མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“བོད་མི་རིགས་ཀྱི་འཐབ་རྩོད་མུ་མཐུད་གནང་ཐུབ་མཁན་ཞིག་བཟོ་དགོས”

བོད་ཀྱི་དུས་བབ།
༢༠༡༣/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ལྡི་ལིའི་ཇན་ཊིར་མན་ཊིར་དུ་མི་མང་དྲུག་སྟོང་ལྷག་འདུ་འཛོམས་ཐོག་དཀའ་ལྡན་ཁྲི་པ་མཆོག་གིས་བསྟན་སྲིད་མི་རིགས་ཆེད་རང་ལུས་མེར་བསྲེགས་གནང་བ་དེ་འཚེ་མེད་ཞི་བའི་ལས་འགུལ་ཞིག་ཡིན་པ་དང་ཁོང་གིས་གནས་ཚུལ་དེར་ཐུགས་འཚབ་དང་གདུང་སེམས་མཉམ་སྐྱེད་གནང་གི་ཡོད་སྐོར་སོགས་གསུངས་སོང་།

དེ་རིང་ཕྱི་ཚེས་ ༡ ཉིན་ཏེ། བཀའ་སྤྱི་གཉིས་ཀྱིས་སྣེ་འཁྲིད་པའི་ལྡི་ལིའི་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་ཉིན་གསུམ་པར། དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་ལ་དྭགས་རི་རྫོང་སྲས་སྤྲུལ་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག་དབུ་བཞུགས་ཐོག བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེའི་དབུས་པའི་ཕྱག་རོཊ་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་དབུས་པའི་སྤྱི་འཐུས་རྣམ་པ་དང་ས་གནས་ཁག་ནས་ཕེབས་པའི་བོད་མི་སེར་སྐྱ་མི་མང་དང་བོད་དོན་རྒྱབ་སྐྱོར་བ་བཅས་མི་  ༦༠༠༠  བརྒལ་བ་ཇན་ཊིར་མན་ཊིར་ (Jantar Mantar) དུ་འཛོམས་ཏེ། བོད་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་བསྔོ་བ་སྨོན་ལམ་དང་ཟས་བཅད་ངོ་རྒོལ་ལས་འགུལ་སྤེལ་སོང་བ་མ་ཟད། གྷོ་པ་པུར་བོད་ཁྱིམ་སློབ་གྲྭའི་སློབ་མས་བོད་ནང་གི་རྩོམ་པ་པོ་ཐེའུ་རིང་ལགས་ཀྱི་༼ཁྲག་ཡིག༽ ལས་བཏོན་པའི་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་གྱི་སྙན་ངག་གྱེར་འདོན་དང་། ༼ཚེ་སྲོག་ལས་གྲུབ་པའི་ཞུ་འབོད༽ཅེས་པའི་གཏམ་བརྗོད་འཁྲབ་སྟོན་གཟིགས་འབུལ། རྒྱ་གར་གྱི་ཕྱི་སྲིད་དང་དཔལ་འབྱོར། བདེ་སྲུང་བཅས་ཀྱི་བློན་ཆེན་ཟུར་པ་སྐུ་ཞབས་ཇ་ཤཱ་ཝར་སིངྒ་མཆོག་དང་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་བཅས་ཀྱི་གསུང་བཤད་དང་། མཇུག་ཏུ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་སོང་།

དེ་རིང་གི་ལས་འགུལ་སྐབས་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས། བོད་ནང་ཛ་དྲག་གི་གནས་ཚུལ་ཐོག་མར་བྱུང་ཡུལ་ཨ་མདོ་རྔ་པར་རྒྱ་ནག་དབུས་གཞུང་མ་ཚུགས་པའི་གོང་སྟེ་ཕྱི་ལོ་  ༡༩༣༥ ཙམ་ནས་མའོ་ཙེ་ཏུང་གི་མགོ་ཁྲིད་པའི་དམག་མི་ཨ་མདོ་དང་དེ་ནས་ཁམས་ཁུལ་དུ་བཙན་འཛུལ་བྱས་ཤིང་། སྐབས་དེར་བོད་ཀྱི་ལོ་རྒྱུས་ནང་གི་མུ་གེ་དང་པོ་བྱུང་བ་དང་། ཨ་མདོ་རྔ་པའི་མི་ཐོག་གསུམ་གྱིས་རྒྱ་གཞུང་གི་དྲག་གནོན་དང་སྡུག་སྦྱོང་རབས་དང་རིམ་པ་མྱངས་ཡོད་པ་མ་ཟད། ༢༠༠༨ ལོར་རྒྱ་གཞུང་གིས་མི་མང་ཁྲོད་གང་བྱུང་མེ་མདའ་བརྒྱབ་སྟེ་བོད་མི་ ༢༣ དམར་གསོད་དང་། བོད་མི་མང་པོར་རྨས་སྐྱོན་དང་འཛིན་བཟུང་། རྔ་པ་ཀིརྟི་དགོན་པ་གཙོས་པའི་དགོན་སྡེ་ཁག་དེ་བཙོན་ཁང་གི་ངོ་བོར་བསྒྱུར་སྟབས་ད་ལྟའི་རང་ལུས་མེར་བསྲེཊ་གནས་ཚུལ་འདི་བྱུང་སྐོར་ངོ་སྤྲོད་གནང་སོང་།

རིན་པོ་ཆེ་མཆོག་གིས་མུ་མཐུད་དུ་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་བོད་ནང་གི་བོད་མི་ཚོའི་བདེ་སྡུག་ལ་འགན་བཞེས་རྒྱུ་ལས་འགན་ཆགས་ཡོད་སྟབས། དཔལ་འབྱོར་དང་ཤེས་རིག  དམག་དོན་སོགས་ཕྱོགས་ཡོངས་ནས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཆགས་ཡོད་པའི་རྒྱ་ནག་ལ་ཁ་གཏད་གཅོག་ཆེད་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཁ་ཆེམས་བསྒྲུབ་ཆེད། བོད་མི་ཚོ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་བྱ་དགོས་པའི་འབོད་སྐུལ་ཡང་གནང་སོང་།

མཇུག་ཏུ་གསར་འགོད་པས་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ལ་ཐེངས་འདིའི་བོད་མིའི་གདུང་སེམས་མཉམ་སྐྱེད་འགུལ་བརྒྱུད་དེ་བོད་ནང་གི་བོད་མིར་ཚོར་ལམ་སྟོན་གྱི་བཀའ་སློབ་ག་རེ་ཡོད་མེད་བཅར་འདྲི་ཞུས་པར་རིན་པོ་ཆེ་མཆོག་གིས། “ བོད་ནང་ལ་མཚོན་ན་དཀའ་ངལ་ཆེན་པོ་ཞིག་ཡོད་ཀྱང་། ཁྱེད་རང་ཚོས་ད་ལྟའི་བར་དུ་སེམས་ཤུགས་མ་ཆག་པར་ག་རེ་ཡིན་ཡང་བྱེད་བསྡད་ཀྱི་ཡོད་པ་རེད། ཡིན་ནའང་། ང་ཚོའི་དོན་དག་གཙོ་བོ་དེ་མགྱོགས་པོ་ཞིག་དང་ལས་སླ་བོའི་ངང་ནས་འགྲུབ་པའི་གནས་ཚུལ་ཞིག་མིན་པར། ལོ་ནས་ལོ་བསྟུད་དེ་བཟོད་བསྲན་དང་སྡུག་རུས། དཀའ་ལས་རྒྱག་དགོས་པའི་གནས་ཚུལ་ཞིག་རེད།

རྒྱ་ནག་གཞུང་གིས་ང་ཚོ་བོད་པའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཡོངས་རྫོགས་རྩ་མེད་གཏོང་རྒྱུའི་ཛ་དྲག་གི་སྲིད་ཇུས་ཤིག་སྤེལ་གྱི་ཡོད་སྟབས། བོད་མི་ཚོས་སོ་སོར་འཁྲི་བའི་ལས་འགན་ཞིག་ཡོད་པ་དེ་ངེས་པར་དུ་སོ་སོ་རང་ཉིད་ཀྱི་ཕྲག་པར་ལེན་དགོས་ཀྱི་ཡོད། ལས་འགན་དེ་ལྷོད་ཡང་ཤོར་ན་རྩ་བ་ཉིད་ནས་འགྲིག་གི་ཡོད་པ་མ་རེད། དགོན་པ་གྲྭ་ཚང་ལ་མཚོན་ན་ཆོས་བསླབ་པ་སློབ་གཉེར་དང་། སློབ་གྲྭ་བ་ཡིན་ན་བོད་རང་གི་སྐད་ཡིག་གཙོ་བོར་བཟུང་ཐོག་རྒྱ་ཡིག་རྒྱ་སྐད་དང་མི་རིགས་གཞན་པའི་སྐད་ཡིག་སྦྱང་བརྩོན། དེ་བཞིན་མི་མང་དཀྱུས་མ་ཚོ་ཡིན་ནའང་རང་རང་གི་ཡུལ་སྲོལ་གོམས་གཤིས་དང་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཐོག་ལ་ཤུགས་བརྒྱབ་སྟེ། བོད་མི་རིགས་ཀྱི་འཐབ་རྩོད་མུ་མཐུད་ནས་གནང་ཐུབ་མཁན་ཞིག་བཟོ་རྒྱུ་དེ་ལས་འགན་རེད།  

འདི་ཕྱོགས་ལ་མཚོན་ནའང་བོད་མིའི་སྒྲིག་འཛུགས་དང་། ༸རྒྱལ་བ་རིན་པོ་ཆེ་དབུས་པའི་མི་མང་ཡོངས་རྫོགས་ཀྱིས་ཁྱེད་རང་ཚོའི་ག་རེ་བྱེད་བཞིན་པ་དེར་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོདཔ་རེད། ༸རྒྱལ་བ་རིན་པོ་ཆེར་མཚོན་ནའང་དགུང་ལོ་བརྒྱད་བཅུར་ཕེབས་ཀྱི་ཡོད་ཀྱང་། འཛམ་གླིང་ས་ཕྱོགས་གང་སར་སྐུ་ངལ་བསྐྱོན་ཏེ་ཕེབས་ཀྱི་ཡོད་པ་རེད། དེ་བཞིན། བོད་མིའི་སྒྲིག་འཛུགས་དང་མི་མང་གི་ངོས་ནས་ཀྱང་སོ་སོར་བབ་པའི་ལས་ཀ་འཐུས་ཤོར་མེད་པ་བྱེད་ཀྱི་ཡོད་སྟབས། ཁྱེད་རང་ཚོ་བློ་བདེ་བོའི་ངང་ནས་འདུག་དགོས། ” ཞེས་གསུངས་བྱུང་།

ལས་འགུལ་གྱི་མཇུག་ཏུ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས། བོད་ནང་རང་ལུས་མེར་བསྲེཊ་གཏོང་མཁན་རྣམས་ཀྱི་བློས་གཏོང་དེ་འཚེ་མེད་ཞི་བའི་སྤྱོད་པ་ཡིན་པ་དང་། ཁོང་ཉིད་ཀྱི་ངོས་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་ཐུགས་འཚབ་དང་གདུང་སེམས་མཉམ་སྐྱེད་ཡོད་པའི་བཀའ་སློབ་དང་། རྒྱ་གར་དང་བོད་གཉིས་ཀྱི་ཆོས་དང་རིག་གཞུང་གི་འབྲེལ་ལམ་སོགས་ཀྱི་ཐད་ནས་ལམ་སྟོན་བཀའ་སློབ་གནང་སོང་།

གསར་འགོད་པ་དོན་གོས་རྒྱ་གར་རྒྱལ་ས་ལྡི་ལི་གསར་པ་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

སྐར་མ ༣༣ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་་ ཡིན་ནའང་། ང་ཚོའི་དོན་དག་གཙོ་བོ་དེ་མགྱོགས་པོ་ཞིག་དང་ལས་སླ་བོའི་ངང་ནས་འགྲུབ་པའི་གནས་ཚུལ་ཞིག་མིན་པར། ལོ་ནས་ལོ་བསྟུད་དེ་བཟོད་བསྲན་དང་སྡུག་རུས། དཀའ་ལས་རྒྱག་དགོས་པའི་གནས་ཚུལ་ཞིག་རེད། ་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese