མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚོ་ལྷོའི་སློབ་ཕྲུག་ཚོར་ཁྲིམས་ར་ཚོགས་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་པ་སངས་ཉིན་བོད་མདོ་སྨད་མཚོ་ལྷོ་ཁུལ་དུ་སློབ་ཕྲུག་ཚོར་ཁྲིམས་ཐག་གཅོད་སྐབས། ཁྲིམས་རའི་ནང་མང་ཚོགས་ཀྱིས་སྐད་འབོད་ངོ་རྒོལ་བྱས་མཐར་ཁྲིམས་ར་གྲོལ་དགོས་བྱུང་འདུག

ཁ་སང་ཕྱི་ཟླ་ ༢ ཚེས་ ༡ ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་ཚོགས། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའམ་གསོ་རིག་སློབ་གྲྭའི་སློབ་ཕྲུག་ ༨ དང་། འཁྱམ་རུ་དགོན་པའི་གྲྭ་བ་ ༢ བཅས་ཁྲིམས་ཐག་གཅོད་རྩིས་བྱས་ཡོད་ཀྱང་།  ཁྲིམས་རའི་ནང་ས་གནས་བོད་རིགས་མང་ཚོགས་ཀྱིས་ངོ་རྒོལ་སྐད་འབོད་བྱས་པར་བརྟེན་ནས།  ཉིན་དེར་ཁྲིམས་ཐག་གཅོད་མ་ཐུབ་པར་ཁྲིམས་ར་གྲོལ་དགོས་བྱུང་ཡོད་འདུག 

བཀྲ་ཤིས་ལེགས་ཀྱིས་འདི་གར་གནས་ཚུལ་ཁུངས་ལྡན་བརྗོད་པ་ལྟར་ན།  ལོ་སྔོན་མའི་ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་བོད་མདོ་སྨད་མཚོ་ལྷོ་ཁུལ་གྱི་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་ཆབ་ཆ་རུ་ཁུལ་གསོ་རིག་སློབ་གྲྭའམ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མས་ཞི་བའི་ངོ་རྒོལ་ཁྲོམ་སྐོར་བྱུང་རྗེས།  རྒྱ་གཞུང་ཉེན་རྟོགས་པའི་སྔ་ཕྱིར་མཚོ་ལྷོ་ཁུལ་གྱི་རྫོང་ཁག་ལྔའི་སློབ་ཕྲུག་ ༢༠ ལྷག་འཇུ་བཟུང་བཙན་ཁྲིད་ཀྱིས་གཅར་རྡུང་འདྲི་བརྩད་བྱས་རྗེས།  སློབ་ཕྲུག་ ༡༦ ལ་མུ་མཐུད་བཀག་བསྐྱིལ་འདྲི་གཅོད་བྱས་མཐར།  དེའི་ཁྲོད་ཀྱི་སློབ་ཕྲུག་ ༨ དང་འཁྱམ་རུ་དགོན་པའི་གྲྭ་བ་ ༢ བཅས་ལ་ཁྲིམས་ཐག་གཅོད་རྒྱུ་གཏན་ཁེལ་བྱས་ཡོད་འདུག

ཁ་སང་ཕྱི་ཟླ་ ༢ ཚེས་ ༡ ཉིན་མཚོ་ལྷོ་ཁུལ་མི་དམངས་ཁྲིམས་ཁང་དུ་ཁྲིམས་ར་ཚོགས་གཏན་ཁེལ་ཡོད་སྟབས།   ཁྲིམས་ཐག་འཆར་གྱི་སློབ་ཕྲུག་ ༨ དང་འཁྱམ་རུ་དགོན་པའི་གྲྭ་བ་ ༢ བཅས་ཀྱི་ནང་མི་ཉེ་འབྲེལ་དང་།  དེ་བཞིན། མཚོ་ལྷོ་ཁུལ་གྱི་ཁོངས་གཏོགས་གསེར་ཆེན་དང་ཁྲི་ཀ།  མང་ར། འབའ། བྲག་དཀར་བཅས་རྫོང་ཁག་ལྔའི་ས་གནས་བོད་རིགས་ཡུལ་མི་མང་པོ་ཁྲིམས་ཐག་གཅོད་སར་འཛོམས་ཡོད་པ་དང་།   ས་གནས་རྒྱ་གཞུང་གིས་ཁྲིམས་རའི་ནང་ཉེན་རྟོག་པ་མང་པོ་བཀྲམས་ཏེ་ཟུར་ཉན་བོད་རིགས་མང་ཚོགས་ཚོར་པར་དང་བརྙན་སོགས་ལེན་མི་ཆོག་པའི་བཀག་སྡོམ་ནན་བྱས་ཡོད་མ་ཟད། ཁྲིམས་རའི་ཕྱི་ལོགས་སུའང་ཉེན་རྟོག་པ་འབོར་ཆེན་འགྲེམས་འཇོག་གིས་ལྟ་རྟོགས་བྱས་ཡོད་འདུག 

ཁྲིམས་ར་ཚོགས་ཏེ་ཁྲིམས་གཅོད་སྟ་གོན་བྱེད་སྐབས།  ཁྲིམས་རའི་ནང་གི་བོད་རིགས་མང་ཚོགས་རྣམས་ཀྱིས་མཉམ་གཅིག་ཏུ་སྐད་བརྒྱབ་སྟེ།  སློབ་ཕྲུག་དང་གྲྭ་བ་དེ་དག་གིས་ཁྲིམས་ཐག་གཅོད་པའི་ནག་ཉེས་གང་ཡང་བསགས་མེད་ལ། གལ་སྲིད་ཁོ་ཚོར་ཁྲིམས་ཐག་བཅད་པ་ཡིན་ན། རྫོང་ཁག་ལྔའི་ས་གནས་བོད་རིགས་ཡུལ་མི་ཚོས་མུ་མཐུད་ངོ་རྒོལ་བྱ་རྒྱུ་ཡིན་སྐོར་བརྗོད་དེ།  ཁྲིམས་རའི་ནང་གི་ཁྲིམས་ཞིབ་པ་དང་ཉེན་རྟོག་པ།  ས་གནས་བོད་རིགས་མང་ཚོགས་བཅས་ཀྱི་བར་ཁ་འཛིང་ཤོར་ཏེ་ཟིང་ཆ་བྱུང་བར་བརྟེན།  ཉིན་དེར་ཁྲིམས་ཐག་གཅོད་ཐུབ་མེད་པ་མ་ཟད།  མ་འོངས་པར་བསྐྱར་དུ་ཁྲིམས་ར་འཚོགས་རྒྱུ་ཡིན་མིན་སོགས་གསལ་ཁ་གང་ཡང་མ་བྱས་པར་ཁྲིམས་ར་གྲོལ་ཡོད་འདུག 

རྒྱ་གཞུང་གིས་ཁྲིམས་རར་ཁྲིད་ཡོང་བའི་སློབ་ཕྲུག་བརྒྱད་དང་གྲྭ་བ་གཉིས་ཀྱི་མིང་དང་ལོ་ཚད་སོགས་གསལ་བོ་ཤེས་རྟོགས་བྱུང་མེད་ཅིང་།  སློབ་ཕྲུག་བརྒྱད་པོའི་ཁྲོད་རྫོང་ཁག་ལྔའི་སློབ་ཕྲུག་ཚུད་ཡོད་འདུག 

ཉེ་སྔོན་སུད་སིར་གནས་བཞུགས་ཤ་བོ་རྡོ་རྗེ་ལགས་སུ་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན།  སྔར་ལོའི་ཕྱི་ཟླ་ ༡༢ ཚེས་ ༥ ཉིན་རྒྱ་གཞུང་ཉེན་རྟོག་པས་སློབ་ཕྲུག་རབ་བརྟན་དང་དབང་འདུས་ཚེ་རིང་། བྱམས་པ་ཚེ་རིང་། ཆོས་སྐྱོང་། བཀྲ་ཤིས་ཀུན་བཟང་། རྡོ་ལ་ཚེ་རིང་། སངས་རྒྱས་དོན་གྲུབ། ཀུན་བཟང་འབུམ་བཅས་ལ་ལོ་ལྔ་རེའི་བཙོན་འཇུག་ཁྲིམས་ཐག་གཅོད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད། དེ་བཞིན། མཚོ་ལྷོ་ཁུལ་གྱི་སློབ་མའི་ངོ་རྒོལ་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་འཁྱམ་རུ་དགོན་པའི་གྲྭ་གསུམ་སྔ་ཕྱིར་འཇུ་བཟུང་བྱས་ཡོད་རྣམས་ནི།  གྲྭ་བཟང་གྲགས་དང་ཡེ་ཤེས་བཟང་པོ། གསུང་རབ་རྒྱ་མཚོ་གསུམ་ཡིན་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

ཆུ་ཚོད་ ༡༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་མཇུག་སྒྲིལ་སོང་།

༢༠༢༦/༠༧/༠༥
Lobga Rangzen
Mobile App

བཙན་བྱོལ་བོད་མི་བློ་དགའ་རང་བཙན་ལགས་ཀྱིས་ཨ་རིར་སྐུ་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གནང་ཡོད།

༢༠༢༦/༠༧/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese