མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇོན་ཀེ་རའེ་ཡིས་དངོས་སུ་ལས་འཁུར།

བོད་ཀྱི་དུས་བབ།
༢༠༡༣/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༢ ཚེས་ ༡ ཉིན། ཇོན་ཀེ་རའེ་ཡིས་དངོས་སུ་ཨ་རིའི་རྒྱལ་དོན་དྲུང་ཆེ་ལས་འཁུར་ཞུ་རྒྱུ་ཡིན་འདུག

ཕྱི་ཚེས་ ༢༨ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གིས། ཉེ་སྔོན་སྲིད་འཛིན་ཨོ་བྷ་མས་ཧེ་ལཱ་རེའི་ཚབ་ཏུ་གྲོས་ཚོགས་འཐུས་མི་ཇོན་ཀེ་རའེ་(John Kerry) ཨ་རིའི་རྒྱལ་དོན་དྲུང་ཆེར་མིང་འདོན་བྱས་ཡོད་པ་དང་། མཐའ་མའི་ཐག་གཅོད་ནི་གྲོས་ཚོགས་ནང་བྱ་དགོས་པ་ལྟར།  ཕྱི་ཚེས་ ༢༩ ཉིན་གྱི་ཨ་རིའི་གྲོས་ཚོགས་ར་བའི་ནང་ཇོན་ཀེ་རའེ་ཨ་རིའི་རྒྱལ་དོན་དྲུང་ཆེར་མང་མོས་རྒྱབ་སྐྱོར་ཐོབ་ཡོད་ལ། ཕྱི་ཟླ་ ༢ ཚེས་ ༡ ཉིན་ཨ་རིའི་རྒྱལ་དོན་དྲུང་ཆེ་ཧེ་ལཱ་རེ་(Hillary Clinton) ཡི་ལས་ཁུར་རྫོགས་ཏེ། གསར་དུ་འདེམས་ཐོན་བྱས་པའི་རྒྱལ་དོན་དྲུང་ཆེ་ཇོན་ཀེ་རའེ་ཡིས་དངོས་སུ་ལས་འཁུར་ཞུ་རྒྱུ་ཡིན་འདུག 

རང་ལོ་ ༦༩ སོན་པ་ཇོན་ཀེ་རའེ་ནི་ཝེ་ཊི་ནམ་དམག་འཁྲུག་ལ་ཞུགས་པའི་ཤུལ་རྗེས་ཅན་གྱི་དམག་མི་ཟུར་པ་དང་། ལོ་ ༢༨ རིང་ཨ་རིའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་མི་དང་འདས་པའི་ལོ་ ༤ རིང་ཕྱི་འབྲེལ་ཚོགས་ཆུང་གི་མགོ་གཙོའི་འགན་ཁུར་ཡོད་པ་དང་། ༡༩༨༥ ནས་གྲོས་ཚོགས་གོང་མའི་ནང་གི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་། ༢༠༠༤ ལོའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་བཅས་བྱས་མྱོང་ཡོད་ཅིང་། ཁོང་ལ་ཨ་རིའི་རྒྱལ་ཡོངས་སུ་དོ་སྣང་སླེབས་གཞི་གཙོ་བོ་ནི། ཝེ་ཊི་ནམ་ནང་གི་ཨ་རིའི་དམག་འཁྲུག་ཁྲོད་ཁོང་ནི་ཤུལ་རྗེས་གཟེངས་སྟོན་ཐོབ་མཁན་གྱི་དམག་མི་དཔའ་ངར་ཅན་ཞིག་ཡིན་ཡང་། དམག་འཁྲུག་ནས་ཕྱིར་ལོག་རྗེས་ཁོས་ཨ་རིའི་དམག་འཁྲུག་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་ལ་བརྟེན་ནས་སྐད་གྲགས་ཆགས་པ་མ་ཟད་རིམ་བཞིན་གྲོས་ཚོགས་སུ་བསླེབས།

ཨ་རིའི་རྒྱལ་དོན་དྲུང་ཆེ་གསར་པ་ཇོན་ཀེ་རའེ་ཡིས་ལས་ཁུར་དམ་འབུལ་གྱི་གཏམ་བཤད་སྐབས། འཛམ་གླིང་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ནི་མིའི་རིགས་ཀྱི་འཚོ་གནས་ལ་འཕྲད་བཞིན་པའི་འཇིགས་ཉེན་ཞིག་ཡིན་པ་དང་། གནད་དོན་དེར་ཨ་རིས་གཙོ་འགན་འཁུར་དགོས་པ་དང་། ཁོང་རང་ཉིད་ཀྱིས་ཀྱང་གནད་དོན་དེར་ཤུགས་གནོན་རྒྱག་འཆར་ཡོད་སྐོར་བརྗོད་འདུག་ལ། རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་པ་དང་ཆེད་མཁས་ཚོས་ཁོང་ལ་རེ་བ་ཆེན་པོ་ཞིག་བྱེད་ཀྱི་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༠ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༡༡ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༣ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༣ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese