མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྨད་རྒྱུད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭའི་གནས་ཚུལ།

བོད་ཀྱི་དུས་བབ།
༢༠༡༣/༠༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

གངས་ཅན་རིག་གནས་སློབ་གྲྭས་བོད་ཀྱི་ཆོས་རིག་གོང་འཕེལ་གྱི་བྱེད་སྒོ་དུ་མ་སྤེལ་མུས་ཁོངས། ལོ་ལྟར་སློབ་གྲྭ་ཁག་གི་དབྱར་དགུན་གྱི་གུང་སེང་དང་སྟབས་བསྟུན་གྱིས་ཆོས་རིག་གི་སློབ་སྦྱོང་སྤྲོད་བཞིན་པ་ལྟར། འདི་ལོ་ཡང་བོད་ཕྲུག་ཁྱིམ་སྡེའི་དགུན་ཁའི་གུང་སེང་རིང་འདིར་གངས་ཅན་རིག་གནས་སློབ་གྲྭ་ནས་བསུ་ལེན་གནང་ཡོད་ཅིང། རྡ་སྟེང་བོད་ཁྱིམ་དབུས་སྤྱི་ཁྱབ་ཀྱིས་གཙོས་སློབ་གྲྭ་ཁག་ནས་སློབ་ཕྲུག་གཏོང་ཕྱོགས་སོགས་ལས་དོན་ལ་ཕྱར་གྲུ་མཉམ་འདེགས་གནང་སྟེ། རྡ་སྟེང་བོད་ཁྱིམ་ཁྱབ་ཁོངས་ནས་ལྟ་རྟོག་པ་དགེ་རྒན་གསུམ་དང་སློབ་ཕྲུག་ངོ་གྲངས་ ༧༥ བཅས་གྲྭ་ཚང་དུ་བདེ་འབྱོར་ཟིན་པ་དང། འདི་གའི་མཁན་རིན་པོ་ཆེ་མཆོག་ནས་ནང་ཆོས་ནས་ཇི་ལྟར་བསྟན་པའི་ནང་སེམས་ཀྱི་གནད་དགག་སྐོར་བཀའ་སློབ་ཟབ་གསལ་གནང་སྟེ་འཛིན་གྲྭ་ཁག་དབུ་འཛུགས་གནང་ནས་དེང་འཛིན་གྲྭ་འཚོག་བཞིན་པ་རེད། འཛིན་གྲྭར་གོང་གསལ་སློབ་ཕྲུག་གི་སྟེང་སྒེར་ཁག་ནས་ཕེབས་པ་བཅས་ཁྱོན་སློབ་ཕྲུག་བརྒྱ་སྐོར་ཞིག་བྱུང་ཞིང་།

སློབ་ཚན་དུ་ནང་ཆོས་དང། རིགས་ལམ། བོད་ཡིག་བཅས་ཀྱི་འཛིན་གྲྭ་ཆ་བགོས་ཀྱིས་སློབ་སྦྱོང་སྤྲོད་བཞིན་པ་དང། ལོ་རེ་ནས་ལོ་རེར་གྲུབ་འབྲས་ཇེ་བཟང་དུ་ཕེབས་པ་སྟེ། ༸གོང་ས་༸རྒྱལ་བའི་དབང་པོའི་བཞེད་དགོངས་ལྟར་སློབ་གྲྭ་ནས་མ་འོངས་བོད་ཀྱི་སོན་རྩ་གཞོན་སྐྱེས་རྣམས་ཤེས་སྤྱོད་འཇོན་གསུམ་དུ་མཚར་ལོངས་ལ་ཞབས་འདེགས་ཅུང་ཟད་སྒྲུབ་མུས་སུ་མཆིས། སློབ་ཕྲུག་རྣམས་ཕྱི་ཟླ་གཉིས་པའི་ཟླ་མཇུག་ཏུ་སོ་སོའི་སློབ་གྲྭར་ཕྱིར་ཕེབས་གནང་རྒྱུ་བཅས་རེད།

སྤྱིར་ན་གངས་ཅན་རིག་གནས་སློབ་གྲྭ་འདི་ཚུགས་ནས་བཟུང་མཐོ་སློབ་ཁག་དང་གཞི་རིམ་སློབ་ཕྲུག་ལྷན་འཛོམས་ཐོག་མཁས་དབང་གདན་ཞུས་ཀྱིས་ནང་ཆོས་བགྲོ་གླེང་ཚོགས་འདུ་གོ་སྒྲིག་དང། རེས་གཟའ་ལྷག་པ་འཆར་ཅན་དུ་འདི་གའི་ས་གནས་མི་མང་ལ་ནང་ཆོས་ངོ་སྤྲོད་གྱི་འཛིན་གྲྭ་སྟར་ཆགས་སུ་འཚོག་བཞིན་པས་དེ་དག་གི་རྒྱུད་ལ་ཐར་པའི་ས་བོན་གྲུང་པོར་བསྐྲུན་ཅིང། སེམས་རྒྱུད་འདུལ་དུ་འགྲོ་བའི་དགེ་མཚན་མངོན་པ། དུས་ནས་དུས་སུ་སྦེང་ལོར་རྒྱ་གར་བ་སྒོམ་སྒྲུབ་ཚོགས་པར་སྣེ་ལེན་དང། དོན་གཉེར་བ་དེ་དག་གི་རེ་འདོད་སྐོང་བ། ལྷག་པར་རྒྱ་བལ་འབྲུག་གསུམ་དང་རྒྱལ་སྤྱིའི་རང་བཞིན་ལྡན་པའི་མི་རིགས་དང་ཕོ་མོ་སོགས་ཀྱི་དབྱེ་བ་མེད་པར་སུ་ཡང་སློབ་སྦྱོང་བྱེད་དུ་ཞུགས་ཆོག་སྟབས།

ད་ལྟའི་ཆར་ཐེ་ཝན་གཙོ་གྱུར་ཕྱི་རྒྱལ་བ་རྒྱུན་སྡོད་བོད་ཀྱི་ཆོས་རིག་ཐོག་སློབ་གཉེར་བ་མི་ཉུང་བ་ཡོང་དང་ཡོང་བཞིན་པ་རྣམས་ལ་བོད་ཀྱི་ཆོས་དང་སྐད་ཡིག་གི་སློབ་སྦྱོང་གི་གོ་སྐབས་བསྐྲུན་བཞིན་པ་བཅས་རེད།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist