མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་གསར་ལ་ཆོས་ཕྱོཊ་ཀྱི་བྱེད་སྒོ་ཙམ་ལས་སྤྲོ་སྐྱིད་མ་གཏོང་།

བོད་ཀྱི་དུས་བབ།
༢༠༡༣/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་མཚན་ཐོག་ནས་གསལ་བསྒྲགས་ཤིག་སྤེལ་ཏེ། འདས་ལོར་བོད་མི་ ༨༣ ཙམ་གྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་གནང་ཡོད་སྟབས། ད་ལོའི་ལོ་གསར་སྐབས་བོད་མི་ཚང་མས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཙམ་ལས་སྤྲོ་སྐྱིད་དང་རྒྱས་སྤྲོས་རིགས་མི་གནང་རྒྱུའི་འབོད་སྐུལ་ཞུས་འདུག

ད་དུང་སྲིད་སྐྱོང་མཆོག་གིས། ཕྱི་ལོ་ ༢༠༡༢ ལོ་ན་བོད་དོན་ཞུ་གཏུགས་ཀྱི་ལོ་ཞིག་ལ་སྲུང་གཙི་བྱས་པ་ལྟར། རྒྱལ་ཁབ་མང་པོ་ཞིག་གི་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་ཡོད་སྐོར་དང་། ༢༠༡༣ ལོ་ནི་གདུང་སེམས་མཉམ་སྐྱིད་ཀྱི་ལོ་ལ་སྲུང་གཙི་བྱེད་དགོས་སྟབས། མི་མང་ཚོ་ལས་འགུལ་ནང་མཉམ་ཞུགས་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག

སྲིད་སྐྱོང་མཆོག་གི་གསལ་བསྒྲགས་ནང་བཀོད་དོན། “ ཧ་ཅང་གི་བློ་ཕམ་དང་ཚབས་ཆེ་བའི་གནས་ཚུལ་ཞིག་ལ། རྒྱ་གཞུང་གི་དྲག་གནོན་ལ་ངོ་རྒོལ་བྱེད་ཆེད་རང་ལུས་མེར་བསྲེགས་གཏོང་མཁན་བོད་མི་བརྒྱ་ཟིན་གྲབས་ཡོད། ༢༠༡༢ ནང་རང་ལུས་མེར་བསྲེགས་གཏོང་མཁན་ ༨༣ བྱུང་བ་ནས། ཕྱི་ཟླ་ ༡༡ པའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཚོགས་པའི་སྐབས། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ ༢༨ བྱུང་ཡོད། ཉིན་ཤས་གོང་ཡང་བསྐྱར་རང་ལོ་ ༢༦ ཡིན་པ་དཀོན་མཆོག་སྐྱབས་ནས་རང་ལུས་མེར་བསྲེགས་བཏང་འདུག ལོ་འདིའི་ནང་རང་ལུས་མེར་བསྲེགས་གཏོང་མཁན་གསུམ་པ་དེ་ཆགས་ཡོད།

ཛ་དྲག་གི་གནས་སྟངས་འདི་འདྲའི་དབང་གིས། བོད་རིགས་ཡོངས་ཀྱིས་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་བོད་རྒྱལ་ལོ་ ༢༡༤༠ ལོའི་ལོ་གསར་སྐབས་ཆོས་ཕྱོགས་དང་སྲོལ་རྒྱུན་གྱི་བྱེད་སྒོ་ལས། སྤྲོ་སྐྱིད་དང་རྒྱས་སྤྲོས་རིགས་མ་གནང་རོགས་ཞུ་རྒྱུ་ཡིན། ལོ་གསར་སྐབས་བོད་ཆས་བཞེས་ནས་དགོན་སྡེ་ཁག་ཏུ་བོད་བསྟན་སྲིད་མི་རིགས་ཀྱི་དོན་ དུ་ལུས་སྲོག་བློས་བཏང་གནང་མཁན་ཡོངས་དང༌། ད་ལྟའི་ཆར་བཙན་བཟུང་འོག་དཀའ་སྡུག་མྱོང་བཞིན་པའི་ཤ་ཁྲག་གཅིག་པའི་གཞིས་བཞུགས་བོད་རིགས་སྤུན་ཟླ་ཚོའི་ཆེད་མཆོད་འབུལ་སྨོན་ལམ་གནང་རོགས་ཞུ་རྒྱུ་ཡིན། དེ་མཚུངས་ང་ཚོས་ཁོང་ཁྲོ་དང་ཞེ་སྡང་གི་གཞན་དབང་དུ་མ་སོང་བར་ཞི་འཇམ་གནས་རྒྱུ་གལ་ཆེན་པོ་ཡིན།

བོད་མིའི་སྒྲིག་འཛུགས་ཀྱིས་ཚབས་ཆེ་བའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་ལན་མང་ཞུ་བཞིན་དུ། རང་ལུས་མེར་བསྲེགས་མུ་མཐུད་འབྱུང་བཞིན་པ་རེད། རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་ཡོངས་གྲགས་ཀྱི་མངོན་འདོད་ནི། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་བོད་མིར་རང་དབང་དགོས་པ་གཉིས་ཡིན། དེ་དག་མངོན་འགྱུར་ཡོང་ཐབས་བྱེད་རྒྱུ་ང་ཚོའི་རྩ་ཆེའི་ལས་འགན་ཡིན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ ཉིན་ཕྲན་གྱི་ཡོངས་ཁྱབ་གཏམ་བཤད་ནང་ཕྱི་ལོ་ ༢༠༡༢ དེ་བོད་ཀྱི་ཞུ་གཏུགས་ཀྱི་ལོར་སྲུང་བརྩི་ཞུ་རྒྱུའི་འབོད་སྐུལ་ཞུས་ཡོད་པ་ལྟར། ཚང་མས་འབད་རྩོལ་གནང་བའི་འབྲས་བུར་ད་བར་ཡུ་རོབ་དང༌། ཕ་རན་སི། ཨི་ཊ་ལི། ཨ་རི་བཅས་ཀྱི་གྲོས་ཚོགས་ནང་དངོས་སུ་གྲོས་ཆོད་བཞག་ཐུབ་པ་བྱུང་བ་དང༌། སྦ་ར་ཛིལ་དང་ཉི་ཧོང་སོགས་ཀྱི་གྲོས་ཚོགས་འཐུས་མི་མང་པོས་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ་ཡོད།

གོང་གསལ་གྲོས་ཚོགས་ཁག་དང༌། དེ་བཞིན་བོད་ཀྱི་ཛ་དྲག་གནས་སྟངས་ཐོག་ཐུགས་སྣང་དང་ཐུགས་ཁུར་གནང་མཁན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང༌། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང༌། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ། རྒྱལ་མཚམས་རིས་མེད་ཀྱི་གསར་འགོད་མཐུན་ཚོགས། རང་དབང་གི་ཁང་པ་(Freedom House)བཅས་ཡོངས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྔ་ལོ་ང་ཚོས་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བ་རྣམས་གཞི་རྟེན་དུ་བཟུང་ནས་ཕྱི་ལོ་ ༢༠༡༣ དེ་བོད་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལོར་སྲུང་བརྩི་ཞུ་ཆེད་ཕྱོགས་ཡོངས་ནས་མཉམ་ཞུགས་གནང་དགོས། དེ་དང་འབྲེལ་བའི་གཞི་རྒྱ་ཆེ་བའི་ལས་འགུལ་དང་པོ་དེ་སྔ་ལོ་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ནེའུ་ཡོག་ཏུ་སྤེལ་བ་དང༌། རང་ལུས་མེར་བསྲེགས་སྐོར་(རྒྱ་ནག་གིས་བོད་ནང་གང་བྱེད་ཀྱི་ཡོད་དམ་)ཞེས་པའི་བརྙན་འཕྲིན་འགྲེམས་སྤེལ་ཞུས་ཡོད། བོད་མི་མང་སྤྱི་འཐུས་རྣམ་པས་རྒྱ་གར་གྱི་མངའ་སྡེ་མང་པོའི་ནང་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བཞིན་པ་རེད། ཉིན་ཤས་རྗེས་ཕྱི་ཟླ་ ༡ ཚེས་ ༣༠ རེས་གཟའ་ལྷག་པ་ནས་ཟླ་ ༢ ཚེས་ ༢ བར་ཉིན་བཞིའི་རིང༌། ས་གནས་གང་ས་ནས་བཙན་བྱོལ་བོད་མི་སྟོང་ཕྲག་ཁ་ཤས་འདུ་འཛོམས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ལས་འགུལ་རིམ་པ་སྤེལ་རྒྱུ་ཡིན། དེ་བཞིན་ཕྱི་ཟླ་ ༣ ཚེས་ ༡༠ བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན། ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ས་སྦར་སིལ་དུ་ཡུ་རོབ་ཁུལ་དུ་གནས་འཁོད་བཙན་བྱོལ་བོད་མི་རྣམས་མཉམ་འཛོམས་ཀྱིས་ལས་འགུལ་སྤེལ་འཆར་རེད།

བོད་རིགས་སྤྱི་མཐུན་ཚོགས་པ་ཁག་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཅས་ཚང་མས་མཉམ་རུབ་ཐོག་ནས། གྲོས་ཚོགས་དང་སྲིད་གཞུང་ཁག་ལ་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་རོགས་ཞུ་རྒྱུ་ཡིན། གནས་ཡུལ་ས་གནས་ཀྱི་གསར་འགོད་མི་སྣར་འབྲེལ་བ་བྱས་ཏེ། བོད་ནང་གི་གནས་སྟངས་སྐོར་རྩོམ་བྲིས་སྤེལ་རྒྱུའི་སྐུལ་འདེབས་དང༌། རྒྱལ་སྤྱིའི་སྐུ་ཚབ་ཚོགས་པ་དང་གསར་འགྱུར་བརྒྱུད་ལམ་ཁག་བོད་ནང་འགྲོ་བསྐྱོད་ཆོག་པའི་རེ་འདུན་བཏོན་དགོས། དེ་མཚུངས་ང་ཚོའི་ལས་འགུལ་ཚང་མ་ཞི་བ་དང༌། ཁྲིམས་མཐུན། ཆེ་མཐོང་ལྡན་པ་དགོས་རྒྱུ་སྙིང་བཅང་ཞུ་དགོས།

རྒྱ་རིགས་སྤུན་ཟླ་ཚོས་ཀྱང་བོད་མིའི་མངོན་འདོད་འགྲུབ་ཐབས་སུ་མཉམ་རུབ་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། ཞི་བའི་སྒོ་ནས་བོད་དོན་དཀའ་རྙོག་སེལ་ཐབས་སུ་གྲོས་མོལ་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་མེད། ད་ལྟའི་དཀའ་ངལ་འདིའི་འབྱུང་རྐྱེན་དང་འགན་ཁུར་གཉིས་ཀ་རྒྱ་ནག་གཞུང་ལ་ཡོད། གཞིས་བཞུགས་བོད་རིགས་སྤུན་ཟླ་ཡོངས་ལ་ཞུ་རྒྱུར། ང་ཚོ་དུས་རྟག་ཏུ་ཁྱེད་ཚོའི་རྒྱབ་ཏུ་ཡོད་མུས་ཡིན། ང་ཚོས་ཆིག་བསྒྲིལ་དང༌། གསར་གཏོད། རང་ཁ་རང་གསོ་བཅས་ཀྱི་ལྟ་གྲུབ་ཀྱི་ལམ་སྟོན་ལ་བརྟེན་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་པ་བྱ་རྒྱུ་དང༌། བོད་མིའི་རང་དབང་བསྐྱར་གསོ་བྱ་རྒྱུའི་དམིགས་ཡུལ་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན” ཞེས་བཀོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༣ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༤ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 11

  1. རྩྭ་ཐང་གི་གླག་རྒོད། says:
    ལོ་ 12 སྔོན།

    རྒྱ་གཅེས་དབའ་བོ་དབའ་མོ་ཚོས་ཁྱེད་དུ་ང་ཚོའི་ལོ་གསར་མ་གཏོང་རོགས་

    Reply
  2. འཇམ་གཅེས ། says:
    ལོ་ 12 སྔོན།

    ངས་ནི་ཆོས་ཕྱོགས་དང་འཇིག་རྟེན་ཕྱོགས་གང་ཡིན་ཡང་ལོར་གསར་མི་གཏོང་ངོ་མ་ཡིན། ཆེན་པོ་ཞིག་མི་འཇོན་མོད། སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་། །སྡུག་གི་ཁུ་བོ་མཉམ་ཁུར་མཚོད་ཆེད་དུ་རོ་ཐོག་ཞབས་བྲོ་འཁྲབ་མི་འདོད། དེ་མིན་ཁྲེལ་མེད་ཀླད་སྟོང་མཁན་རྒྱུག་ཁྱི་ཁྱེད་ཚོས་ལོ་གསར་ལོ་གཏོང་། གཏོང་དགོས་ངེས་རེད། གང་ཡིན་ཞེ་ན། ཁྱོད་ཚོ་ལ་དགོས་པའི་གོད་ཆག་དེ་ང་ཚོ་བོད་མིའི་མགོ་ཐོག་ལྷུང་ཡོད་པ་རེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    མཚམས་པ་ཅིག་གིས་ལོ་གསར་བཏང་ན་ག་འདྲ་ཟེ་གཏོང་བགྱིད་རེད། སྤོ་རྨོ་གཉིས་ལས་མེད་ན་ལོ་གསར་ག་འདྲ་ཟེ་གཏོང་བགྱིད་རེད། ཀྲེན་ནད་ཕོག་ནས་ཤི་སྒུག་བྱེད་བཞིན་པ་ཅིག་ཡིན་ཁོང་གིས་ལོ་གསར་ག་འདྲ་ཟེ་གཏོང་བགྱིད་རེད།
    ང་བོད་མི་མངས་ཚོས་འདི་ལྟ་བུའི་ཆོས་ཀྱིས་རྟེན་འགྲིགས་པའི་སྒོ་ནས་ལོ་གསར་ངེས་པར་གཏོང་དགོས་ཀྱང་། རང་གི་ནང་མི་ཅིག་ད་ལོ་གྲོངས་པ་ལྟར་མྱ་ངན་དང་གསོལ་འདེབས་བྱ་རྒྱུ་ཡང་མ་བརྗེད་པ་བྱེད་དགོས་པ་མགཉིས་འཛོམས་མི་དགོས་སམ། ལགས།

    Reply
  4. Ngawang Norbu says:
    ལོ་ 12 སྔོན།

    ༄། །ལམ་སྟོན་གནང་རྒྱུ་གོང་མས་ལས་འགན་རེད། །
    འགྲོ་དང་མི་འགྲོ་སོ་སོའི་འདོད་པ་རེད། །
    བཀའ་ལྟར་བརྩི་ན་ཡ་རབས་སྤྱོད་བཟང་རེད། །
    བརྩི་དང་མི་བརྩི་སོ་སོའི་འདོད་པ་རེད། །

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ལོ་གསར་གཏོང་། སྤྲོ་སྐྱིད་མ་གཏོང་། ཚིག་སྔ་ཕྱི་འགལ་འདུག་གམ། གོ་དོན་ཁྱོན་ནས་མེད་པ་ཡིན་ནམ། ལགས།

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 12 སྔོན།

    གཅན་གཟན་གྱི་པགས་རིགས་གྱོན་པ་དང་གསེར་དངུལ་གཡུ་བྱུར་འདོགས་པའང་བོད་ཀྱི་གནའ་ནས་ད་བར་དུ་བྱས་ཡོང་པ་ཞིག་རེད། ལྷག་པར་དུ་སྟག་གཟིག་གི་པགས་རིག་གོས་ཀྱི་གོང་བ་དང་འདབས་གཞམ་དུ་རྒྱག་པ་དེ་ཡང་བོད་བཙན་པོའི་སྐབས་ཀྱི་དཔའ་བོར་བསྟོད་པ་དང་ཆེ་མཐོང་སྤྲོད་པའི་སྲོལ་ཞིག་ཡིན་ལ། དེ་དང་འབྲེལ་ནས་སྐྱེ་པ་ཚོར་བསྟོད་པའི་གླུ་དང་ཤགས་འགྱེད་སོགས་རིག་གནས་སུ་ཆགས་ཡོད་མོད། ༢༠༠༦ ལོར་༸གོང་ས་མཆོག་གི་བཀའ་གནང་སྟེ་དེ་ཡག་པོ་མི་འདུག་ཚུལ་གསུངས་པས་བོད་མི་ཚོས་གཅན་གཟན་གྱི་པགས་རིགས་མེར་སྲེག་གི་ལས་འགུལ་སྤེལ་ཏེ་རྒྱུ་ནོར་སྒོར་དུང་ཕྱིར་གྱི་གྱོང་འཁུར་དགོས་ཀྱང་ཅི་སྙམ་པས་ལས་འགུལ་སྤེལ་ཞིང་པགས་རིགས་གྱོན་སྤྱོད་ལ་ངོ་རྒོལ་ཡང་བྱས་ཏེ་ད་ལྟ་སྲོལ་དེ་མེད་པར་གྱུར་བ་རེད།
    དེ་ལྟ་བུའི་དམངས་སྲོལ་རིག་གནས་དང་རྒྱུ་དངོས་རྩ་ཡལ་བྱེད་པར་མི་ཕངས་པའི་བོད་མི་རིགས་འདིས་དེང་སྐབས་རང་གི་མགོ་ཐོག་ལ་སྡུག་དགུ་བརྩེགས་ཀྱིས་བསྐོར་འདུག་པའི་སྐབས་འདི་འདྲ་ལ་ལོ་གསར་མི་གཏོང་པ་ནི་ཅི་ཡང་མ་རེད། ལོ་གསར་མི་གཏོང་ཞིང་བོད་དོན་དུ་རང་སྲོག་བློས་བཏང་བ་དང་ཤུལ་ལུས་ནང་མིར་གདུང་སེམས་མཉམ་སྐྱེད་ཆེད་དུ་ལོ་གསར་མི་གཏོང་།
    ཆོས་ཀྱི་མཛད་སྒོ་ཡང་མི་གཏོང་། གལ་སྲིད་ཆོས་ཕྱོགས་ཀྱི་མཛད་སྒོ་ཟེར་བ་འདི་བཏང་ཚེ་བོད་མི་ཚོས་ཁ་གཡོར་ས་བཙལ་ཏེ་ག་ལེར་སྤྲོ་སྐྱིད་བཏང་དང་གཏོང་བཞིན་པ་ཀུན་གྱིས་ཤེས་ནི་རེད། དེ་བས་ཆོས་ཕྱོགས་ཀྱི་མཛད་སྒོ་ཡང་མི་དགོས་སོ། །

    Reply
  7. Ngawang Norbu says:
    ལོ་ 12 སྔོན།

    ༄། སྐལ་བཟང་དགྲ་འདུལ་ལ། འོ་ཛི་ཁྱེད་རང་ལོ་གསར་གཏོང་དང་གཏོང་། དེ་ཁྱེད་རང་གི་ཐོབ་ཐང་རེད། ང་ཚོ་བཙན་བྱོལ་ལ་ཡོད་ཀྱངདམངས་གཙོའི་ལམ་ལ་འགྲོ་གི་ཡོད་ལྟབས་ཁྱེད་རང་གི་ཐོབ་ཐང་བརྒྱ་ཆ་བརྒྱ་ཐམས་པ་ཡོད་རེད། དེ་སོང་ཙང་ཁྱེད་ལོ་གསར་ཚེས་གཅིག་སྔ་དྲོ་བོད་ནང་ད་བར་བོད་ཀྱི་རྩ་དོན་ཁོ་ནའི་ཆེད་རང་གི་གཅེས་པའི་ལུས་སྲོག་མེ་མཆོད་དུ་ཕུལ་བའི་སྐུ་ཕུང་བརྒྱ་ཐམས་པ་མ་ཟིམ་ཙམ་རྣམས་སྡེར་ཁར་འགྲིགས་ཤོམ་གྱི་ལོ་གསར་ཟབ་རྒྱས་ཤིག་གཏོང་རོགས་གནང་། ད་ཡིན་ན་ཁྱེད་རང་མ་གཏོགས་རིག་གཞུང་མ་ཉམས་གོང་སྤེལ་དང་ཉམས་པ་གསོར་བཅུད་གནང་མཁན་སུ་ཡང་མིན་འདུག་

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་ འདས་ལོར་བོད་མི་ ༨༣ ཙམ་གྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་གནང་ཡོད་སྟབས། ད་ལོའི་ལོ་གསར་སྐབས་བོད་མི་ཚང་མས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཙམ་ལས་སྤྲོ་སྐྱིད་དང་རྒྱས་སྤྲོས་རིགས་མི་གནང་རྒྱུའི་འབོད་སྐུལ་ཞུས་འདུག ་་་་ཟེར།

    Reply
  9. འཇམ་གཅེས ། says:
    ལོ་ 12 སྔོན།

    འབོད་བསྐུལ་ལ་མོས་མཐུན་ཡོད། རོ་ཐོག་རྟ་རྒྱུག་བཟོ་འདོད་མཁན་ཡོད་ན་བཟོས་་དང་འགྲིག་གི་རེད། རིག་གཞུང་ཁ་ལ་འཁྱེར་ནས་དཀྲོགས་གཏམ་བཤད་མ་ཡོང་། ཁྱོད་ཀྱིས་ནང་མི་ཞིག་མེ་བསྲེགས་འམ་རང་སྲོག་ཤོར་ཡོད་ན་ཁྱོད་ཀྱིས་ལོ་གསར་ལ་རོལ་གྱི་ཡིན་ནམ་་་དེར་བསམ་བློ་ཐོང་ཤིག །

    Reply
  10. སྐར་མདའ། says:
    ལོ་ 12 སྔོན།

    བསྐྱར་ཟློས། བསྐྱར་ཟློས། བསྐྱར་ཟློས། ་་་་་་་་་
    ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐིགས་པ། རང་གི་རིག་གཞུང་ལ་ལར་ཞེན་དང་རྒྱུས་མངའ་མེད་མཁན་དག་ལ། ལག་ལེན་ལས་ཁ་ཕོ་མང་པོ་ཡོད།

    Reply
  11. སྐལ་བཟང་དགྲ་འདུལ། says:
    ལོ་ 12 སྔོན།

    ལོ་གསར་མི་གཏོང་རྒྱུར་འབོད་སྐུལ་ཞུས་པ་དེར་མོས་མཐུན་མེད། འདས་པའི་ལོ་ལྔ་ཙམ་རིང་ལོ་གསར་བཏང་ཡོད་པ་མ་རེད། གཞུང་གིས་ལས་འགུལ་སྤེལ་མི་ཐུབ་པར་མི་མང་གི་ལོ་གསར་བཀག་འགོག་བྱས་པར་མོས་མཐུན་རྩ་བ་ནས་མེད། བོད་གསར་ཟེར་བ་འདི་བོད་པ་ཙམ་མ་རེད་འཛམ་གླིང་ཚར་མར་ཡོད་པའི་མི་རིགས་སོ་སོའི་རིག་གཞུང་ཞུག་རེད། ལོ་གསར་མ་གཏོང་ལབ་པ་ཡིན་ན་རིགས་གཞུང་དེ་མ་སྤེལ་ཟེར་བ་དང་གཅིག་མཚོངས་རེད་བསམ་གྱིན་འདུག་གོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese