མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ལུས་མེར་བསྲེགས་མ་བཏང་སྔོན་ལ་གྲོངས་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡༩ ཉིན་བོད་ཨ་མདོ་ཀླུ་ཆུ་ཤིས་ཚང་དཔོན་སྐོར་སྡེ་བའི་རང་ལོ་ ༡༧ ཡིན་པའི་འཇིགས་བྱེད་སྐྱབས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གཏོང་འཆར་ཡོད་ཀྱང༌། སྔོན་ལ་དུག་འཐུང་ཡོད་པའི་དབང་གིས་མེར་བསྲེགས་མ་བཏང་གོང་སྐུ་གྲོངས་ཡོད་འདུག

ངྷ་སར་གནས་བཞུགས་ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྱི་ཞོགས་པར་བོད་ཨ་མདོ་ཀླུ་ཆུ་ཤིས་ཚང་དཔོན་སྐོར་སྡེ་བའི་རང་ལོ་ ༡༧ ཡིན་པའི་འཇིགས་བྱེད་སྐྱབས་ལགས། ཀླུ་ཆུའི་ཤིས་ཚང་དཔུང་སྐོར་སྡེ་བའི་སྲང་ལམ་སྣེ་མོའི་མི་ཚོགས་འཛོམས་ས་ཞིག་ཏུ་སྐུ་གྲོངས་ཡོད་འདུག་པ་དང༌། སྐབས་དེར་ཁོང་གི་གཟུགས་པོར་ས་སྣུམ་གཤོ་ཡོད་པ་མ་ཟད་ལག་ཏུ་མེ་ཆ་གཉིས་ཉར་ཡོད་འདུག ས་གནས་མང་ཚོགས་ཀྱིས། འཇིགས་བྱེད་སྐྱབས་ལགས་ཀྱི་ལུས་ལ་ས་སྣུམ་གཤོ་ཡོད་པ་དང་ལག་ཏུ་མེ་ཆ་གཉིས་བཟུང་ཡོད་པས། ཁོང་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གཏོང་འཆར་ཡིན་ཡང༌། མེར་བསྲེགས་རྗེས་མགྱོགས་མྱུར་འདས་གྲོངས་འགྲོ་ཆེད་སྔོན་ལ་དུག་གང་རུང་ཞིག་འཐུང་ཡོད་པའི་དབང་གིས་མེ་མ་སྦར་གོང་ལ་དུག་གི་ནུས་པ་ཤུགས་ཆེན་ཐོན་ཏེ་གྲོངས་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་འདུག

གནས་ཚུལ་དེ་བྱུང་མ་ཐག་ཁོང་གི་ནང་མི་ཚོས་ཞིབ་འཇུག་བྱས་སྐབས། འཇིགས་བྱེད་སྐྱབས་ལགས་ཀྱི་ཉལ་ཆས་འོག་ཏུ་ཡི་གེ་ཞིག་བཞག་ཡོད་པའི་ནང་དོན་མདོ་བསྡུས “ ང་རང་གི་རེ་བ་འགྲུབ་པའི་སྨོན་ལམ་འདེབས། ཨ་མའི་བུ་ཆུང་ཞིག་ཡིན་ན་ཡར་ལ་ལོངས། ཁ་བའི་བུ་ཆུང་ཡར་ལ་ལོངས། ཁ་བའི་གླུ་བ་ཡར་ལ་ལོངས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག གངས་སེང་དཀར་མོ་ལ་གུས་འདུད་ཞུ།

ཨ་ཕ་དང་ཨ་མ་ཁྱོད་ཚོས་ལུས་ཕུང་ལ་བདག་སྐྱོང་བྱེད་རྒྱུ་བུ་ཆུང་ངའི་རེ་བ་ཡིན། ཁྱེད་ཚོ་ནི་འཇིག་རྟེན་སྟེང་ཆེས་ཤ་ཚ་བའི་མི་ཡིན། བདག་གིས་སྐྱེ་བ་ཕྱི་མར་དྲིན་ལན་འཇལ་རྒྱུ་ཡིན། ཨ་ཕ་ལགས་བུ་ཆུང་ང་ལ་རེ་བ་ཞིག་ཡོད། ཁྱེད་ཀྱིས་ངའི་རེ་བ་འདི་དང་ལེན་བྱེད་རོགས། ངའི་ཆེས་བཟང་བའི་སློབ་གྲོགས། ཡི་དམ་སྐྱིད། ཚེ་དགའ། ལྷ་མོ་སྐྱབས། རོ་རེ། རྟ་མགྲིན་འཚོ། ཚེ་བརྟན། ལྷ་མོ་སྐྱབས། བསོད་ཚེ། ལྷ་མོ་འཚོ་སོགས་དང་། ད་དུང་ཆེས་བཟང་བའི་དགེ་རྒན་ལྷ་མོ་འཚོ་དང་དཔལ་སྒུར་སོགས་ལ་ཟ་མ་ཡག་པོ་ཞིག་ལྡུད་དགོས།

ངའི་ཆེས་བཟང་བའི་ཕུ་བོ། ཨ་ཕ་ལུས་ཕུང་བདག་སྐྱོང་བྱེད་དགོས། ཨ་ཆེ་དང་ཕུ་བོ། ནུ་བོ་ཁྱེད་ཕྱོགས་ཀྱི་འཚོ་བ་ནི་ཇེ་བཟང་ཡོང་བར་ངས་སེམས་གཏིང་ནས་སྨོན་ལམ་འདེབས།  ང་རང་ཆེས་དད་པ་ཆེ་ས་ནི་ཉི་ཟླ་སྐར་གསུམ་ཡིན།

ངའི་ས་མཐའི་ཨ་ཇོ་ང་ཡོང་གི་ཡོད། མིག་མཆི་མས་གང་བཞིན་ང་ཡོང་གི་ཡོད། བོད་ཁ་བའི་བདེ་སྡུག་ཞུ་རུ་ང་ཡོང་གི་ཡོད། མགོན་ཁྱེད་རང་དྲན་བཞིན་ང་ཡོང་གི་ཡོད། བོད་པ་ཚོ་ཡར་ལ་ལོངས། གངས་རིའི་བུ་ཆུང་ཡར་ལ་ལོངས། ཁ་བའི་གླུ་བ་ཡར་ལ་ལོངས། བོད་ཁ་བ་ཅན་ལ་བདེ་སྐྱིད་ཐོབ་པར་སྨོན་ལམ་འདེབས། ༢༠༡༢ ལོའི་ཟླ་ ༡༢ ཚེས་ ༨ ཉིན། ” ཞེས་བཀོད་འདུག
༼ ཡི་གེའི་ནང་གི་ཟླ་ཚེས་སྐོར་ལ་དོགས་འདྲི་བྱས་པར། དེ་ནི་ཨ་མདོའི་ཕྱོགས་ཀྱི་ཟླ་ཚེས་རྩི་སྲོལ་ཡིན་པ་དང༌། ལུགས་རྙིང་གི་ ༢༠༡༢ ཟླ་ ༡༢ ཚེས་ ༨ ཉིན་དེ་ནི་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༩ ཉིན་ལ་འཁེལ་ཡོད་འདུག༽

གནས་ཚུལ་དེ་བྱུང་བའི་རྗེས་སུ་ཀླུ་ཆུ་རྫོང་གི་ཉེན་རྟོག་པ་སྐོར་ཞིག་འདས་པོའི་ཁྱིམ་དུ་འབྱོར་ཏེ་སྐད་ཆ་འགའ་རེའང་འདྲི་བརྩད་བྱས་ཡོད་འདུག ཁ་སང་ཕྱི་ཚེས་ ༢༢ ཉིན་འདས་པོའི་སྐུ་ཕུང་དུར་ཞུགས་བྱས་ཡོད་འདུག་ཅིང༌། ས་གནས་མི་མང་ཚོས་བརྗོད་ན། སྤྱིར་བཏང་བོད་པའི་ལུགས་སྲོལ་ལྟར་ན། མི་ཞིག་གྲོངས་ཚེ་ནང་མི་ཚོས་འདས་པོར་དགེ་སྒྲུབ་བྱེད་པ་དང་། དགེ་འདུན་པ་འགའ་རེ་ནང་དུ་གདན་འདྲེན་གྱིས་བསྔོ་སྨོན་གསུངས་པ་སོགས་བྱས་ཏེ། དགུན་ཁ་ཡིན་ཚེ་མ་མཐར་བདུན་ཕྲག་གཅིག་ཡས་མས་ལ་འདས་པོའི་བེམ་པོ་ཁྱིམ་དུ་འཇོག་པའི་སྲོལ་ཡོད་ཀྱང༌། ད་རེས་ཉིན་གསུམ་ལས་མ་འགོར་བར་ཁུ་སིམ་སིམ་སྐུ་ཕུང་དུར་ཞུགས་བྱེད་པར་གཞིགས་ན། ཁོང་ཚང་ལ་རྒྱ་ནག་གི་ཉེན་རྟོག་པས་གནོན་ཤུགས་དང་བཙན་བཀའ་ཞིག་བསླེབས་ཡོད་པར་ཚོད་དཔག་བྱེད་ཀྱིན་ཡོད་འདུག

འདས་པོ་འཇིགས་བྱེད་སྐྱབས་ལགས་ཀྱི་ཕ་མིང་ལ་གདུགས་དཀར་སྐྱབས་དང་མ་མིང་ལ་བདེ་སྐྱིད་འཚོ། ཁོང་ལ་སྲིང་མོ་ཞིག་ཡོད་པའི་མིང་ལ་ཆོས་སྐྱོང་འཚོ་བཅས་ཞུ་བཞིན་ཡོད་འདུག ཁོང་གི་ཕ་མ་ནང་མི་ཚོས་བརྗོད་པ་ལྟར་ན། བུ་འཇིགས་བྱེད་སྐྱབས་ནི་ཆང་དང་ཐ་མག་རིགས་མི་སྤྱོད་མཁན་ཞིག་ཡིན་པ་མ་ཟད། ཕ་མའི་ཁ་ལ་ཉན་པོ་བྱེད་མཁན་གྱི་བྱིས་པ་ཡ་རབས་ཤིག་ཡིན་པ་དང༌། བོད་པའི་ལར་ཞེན་ཆེན་པོ་དང༌། དེ་སྔོན་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་བཞིན་པའི་སྐོར་ལ་དོ་སྣང་དང་ཚོར་བ་ཆེན་པོ་བྱེད་མཁན་ཞིག་ཡིན་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༩ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༠ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༠ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༠ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 4

  1. ཚེ་རིང་བུ། says:
    ལོ་ 13 སྔོན།

    རྒྱལ་གཅེས་དཔའ་བོ་འཇིགས་བྱེད་སྐྱབས་ལགས་སུ་མྱ་ངན་གུས་འདུད་ཞུ་བ། བྱིས་པ་ཆུང་ཆུང་འདིས་ཤུལ་དུ་བཞག་པའི་ཞལ་ཆེམས་དེ་བཀླགས་ཏེ་ཚོར་སྣང་ཡ་མཚན་ཞིག་བྱུང་སོང་། བོད་གངས་ཅན་གྱི་ལ་རྒྱའི་ཆེད་དུ་རང་སྲོག་གཅོད་པ་ནི་དོན་དག་ལས་བསླ་བོ་ཞིག་དང་མཛེས་སྡུག་ལྡན་པ་ཞིག་ཏུ་ངོས་འཛིན་དང་ཡིད་ཆེས་བྱས་འདུག ཚོར་ཤུགས་འདི་དང་ངོས་འཛིན་འདི་བརྒྱུད་ནས་བོད་ནང་ལ་བལྟས་པ་ཡིན་ན། ལ་རྒྱ་དང་མི་རིགས་ཀྱི་ཆེད་དུ་མེར་བསྲེག་གིས་མཚོན་པའི་རང་སྲོག་གཅོད་མཁ་ཁྲི་སྟོང་མང་པོ་འབྱུང་སྲིད་པའི་ཉེན་ཁ་ཞིག་མཐོང་གི་འདུག

    Reply
  2. རྣམ་རྒྱལ། says:
    ལོ་ 13 སྔོན།

    སྐད་ཆ་འདི་ཡོངས་གྲགས་རེད་མ་འགྲིག་གང་ཡང་ཡོད་པ་མ་རེད། ཉེ་ལམ་བླ་བྲང་ནས་མེར་སྲེག་གཏོང་མཁན་ཞིག་དང་རེབ་གོང་ནས་མེར་སྲེག་གཏོང་མཁན་ཞིག། རྔ་པ་ནས་མེར་སྲེག་གཏོང་མཁན་སོགས་ཀྱིས་ཀྱང་དུག་འཐུང་བ་དང་ཕྱུགས་ཟོག་གི་འགོག་སྨན་ཟོས་པ་སོགས་ཀྱི་སྐད་ཆ་བྱུང་ཡོད། ངས་བསམ་ན་འདི་མི་འགྲིག་པ་ཞིག་གང་ཡང་མ་རེད། གང་ལྟར་རྒྱ་ནག་དམར་པོའི་གཞུང་ལ་མི་འདོད་པའི་རྣམ་འགྱུར་བསྟན་ཏེ་ཚེ་སྲོག་གི་ངོ་རྒོལ་བྱེད་སྟངས་ཤིག་རེད། ད་རུང་མི་བརྒྱ་ལ་ཉེ་བ་ཞིག་གིས་རང་ལུས་མེ་ལ་སྲེག་ཀྱང་འཛམ་གླིང་གིས་རྒྱབ་སྐྱོར་མི་ཡོང་ཚེ་དུག་འཐུང་ནས་རང་ཤི་རྒྱག་པ་དང་། མཚོན་གྱིས་རང་ཤི་རྒྱག་པ། ཆུ་དང་གཡང་སོགས་ནས་རང་ཤི་རྒྱག་པའི་ཉེན་བརྡ་གསལ་བོ་ཞིག་རེད། ངས་བསམ་ན་འདི་ད་དུང་ལས་འགུལ་གྱི་རྣམ་པ་ཁྱད་པར་ཅན་ཞིག་དང་ཚོར་བ་རྣོ་བོ་ཅན་ཞིག་རེད་བསམ་སོང་།

    Reply
  3. དོན་འགྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    གོང་གི་གནས་ཚུལ་སྐོར་ལ་ཞིབ་ཏུ་རྒྱུས་ལོན་བྱ་འདོད་ཡོད་རིགས་ཚོས་ཁ་པར་ཨང་གྲངས་ ༩༧༣༦༣༣༤༤༤༨ འདི་ལ་འབྲེལ་བ་གནང་རོགས།

    Reply
  4. ཚང་མ། says:
    ལོ་ 13 སྔོན།

    མེར་བསྲེགས་ན་ཟུག་བཟོད་བསྲན་ཡོང་ཐབས་སུ་སྔོན་ལ་དུག་གང་རུང་ཞིག་འཐུང་ཡོད་པའི་དབང་གིས་ ་་་་་་འབྲེལ་བཤད་འདི་མ་བརྒྱབ་ན་དགའ་ས་རེད། ཚོད་དཔག་རེད་མ་གཏོགས་དཔང་རྟགས་གང་ཡང་མེད། མ་ཤི་པར་རྒྱ་ལག་ཏུ་མ་ཐེབས་ཆེད་ཀྱང་ཡིན་སྲིད། ག་རེ་བྱུང་བ་དེ་ལས་ལྷག་པའི་ངོས་འཛིན་དགོས་དོན་མེད་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese