ་བྲིས་ཁང་དུ་ཞུགས་ཏེ། ༸པཎ་ཆེན་བཅུ་པ་ཆེན་པོའི་སྐུ་བཅར་ལྷ་བྲིས་དབུ་ཆེན་ཆོས་དར་ལགས་དང་། ཤི་ལོག་ལ་སོགས་བརྟེན་ནས་ལྷ་བྲིས་སློབ་གཉེར་གནང་སྟེ་མཁས་པའི་ཡང་རྩེར་སོན་ཞིང་། རིམ་པས་༸པཎ་ཆེན་བཅུ་པ་ཆེན་པོའི་སྐུ་བཅར་ལྷ་བྲིས་གནང་བ་དང་།  ༡༩༥༨ ལོར་གཞིས་རྩེ་བདེ་ཆེན་སྐལ་བཟང་ཕོ་བྲང་གི་ཚོན་གསོལ་དང་། ༡༩༦༢ ལོར་ལྷ་སར་བཞུགས་གླིང་རྡོ་རྗེ་ཕོ་བྲང་གི་ཚོན་གསོལ་བཅས་ཀྱི་ཐུགས་འགན་བཞེས་ཡོད་འདུག  

ལོ་རབས་ ༦༠ ནང་༸པཎ་ཆེན་བཅུ་བ་ཆེན་པོར་དབུ་ཉེས་ཕོག་སྐབས། དམ་པ་ཁོང་ཡང་མི་ལོ་ ༡༧ རིང་བསམ་ཡས་སུ་བཙོན་འཇུག་ངལ་རྩོལ་བསྒྱུར་བཀོད་དུ་བཞུགས་དགོས་བྱུང་། ༡༩༧༨ ལོར་༸པཎ་ཆེན་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོ་བཙོན་གྲོལ་ཐོབ་རྗེས། སླར་ཡང་ཞབས་ཞུ་དང་སྐུ་བཅར་ལྷ་བྲིས་དབུ་ཆེན་གྱི་ཐུགས་འགན་བཞེས་ཏེ། སྔ་ཕྱིར་རིས་མེད་སྐུ་ཐང་ལྔ་ཆགས་ཚན་པ་དང་། བཅུ་གཅིག་ཚན་པ་སོགས་བྲིས་ཐང་དང་། མཆོད་ཁང་ཤར་༸པཎ་ཆེན་སྐུ་གདུང་བཀྲ་ཤིས་རྣམ་རྒྱལ་དང་། ༸པཎ་ཆེན་བཅུ་པའི་གདུང་རྟེན་སྲིད་གསུམ་རྣམ་རྒྱལ་སོགས་ཀྱི་ལྡེབས་བྲིས་ཀྱི་དབུ་ཆེན་ཐུགས་འགན་ཡང་བཞེས་འདུག

བུ་ཆུང་ནུབ་རྒྱ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན། རྒྱ་ནག་གཞུང་གིས་བོད་མི་རིཊ་ཀྱི་མི་ལོ་སྟོང་ཕྲག་རིང་གི་བློ་གྲོས་ཀྱི་ཉིང་བཅུད་ལས་གསར་བསྐྲུན་དང་ཉར་ཚགས་བྱས་པའི་སྐུ་གསུང་ཐུགས་རྟེན་རྣམས། རིག་གནས་གསར་བརྗེ་དང་རྙིང་བཞི་རྩ་གཏོར་བྱེད་སྐབས་རྩ་མེད་བཟོས་པ་དང་། ལོ་རབས་ ༨༠ པའི་ནང་བོད་མི་མང་ལ་ཆོས་ལུགས་དད་མོས་ཀྱི་རང་དབང་ཕྲན་བུ་ཐོབ་ཀྱང་། ཕྱག་མཆོད་དང་དད་བཀུར་ཞུ་སའི་ཐུགས་རྟེན་རྩ་བ་ནས་མེད་པའི་དཀའ་ངལ་སེལ་ཆེད། དམ་པ་ཁོང་གིས་༸པཎ་ཆེན་བཅུ་བ་ཆེན་པོའི་ལྗགས་བཀོད་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་ཞུས་ངོ་བཞིན། གྲུབ་མཐའ་རིས་མེད་ཀྱི་སྐུ་ཐང་ལྔ་ཆགས་ཚན་པ་དང་བཅུ་གཅིག་ཚན་པ་སོགས་བྲིས་རྗེས་པར་དུ་བཏབ་ནས་བཀྲམས་པ་དང་། ལྷག་པར་དུ་ལོ་རབས་ ༨༠ པ་ནས་སྨན་ཐང་གསར་བའི་ལུགས་ཀྱི་ལྷ་བྲིས་པ་གཡང་པ་ཕུན་ཚོགས་རྡོ་རྗེ་སོགས་ལྷ་བྲིས་གྲགས་ཅན་ ༢༥ ལྷག་སྐྱེད་སྲིང་། བྲིས་རྒྱུན་ལ་མཁོ་བའི་ཐིག་རྩ་དང་དཔེ་རིས་དཀོན་པའི་དཀའ་ངལ་ལ་གཟིགས་ཏེ། དཔེ་རིས་མང་པོ་ཁུངས་གཏུགས་དང་དགེ་བའི་བཤེས་གཉེན་གྱི་མན་ངག དམ་པ་ཁོང་རང་གི་ཉམས་མྱོང་དང་རིག་པས་ཁ་བརྒྱན། ལྷ་བྲིས་པ་ཨ་མདོ་བྱམས་པ་དང་བསྟན་པ་རབ་རྒྱས། བཀྲ་ཤིས་ཚེ་རིང་། རིག་འཛིན་དཔལ་འབྱོར། འཕྲིན་ལས་མཆོག་འཕེལ། སྟོབས་རྒྱས་སོགས་ལ་གོ་བསྡུར་གནང་སྟེ། སངས་རྒྱས་བྱང་སེམས་དང་ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཀྱི་ཆ་ཚད་དཔེ་རིས་དང་བཅས་པ་གསལ་བའི་༼རི་མོ་དོན་ལྡན་ཀུན་གསལ་མེ་ལོང་༽ཞེས་པའི་དཔྱད་དེབ་བརྩམས་གནང་མཛད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༤ སྔོན་ལ།
Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

༢༠༢༦/༠༥/༡༨
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

༢༠༢༦/༠༥/༡༨
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥

མཆན། 1

  1. གཙང་ཞོལ་བདེ་གསལ། says:
    ལོ་ 13 སྔོན།

    དཀའ་ཆེན་བློ་བཟང་ཕུན་ཚོགས་མཆོག་སྐུ་གཤེགས་པར་མྱ་ངན་གྱིས་གུས་འདུད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese