མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྡ་ས་ས་གནས་མགོ་འཛིན་ཡན་ལག་ལས་ཁུངས་དབུ་འབྱེད།

བོད་ཀྱི་དུས་བབ།
༢༠༡༣/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་ལྷག་པའི་ཉིན་གྱི་སྔ་དྲོ་བཞུགས་སྒར་ཉེ་འཁྲིས་ནོར་གླིང་དུ་རྡ་ས་ས་གནས་མགོ་འཛིན་གྱི་ཡན་ལག་ལས་ཁུངས་ཤིག་དབུ་འབྱེད་གནང་ཡོད།  

དེ་རིང་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ ཡས་མས་སུ། བཞུགས་སྒར་ཉེ་འཁྲིས་ནོར་གླིང་དུ་རྡ་ས་ས་གནས་མགོ་འཛིན་གྱི་ཡན་ལག་ལས་ཁུངས་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་སོང་ལ། མཛད་སྒོ་དེར་ངྷ་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་དང་། སི་ཏེ་པུར་( SIDHPUR) ས་གནས་ཀྱི་བརྒྱ་དཔོན་ལྕམ་ཨོའུ་ཞི་ཤར་མ་གཙོས་པའི་ས་གནས་རྒྱུན་ལས་དང་། བོད་མི་མང་སྤྱི་འཐུས་ཟུར་པ་དང་སྙིང་སྟོབས་གླིང་གི་འགན་འཛིན་ངག་དབང་ལྷ་མོ་ལགས། བོད་མིའི་སྒྲིག་འཛུགས་འོས་བསྡུའི་འགན་འཛིན་ལས་རོགས་ཟུར་པ་དང་བཙུན་དགོན་སྒྲོལ་མ་གླིང་གི་སློབ་སྤྱི་དགེ་བཤེས་རིག་འཛིན་ཆོས་གྲགས་ལགས། དབུས་སྣེ་ལེན་ཁང་དང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་སྐུ་ཚབ། རྒྱུ་སྟོད་གྲྭ་ཚང་གི་ཕྱག་མཛོད་གཙོས་པའི་དགེ་འདུན་པ།  ནོར་གླིང་གནས་སྡོད་སེར་སྐྱ་མི་མང་བཅས་མི་ ༡༠༠ ལྷག་འདུ་འཛོམས་བྱུང་འདུག

མཛད་སྒོའི་ཐོག་མར་རྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད་གཙོས་པའི་དགེ་འདུན་པ་རྣམས་ཀྱིས་ས་གནས་ཡན་ལག་ལས་ཁུངས་ལ་རབ་གནས་དང་། ཕྱག་མཛོད་མཆོག་གིས་ལས་ཁུངས་དབུ་འབྱེད་གནང་རྗེས། སྒྲོལ་མ་གླིང་གི་སློབ་སྤྱི་དང་སྙིང་སྟོབས་གླིང་གི་འགན་འཛིན་བཅས་ཀྱིས་ལོ་མང་རིང་ནོར་གླིང་གནས་སྡོད་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་ས་གནས་ཡན་ལག་ལས་ཁུངས་གསར་འཛུགས་ཆེད་རེ་སྐུལ་ཞུས་པའི་བརྒྱུད་རིམ་སོགས་ཀྱི་ཐད་ནས་གཏམ་བཤད་དང་། ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་མཆོག་གིས་ས་གནས་ཡན་ལག་ལས་ཁུངས་གསར་འཛུགས་ཀྱི་དམིགས་ཡུལ་དང་། མ་འོངས་པའི་ལས་དོན་བྱེད་ཕྱོགས་སྐོར་གྱི་གཏམ་བཤད་བཅས་གནང་སོང་།

ས་གནས་མགོ་འཛིན་མཆོག་གིས་ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིར་བཞུགས་སྒར་ཉེ་མཁྲིས་ནོར་གླིང་དུ་རྡ་ས་གནས་ཡན་ལག་ལས་ཁུངས་གསར་འཛུགས་གནང་དགོས་པའི་དམིགས་ཡུལ་གཙོ་བོ། ད་ལྟའི་བར་ནོར་གླིང་ཉེ་མཁྲིས་ཀྱི་རྒན་འཁོགས་གཙོས་པའི་བོད་མི་མང་པོ་ཞིག བདེ་དོན་ལས་ཁུངས་ཀྱི་རྒྱབ་གཉེར་དང་འབྲེལ་བའི་ལས་དོན་ཁག་གི་ཐད་དུས་ཚོད་དང་འགྲོ་སོང་མང་པོ་བཏང་སྟེ་རྡ་རམ་ས་ལར་འགྲོ་དགོས་པའི་དཀའ་ངལ་འཕྲད་ཀྱིན་པའི་གནས་སྟངས་དང་། ས་གནས་ཀྱི་ཉམ་ཐག་ལ་ཞིབ་འཇུག་དང་ས་གནས་ཕྲུ་གུ་སློབ་གྲྭར་གཏོང་ལེན་ཐད་རྒྱབ་གཉེར་སྤྲོད་རྒྱུ། དངུལ་ཁང་དང་རཱ་ཤིན་ཀཱ་ཊི་སོགས་ཀྱི་དཀའ་ངལ།  ས་གནས་མི་མང་གི་བདེ་སྡུག་ལ་གཟིགས་ཞིབ། དུས་ལྟར་མི་མང་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་དང་གསལ་བསྒྲགས་ཁྱབ་སྤེལ་བཅས་ལ་དམིགས་པ་ཞིག་ཡིན་འདུག

ད་ལྟའི་ཆར་ཡན་ལག་ལས་ཁུངས་འདིའི་ཁྱབ་ཁོངས་སུ་གྷོ་པ་པུར་བོད་ཁྱིམ་དང་ཅཱ་མོན་ཊ། རྒྱུད་སྟོད། ནོར་གླིང་རིག་གཞུང་གཅེས་སྐྱོང་ཁང་། སྒྲོལ་མ་གླིང་། འཆི་མེད་དགའ་ཚལ་གླིང་། སྙིང་སྟོབས་གླིང་།  ཤེས་རབ་དགའ་ཚལ་སློབ་གླིང་བཅས་དང་། ས་གནས་ཁ་འཐོར་མི་དམངས་བཅས་ཁྱོན་མི་འབོར་  ༥༠༠༠ ལྷག་ཡོད་འདུག་ལ།  དེ་རིང་ནས་བཟུང་བདུན་ཕྲག་རེའི་གཟའ་ལྷག་པའི་ཆུ་ཚོད་ ༩།༠༠ ནས་ ༥།༠༠ བར་ས་གནས་མགོ་འཛིན་ལགས་ལས་ཁུངས་སུ་ཕེབས་ཏེ་ཕྱག་ལས་གནང་རྒྱུ་དང་། གཟའ་ལྷག་པ་གུང་གསེང་ཡིན་ཚེ་གཟའ་ཕུར་བའི་ཉིན་ས་གནས་མགོ་འཛིན་དང་དྲུང་གཞོན་ལས་རོགས་བརྗེ་བསྒྱུར་གྱིས་ཕྱག་ལས་གནང་སྟེ། ས་གནས་མི་མང་ལ་རྒྱབ་གཉེར་མཚོན་པའི་ལས་དོན་དང་ལམ་སྟོན་སོགས་གནང་རྒྱུ་ཡིན་འདུག་ལ།  ཟླ་གཅིག་རིང་ཞིབ་འཇུག་བྱས་རྗེས་གཏན་འཇགས་ལས་བྱེད་བསྐོ་འཇོག་བྱ་འཆར་ཡོད་པ་མ་ཟད།  ད་ཆར་ནོར་གླིང་ཉེ་འཁྲིས་སུ་འབྲེལ་མཐུད་པ་གསར་འཛུགས་ཀྱི་ཆ་རྐྱེན་ཚང་ཡོད་པ་ལྟར། མ་འོངས་པར་རིམ་པས་འབྲེལ་མཐུད་པ་བསྐོ་བཞག་གནང་ཐབས་ལ་འབད་བརྩོན་གནང་འཆར་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

ཆུ་ཚོད་ ༧ སྔོན་ལ།
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

ཆུ་ཚོད་ ༨ སྔོན་ལ།
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 2

  1. བདེན་གཏམ། says:
    ལོ་ 10 སྔོན།

    མེག་གྷན་གྱི་ས་གནས་དབུ་འཛིན་བསོད་ནམ་རྡོ་རྗེ་ལགས་ལྟའུ་ཡིན་ན་གང་ཡང་ཕན་པ་མིན་འདུག་སྙམ། གང་ཡིན་ཟེར་ན་དེ་སྔོན་སྙིང་སྟོབས་གླིང་གི་ལས་བྱེད་ཞིག་གི་སྙིང་སྟོབས་གླིང་གི་དབུ་འཛིན་ངག་དབང་ལྷ་མོ་གྱིས་སྙིང་སྟོབས་གླིང་དུ་དྲང་པོ་རྩ་བ་ནས་བྱེད་ཀྱི་མེད་ཚུལ་དང་གནས་ཚུལ་དེའི་ཐོག་ས་གནས་འགན་འཛིན་མཆོག་ལ་སྙན་ཞུ་ཞིག་དེ་སྔོན་ ༡༣/༡༡/༢༠༡༢ ཉིན་འབུལ་འདུག་ན། ལས་བྱེད་དེ་ལ་ད་བར་རྡ་ས་ས་གནས་མགོ་འཛིན་བསོད་ནམ་རྡོ་རྗེ་ལགས་ནས་ཕྱག་རོག་གང་ཡང་གནང་མིན་འདུག
    དེར་སོང་མགོ་འཛིན་ཡིན་ཕྱིན་མི་མང་གི་གང་ཞུས་ཐོག་ཞིབ་འཇུག་དང་དྲང་པོ་ངེས་པར་དུ་གནང་དགོས།

    Reply
  2. བུ་ཡུག says:
    ལོ་ 10 སྔོན།

    སྤྱིར་བཏང་ཡིན་ན་ཡག་པོ་རེད་ཡིན་ནའང་ལས་ཀ་སྤོས་དག་པོ་ཞིག་བྱེད་དགོས་པ་གལ་ཆེན་རེད་བསམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist