མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་དམངས་གཙོ་ཉིན་མོ་སྲུང་གཙི།

བོད་ཀྱི་དུས་བབ།
༢༠༡༣/༠༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་པའི་བཀའ་བློན་རྣམ་པ་དང་དྲུང་ཆེ་རྣམ་པ་འདུ་འཛོམས་ཐོག་རྒྱ་གར་གྱི་དམངས་གཙོའི་ཉིན་མོ་སྲུང་གཙི་གནང་སོང་།

དེ་རིང་ཕྱི་ཚེས་ ༢༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༠༠ པའི་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་པའི་ཕྱག་རོགས་བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་འཕར་དང་དྲུང་ཆེ་རྣམ་པ། བཀའ་དྲུང་ཡིག་ཚང་གི་སྲི་ཞུ་ལས་བྱེད་བཅས་དབུས་བོད་མིའི་སྒྲིག་འཛུགས་བཀག་ཤག་མདུན་ཐང་དུ་འདུ་འཛོམས་ཀྱིས། རྒྱལ་གར་གྱི་རྒྱལ་གླུ་གྱེར་འདོན་དང་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་བཅས་གནང་སྟེ། རྒྱ་གར་གྱི་དམངས་གཙོ་དབུ་བརྙེས་ཏེ་མི་ལོ་ ༦༤ འཁོར་བའི་དུས་དྲན་ཉིན་མོ་ (Republic Day) སྲུང་གཙི་གནང་སོང་།

དུས་དྲན་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསར་འགོད་པ་ཚོར། “ ང་ཚོས་ནམ་རྒྱུན་ཞུ་བསྡད་ཀྱིན་པ་ལྟར། རྒྱ་གར་གཞུང་མང་གཉིས་ཀ་བོད་མི་ཚོར་བཀའ་དྲིན་ཆེན་ཆེ་ཤོས་དེ་ཆགས་ཡོད། བོད་མིའི་མི་འབོར་མང་ཤོས་དང་བོད་མིའི་སྒྲིག་འཛུགས་བཅས་རྒྱ་གར་ནང་ཡོད་པ་ལྟར། ད་ལྟའི་བར་རྒྱ་གར་གཞུང་མང་གཉིས་ཀྱིས་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བ་ལ་བརྟེན་ནས་ང་ཚོ་མི་ལོ་ ༥༠ ལྷག་གི་རིང་གནས་ཐུབ་པ་བྱུང་སྟབས། ང་རང་གི་ངོས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན་ལ། དམིགས་བསལ་ངས་སྲིད་སྐྱོང་གི་འགན་འཁུར་བ་ནས་ཚོར་བ་གཅིག་པུ་མིན་པར། ཉམས་མྱོང་གི་ཐོག་ནས་རྒྱ་གར་གཞུང་གི་མགོ་ཁྲིད་དང་ལས་བྱེད་རྣམ་པས་བོད་མི་རིགས་ལ་བརྩེ་བ་དང་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་ཡོད་པ་གསལ་བོ་རེད།  དུས་རྟག་ཏུ་རྒྱ་གར་གྱི་འབྲེལ་ཡོད་ལས་ཁུངས་མང་པོ་བཅར་སྐབས་ཁོང་རྣམ་པས་མཐུན་འགྱུར་དང་རྒྱབ་སྐྱོར་གང་ཐུབ་གནང་བར་བརྟེན། བསྐྱར་དུ་གཞུང་མང་གཉིས་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། ”ཞེས་གསུངས་བྱུང་།

དེ་རིང་ཕྱི་དྲོ་ནས་ཉིན་གཉིས་རིང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་སློབ་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་ཟུར་པ་ཨ་པུར་ཝ་ཅན་ངྷིར་མཆོག་གིས་ད་ལྟའི་བར་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་གི་འཛིན་སྐྱོང་དང་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་འབུལ་ཆེད། ཁོང་ལ་བོད་ཀྱི་ཟློས་གར་བཅར་འབུལ་སོགས་ཀྱི་ལས་རིམ་ནང་མཉམ་ཞུགས་གནང་རྒྱུ་ཡིན་འདུག་ལ།  ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ནས་ཕྱི་ཟླ་ ༣ པའི་ཚེས་ ༢ བར་ལྡི་ལི་དང་གནས་མཆོག་རྡོ་རྗེ་གདན། བྱང་ཨ་རི། ཁེ་ན་ཌ་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡༣ སྔོན་ལ།
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

ཆུ་ཚོད་ ༡༥ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 4

  1. རྩྭ་ཐང་གི་གླག་རྒོད། says:
    ལོ་ 13 སྔོན།

    རྒྱ་གར་དམངས་གཙོའི་ཉིན་མོར་རྟེན་འབྲེལ་ཞུ

    Reply
  2. བུ་ཡུག says:
    ལོ་ 13 སྔོན།

    སྐུ་ངོའི་སེམས་ཁུངས་ཀྱི་བོད་མིའི་གྲངས་འབོར་དེ་ཅིག་ཉུང་བ་ལ་གཞིའི་ཆགས་ཁག་མ་གཏོགས་འཆར་གྱི་མེད་པ་འདྲ། ཧ་ཧ་ཧ་

    Reply
  3. བུ་ཡུག says:
    ལོ་ 13 སྔོན།

    སྲིད་སྐྱོང་ལགས་དུས་རྒྱུན་དུ་མ་ཎི་འདོན་པ་བཞིན་བོད་མི་ས་ཡ་དྲུག་ཞེས་གོ་མ་མྱོང་ངམ་འོ་ན་ས་ཡ་དྲུག་པོ་འདིར་ཡོད་དམ་མདང་དགོང་གཉིད་མང་པོ་བཅག་ཡོད་ས་རེད། སྐད་ཆ་བསམ་ནས་བཤད་ན་ཡག་ས་རེད།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་ བོད་མིའི་མི་འབོར་མང་ཤོས་དང་བོད་མིའི་སྒྲིག་འཛུགས་བཅས་རྒྱ་གར་ནང་ཡོད་པ་ལྟར། ད་ལྟའི་བར་རྒྱ་གར་གཞུང་མང་གཉིས་ཀྱིས་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བ་ལ་བརྟེན་ནས་ང་ཚོ་མི་ལོ་ ༥༠ ལྷག་གི་རིང་གནས་ཐུབ་པ་བྱུང་སྟབས། ང་རང་གི་ངོས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན་ལ། ་་་་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese