མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༦ ལ་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་དུ། རྒྱ་གཞུང་གིས་བོད་མི་ ༦ ལ་ཉེས་འཛུགས་ཁྲིམས་ཐག་བཅད་འདུག

ཁ་སང་ཕྱི་ཟླ་ ༡ ཚེས་ ༣༡ ཉིན། བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་གི་རྒྱ་གཞུང་མི་དམངས་ཁྲིམས་ཁང་གིས། བོད་མི་པདྨ་དོན་འགྲུབ་དང་། སྐལ་བཟང་རྒྱ་མཚོ། པདྨ་འཚོ། ལྷ་མོ་དོན་གྲུབ་བཅས་མི་ ༤ ལ་བསམ་བཞིན་མི་བསད་པའི་ནག་ཉེས་དང་། གདུགས་དཀར་རྒྱལ། གཡང་མོ་སྐྱིད་གཉིས་ལ་བསྙད་འཚོལ་ཟིང་ཆ་བསླངས་པའི་ཉེས་འཛུགས་བཅས་བྱས་ཏེ་བཙོན་འཇུག་ཁྲིམས་ཐག་བཅད་འདུག 

དེ་རིང་རྒྱ་གཞུང་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  བོད་མི་པདྨ་དོན་འགྲུབ་ལ་ལོ་ ༡༢ བཙོན་འཇུག་ཁྲིམས་ཐག་དང་ལོ་ ༢ ཆབ་སྲིད་ཁེ་དབང་བཙན་འཕྲོག  སྐལ་བཟང་རྒྱ་མཚོར་ལོ་ ༡༡ བཙོན་འཇུག་ཁྲིམས་ཐག་དང་ལོ་ ༡ ཆབ་སྲིད་ཁེ་དབང་བཙན་འཕྲོག  པདྨ་འཚོར་ལོ་ ༨ བཙོན་འཇུག་ཁྲིམས་ཐག  ལྷ་མོ་དོན་འགྲུབ་ལ་ལོ་ ༧ བཙོན་འཇུག་ཁྲིམས་ཐག  གདུགས་ཀར་རྒྱལ་ལ་ལོ་ ༤ བཙོན་འཇུག་ཁྲིམས་ཐག  གཡང་མོ་སྐྱིད་ལ་ལོ་ ༣ བཙོན་འཇུག་ཁྲིམས་ཐག་བཅས་བཅད་འདུག

སྔར་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༣ ཉིན། མདོ་སྨད་བླ་བྲང་བསང་ཆུ་རྫོང་དྲག་ཆས་ཉེན་རྟོག་ཁང་གི་སྒོ་འགྲམ་ཏུ།  རྒྱལ་གཅེས་དཔའ་བོ་རྡོ་རྗེ་རིན་ཆེན་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་སྐབས།  རྒྱ་གཞུང་ཉེན་རྟོག་དམག་མིས་ཁོང་གི་སྐུ་ཕུང་བཙན་འཁྱེར་བྱེད་རྩིས་བྱས་པར།  ས་གནས་བོད་མི་ཚོས་རྒྱ་ལག་ཏུ་ཤོར་མ་བཅུག་པར་འདས་པོ་ཁོང་གི་སྐུ་ཕུང་སོ་སོའི་ཁྱིན་དུ་གདན་འདྲེན་བྱས་ཡོད་སྟབས།  རྒྱ་གཞུང་གིས་སྐུ་ཕུང་གདན་འདྲེན་བྱེད་མཁན་བོད་མི་ཚོར་བསམ་བཞིན་མི་བསད་པ་དང་ཟིང་ཆ་བསླངས་སོགས་ཀྱི་ཉེས་འཛུགས་བྱས་ཏེ་བཙོན་འཇུག་ཁྲིམས་ཐག་བཅད་པ་ཞིག་རེད།  

ཉེ་སྔོན་རྒྱ་གཞུང་དབུས་ཆེས་མཐོའི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་། དབུས་ཉེན་རྟོག་སྡེ་ཁག་གསུམ་གྱིས་མཉམ་འབྲེལ་ཐོག  བོད་ནང་གི་རང་ལུས་མེར་བསྲེགས་ལ་གདུང་སེམས་མཉམ་སྐྱེད་གནང་མཁན་བོད་མི་ཚོར་དྲག་རྡུང་ཁྲིམས་གཅོད་བྱ་ཆེད།  རྒྱ་ནག་གི་བཅའ་ཁྲིམས་དང་འགལ་བའི་ཁྲིམས་ཡིག་ཅིག་བཟོས་ཏེ་ས་གནས་ཁག་ཏུ་འགྲེམས་བསྒྲགས་བྱས་ཡོད།  

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡༤ སྔོན་ལ།
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

ཆུ་ཚོད་ ༡༦ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese