མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་འདིས་རྒྱ་གཞུང་ལ་བརྡ་ལན་གསལ་བོ་ཞིག་སྤྲད་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་ཉིན་མཐའ་མར་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་ཆབ་སྲིད་ཚོགས་པ་ཁག་གི་མི་སྣ་སུམ་ཅུ་ལྷག་གིས་བོད་དོན་ཐོག་གཏམ་བཤད་དང་། སྤྱི་འཐུས་ཚོགས་གཞོན་དང་སྲིད་སྐྱོང་བློ་བཟང་སེང་གེ་རྣམ་གཉིས་ཀྱིས་མཇུག་བསྡོམས་གཏམ་བཤད་བཅས་གནང་སྟེ་ལས་འགུལ་མཇུག་སྒྲིལ་ཡོད།

དེ་རིང་ཕྱི་ཚེས་ ༢ ཉིན་ཏེ། བཀའ་སྤྱི་ཐུན་མོང་གི་གོ་སྒྲིག་གནང་བའི་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ཉིན་མཐའ་མར། སྲིད་སྐྱོང་མཆོག་གཙོས་པའི་བཀའ་བློན་རྣམ་པ་དང་། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་དབུས་པའི་སྤྱི་འཐུས་རྣམ་པ། ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐྱ་སེར་བོད་མི་  ༦༠༠༠ ལྷག་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ ༡༥༠༠ ལྷག་བཅས་ཁྱོན་མི་མང་ ༧༥༠༠ བརྒལ་བ་ཇན་ཏིར་མན་ཊིར་ས་གནས་སུ་འདུ་འཛོམས་གནང་སྟེ། རྒྱ་གར་གྱི་ཕྱི་སྲིད་དང་དཔལ་འབྱོར་བློན་ཆེན་ཟུར་པ་དང་། བྷེ་ཇེ་པེ་ཚོགས་པའི་ཆབ་སྲིད་མགོ་ཁྲིད་བགྲེས་པོ་སྐུ་ཞབས་ཡཱ་ཝན་སེན་ (Yaswant Sinha) མཆོག་དང་། རྒྱ་གར་གྱི་བྷེ་རྗེ་པེ་ཆབ་སྲིད་ཚོགས་པའི་མགྲིན་ཚབ་པ་གཙོ་བོ་སྐུ་ཞབས་རཱ་ཝེན་ཤཱང་ཀེར་ (Ravi Shakar) མཆོག རྒྱ་གར་གྱི་ཅཱན་ལོ་ཁི་ཞཱ་ཊེ་ཆབ་སྲིད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རཱན་ཝེ་ལཱ་པ་ཝན་ (Ranvillas Pawan) མཆོག རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཨེན་ཊར་སེན་ནཱམ་ངྷ་རོ་ (Inder Singh Namdari) མཆོག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་དབུས་འབྲེལ་མཐུད་པ་ཊོག་ཊར་ཨེན་ཊེ་ཀེར་ (Dr.NK Trikha) མཆོག་བཅས་རྒྱ་གར་གྱི་ཀང་རི་སི་དང་བྷེ་རྗེ་པེ་ཆབ་སྲིད་ཚོགས་པ་ཆེ་ཁག་གཉིས་གཙོས་པའི་ཆབ་སྲིད་ཚོགས་པ་ཁག་ ༧ དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་གཙོས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ ༡༠ བཅས་ཀྱི་གནད་ཡོད་མི་སྣ་ ༣༠ ལྷག་གིས་གཏམ་བཤད་གནང་སོང་ལ། མཇུག་ཏུ་སྤྱི་འཐུས་ཚོགས་གཞོན་མཆོག་དང་སྲིད་སྐྱོང་མཆོག་རྣམ་གཉིས་ཀྱིས་མཇུག་བསྡོམས་གསུང་བཤད་དང་། བོད་ཀྱི་ཟློས་གར་ཚོགས་པའི་སྣེ་འཁྲིད་འོག་བདེན་ཚིག་སྨོན་ལམ་གསུང་འདོན་དང་འཕགས་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་གྱེར་འདོན་བཅས་གནང་སྟེ་ལས་འགུལ་མཇུག་སྒྲིལ་གནང་སོང་།

དེ་རིང་གི་གཏམ་བཤད་སྐབས་རྒྱ་གར་གྱི་ཕྱི་སྲིད་དང་དཔལ་འབྱོར་བློན་ཆེན་ཟུར་པ་དང་། བྷེ་ཇེ་པེ་ཆབ་སྲིད་ཚོགས་པའི་མགོ་ཁྲིད་བགྲེས་པོ་སྐུ་ཞབས་ཡཱ་ཞི་ཝན་སེན་མཆོག་གིས། རྒྱ་ནག་གཞུང་གིས་བོད་པའི་ངོ་བོ་རྩ་མེད་གཏོང་ཆེད་བོད་ནང་གི་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་དང་དྲག་གནོན་གྱི་སྲིད་ཇུས་འདྲ་མིན་ལག་བསྟར་བྱེད་ཀྱི་ཡོད་ནའང་། སྡུག་རྩུབ་དང་འཐབ་རྩོད་དེ་མཐའ་ཡོད་པ་ཞིག་ཡིན་སྟབས། བོད་མི་ཚོ་སེམས་ཤུགས་མ་ཆགས་པར་མུ་མཐུད་འཐབ་རྩོད་རྒྱུན་འཁྱོངས་གནང་དགོས་པ་དང་། དེ་ལྟར་གནང་བ་ཡིན་ན། ནམ་ཞིག་རྒྱ་མིའི་བོད་གཡུག་ཏེ་ཕྱིར་རང་སར་ལོག་འགྲོ་བའི་ཉི་མ་ཤར་སྲིད་པར་ཁོང་ཉིད་ལ་ཡིད་ཆེས་ཡོད་སྐོར་གསུངས་བྱུང་བ་མ་ཟད། ཁོང་ཉིད་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་ཡིན་པའི་ངོས་ནས། འདི་ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་རྒྱ་གར་གྲོས་ཚོགས་ཀྱི་ཚོགས་གཙོར་བཀའ་འཁྲོལ་ཞུས་ཏེ། རྒྱ་གར་གྲོས་ཚོགས་ནང་བོད་ནང་གི་གནས་སྟངས་གླེང་སློང་བྱས་ཡོད་པ་དང་། མ་འོངས་པར་རྒྱ་གར་གྱི་བརྒྱུད་ལམ་ཁག་བརྒྱུད་དེ་འཛམ་གླིང་ནང་བོད་དོན་དྲིལ་བསྒྲགས་ཆེད་འབད་བརྩོན་བྱ་རྒྱུ། འཆར་ཟླའི་ནང་༸གོང་ས་མཆོག་རྒྱ་གར་གྲོས་ཚོགས་ནང་སླར་ཡང་གདན་ཞུ་བྱ་ཆེད་འབད་བརྩོན་བྱེད་ཀྱི་ཡོད་པའི་གཏམ་བཤད་གནང་སོང་ལ།  དེ་བཞིན། རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དང་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་སྐུ་ཚབ་ཚོས་རྒྱ་གར་གྲོས་ཚོགས་ཀྱི་ནུས་པའི་ཐོག་བོད་ལ་རྒྱབ་སྐྱོར་གནང་ཐབས་བྱ་རྒྱུ་དང་། མ་འོངས་པར་གྲོས་ཚོགས་ནང་བོད་རང་བཙན་ཡིན་པ་དང་། བོད་དེ་ལོ་རྒྱུས་ཐོག་རང་བཙན་ཡིན་པའི་གྲོས་ཆོད་འཇོག་རྒྱུ། རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་ལ་གཏོར་བཅོམ་བཏང་བ་དེས་རྒྱ་གར་གྱི་འཐུང་ཆུ་སོགས་ལ་དཀའ་ངལ་འཕྲད་སྲིད་སྟབས། རྒྱ་གར་མི་མང་བོད་པའི་ཕྱོགས་སུ་ལངས་ཏེ་རྒྱ་ནག་ལ་ངོ་རྒོལ་བྱ་དགོས་པའི་སྐོར་སོགས། འབྱུང་འགྱུར་རྒྱ་གར་གཞུང་མང་གཉིས་ནས་བོད་ཀྱི་གནད་དོན་སེལ་ཐབས་དང་། བོད་ཀྱི་གནད་དོན་རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་བྱ་ཆེད་ལ་འབད་བརྩོན་གནང་དགོས་པའི་གཏམ་བཤད་གནང་སོང་།

དེའི་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ཐེངས་འདིའི་ཉིན་གྲངས་བཞིའི་རིང་གི་གཞུང་མང་མཉམ་རུབ་ཐོག་སྤེལ་བའི་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་དེ་ཐོག་མའི་འཆར་གཞི་ལས་ལྷག་པའི་གྲུབ་འབྲས་ཐོན་པར་བསྔགས་བརྗོད་དང་འབྲེལ། མ་འོངས་པར་བཙན་བྱོ་བོད་མི་མི་རེ་ངོ་རེ་ནས་འགན་འཁུར་ཏེ་བོད་ཀྱི་རྩ་དོན་ལ་ཕན་པའི་ལས་འགུལ་སྤེལ་ཕྱོགས་ཐད། “ བོད་ནང་རང་སྲོག་བློས་གཏོང་གནང་མཁན་དེ་དག་ནི། བོད་མི་རིགས་ཀྱི་རིག་གཞུང་དང་མི་རིགས་ཀྱི་ལ་རྒྱ་ཡོད་མཁན།  བོད་མིས་ཡ་དྲུག་གི་ཆེད་དུ་བློས་གཏོང་གནང་ཐུབ་མཁན། བོད་མི་ས་ཡ་དྲུག་གི་ཁེ་ཕན་དང་འབྲེལ་བའི་ཐོག་ནས་དམིགས་ཡུལ་ངེས་ཅན་ཡོད་མཁན་ཆགས་ཡོད་པ་རེད། ང་ཚོ་བཙན་བྱོལ་ནང་ལ་མཚོན་ན་བོད་ནང་ལས་བསམ་བློ་དང་ཁོར་ཡུག སྨྲ་བརྗོད་སོགས་ཀྱི་རང་དབང་ཡོད་སྟབས། བོད་མི་ཚོ་གདུང་སེམས་མཉམ་སྐྱེད་བྱེད་རྒྱུ་དང་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་འཚོལ་ཐབས་གནང་རྒྱུ་དེ་ང་ཚོའི་ལས་འགན་ཆགས་ཡོད་པ་རེད། ད་ལྟའི་བར་ང་ཚོ་སྐབས་དང་དུས་ལ་མ་གཏོགས་ཡོང་གི་མེད་ཀྱང་།  མ་འོངས་པར་བོད་མི་ཚོ་ས་གནས་གང་དུ་ཡོད་ཀྱང་རང་ངོས་ནས་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། གོམས་གཤིས་སོགས་རྩ་དོན་དང་འབྲེལ་བའི་ལས་འགུལ་སྤེལ་ཏེ། འཆི་གསོན་ལས་སྐྱོབ་ཐུབ་པའི་འབད་བརྩོན་གནང་དགོས་པ་རེད།  ལས་འགུལ་འདི་བརྒྱུད་དེ་ང་ཚོའི་ཕུགས་ཀྱི་དམིགས་ཡུལ་གཙོ་བོ། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། བོད་ལ་རང་དབང་ཐོབ་རྒྱུ་དེ་རེད། འཕྲལ་གྱི་དམིགས་ཡུལ་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་པའི་ཆབ་སྲིད་བཙོན་པ་ཀློད་གྲོལ་དང་། བོད་ཀྱི་ཁོར་ཡུག་གཏོར་བཅོམ་མཚམས་འཇོག འབྲོག་པ་གནས་སྤོར་གྱི་སྲིད་ཇུས།  ཆོས་ལུགས་དད་མོས་ཀྱི་རང་དབང་། བོད་ཀྱི་སྐད་ཡིག་གནས་སྟངས་སོགས་སྐྱོབ་ཐབས་གནང་དགོས་སྟབས། མ་འོངས་པར་བོད་མི་མི་རེ་ངོ་རེ་ནས་ང་ཚོའི་ཕུགས་ཀྱི་རེ་བ་འགྲུབ་ཐབས་ལ་འགན་འཁུར་ཐུབ་རྒྱུ་གལ་ཆེན་པོ་རེད། ” ཅེས་གསུངས་བྱུང་།

མཇུག་ཏུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། འཛིན་སྐྱོང་བཀའ་ཤག་གིས་ ༢༠༡༣ ལོ་དེ་གདུང་སེམས་མཉམ་སྐྱེད་ཀྱི་ལོ་ཡིན་པའི་གསལ་བསྒྲགས་གནང་བ་ལྟར། སྔར་ལོ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ལས་འགུལ་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་གནད་ཡོད་མི་སྣར་ཐུག་འཕྲད་ཀྱིས་ལས་འགུལ་ཡག་པོ་བྱུང་བ་དང་། ད་རེས་ཀྱི་ལས་འགུལ་དེ་ཡང་ཐོག་མའི་བསམ་ཚོད་ལས་ལྷག་པའི་ལེགས་འགྲུབ་བྱུང་ཡོད་སྟབས། ཐེངས་འདིར་གོ་སྒྲིག་གནང་མཁན་ཡོངས་དང་མི་མང་། རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་གནང་སོང་ལ། འདི་ལོའི་ལོ་སར་གྱི་སྐོར་ནས་འཛིན་སྐྱོང་བཀའ་ཤག་གིས་དེ་སྔོན་ནས་བཀོད་ཁྱབ་གནང་བ་ལྟར། ལོ་སར་སྐབས་ཆོས་ཕྱོགས་ཀྱི་བྱེད་སྒོ་ལས་རྒྱས་སྤྲོས་ཀྱི་རྣམ་པ་མེད་པའི་ཐོག་གནང་དགོས་པའི་འབོད་སྐུལ་གནང་སོང་།

ཡང་ཐེངས་འདིའི་ལས་འགུལ་དེ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཁྱབ་བསྒྲགས་ཅི་བྱུང་དང་རྒྱ་ནག་གཞུང་ལ་བརྡ་ལན་ག་རེ་སྤྲད་ཡོད་མེད་ཐད་སྲིད་སྐྱོང་མཆོག་གིས།  “ ད་རེས་ཀྱི་ལས་འགུལ་ལ་མཚོན་ན། དེ་རིང་ཉིན་མཐའ་མ་མ་གཏོགས་འདས་པའི་ཉིན་གསུམ་རིང་འཛམ་གླིང་གི་སྙན་གྲགས་ཅན་གྱི་གསར་ལམ་ཁག་དང་། རྒྱ་གར་གྱི་བརྙན་འཕྲིན་དང་ཚགས་པར་ཁང་སོགས་སུ་གསར་འགོད་གསལ་བསྒྲགས་དང་བཅར་འདྲིའི་གནང་བ་ལྟར། གནས་ཚུལ་གང་འཚམས་ཐོན་ཐུབ་པ་བྱུང་འདུག  ང་ཚོ་བདེན་པ་ཡོད་པ་དེ་ཁྱབ་བསྒྲགས་བྱ་རྒྱུ་གལ་ཆེན་ཡིན་སྟབས། ལས་འགུལ་སྤེལ་བ་དེ་མི་ས་ཡ་མང་པོར་ཁྱབ་བསྒྲགས་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད་ལ། དེ་བཞིན། ང་ཚོའི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱ་གར་ལ་དམངས་གཙོ་རྩ་ཆེན་ཡིན་པ་དང། དེ་ལག་བསྟར་བྱ་དགོས་ཚུལ་དང་།  དམངས་གཙོ་དང་ཞི་བར་རྒྱབ་སྐྱོར་གནང་དགོས་པའི་རེ་འདུན་ཞུས་པ་ལྟར། ད་ལྟའི་བར་ངོས་ལེན་བྱེད་མཁན་མང་པོ་བྱུང་ཡོད།

རྒྱ་ནག་གཞུང་ལ་མཚོན་ནའང་། ད་རེས་ཀྱི་ལས་འགུལ་འདི་བརྒྱུད་དེ་ང་ཚོ་བཀའ་སྤྱི་གཉིས་ཀ་མདུན་ལ་ཐོན་ཏེ་དཀའ་ལས་རྒྱག་གི་ཡིན་ཞེས་བརྡ་ལན་སྤྲད་ཡོད་པ་རེད། ཉེ་ཆར་རྒྱ་ནག་གཞུང་གིས་བོད་མི་གཅིག་ལ་མེར་བསྲེཊ་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག་སྲོག་ཁྲིམས་དང་། བོད་མི་ ༧ ལ་ལོ་མང་པོའི་ཁྲིམས་ཐག་བཅད་འདུག ད་རེས་ང་ཚོའི་ལས་འགུལ་སྤེལ་བཞིན་པའི་སྐབས་འདི་དང་བསྟུན་ཏེ་ང་ཚོར་བརྡ་ལན་སྤྲོད་ཀྱི་ཡོད་པ་རེད་བསམ་གྱི་འདུག གལ་སྲིད། ང་ཚོའི་དུས་ཚོད་འདི་དང་སྟབས་བསྟུན་ཏེ་ཁྲིམས་ཐག་བཅད་པ་ཡིན་ན། ང་ཚོ་གཞུང་མང་མཉམ་རུབ་ཀྱིས་ལས་འགུལ་སྤེལ་བའི་བརྡ་ལན་ཕར་འཕྲོད་པ་ལ་བརྟེན་ནས་ཁྲིམས་ཐག་བཅད་པ་རེད་བསམ་གྱི་འདུག དེ་ལྟར་ཡང། བོད་ནང་གི་བོད་མི་ཚོས་འདས་པའི་ལོ་ལྔ་བཅུ་ལྷག་གི་རིང་སེམས་ཤུགས་མ་ཆགས་པའི་ཐོག་རྣམ་པ་བསྟན་ཡོད་ལ། མ་འོངས་པར་ཡང་མུ་མཐུད་རྣམ་པ་སྟོན་གི་རེད་བསམ་གྱི་འདུག ” ཅེས་གསུངས་བྱུང་བ་མ་ཟད། ཁོང་གིས་རྒྱ་གཞུང་གིས་༸པཎ་ཆེན་ཆུང་སྲིད་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་མ་ཐོབ་བར་དང་། བོད་པའི་བདེན་མཐའ་མ་སེལ་བར་ང་བདེན་པ་ང་ཚོ་ཡོད་པ་དང་། ད་ཆར་ཨ་རི་ཕྱི་དྲིལ་ལས་ཁུངས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གཙོས་པའི་རྒྱལ་སྤྱིའི་གཞུང་མང་པོས་བོད་མིའི་བདེ་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོང་གི་ཡོད་སྟབས། མ་འོངས་པར་བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་རྣམས་ཀྱི་མངོན་འདོད་ལྟར། བོད་མི་ཚོ་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཞུང་མང་མཉམ་རུབ་བྱ་རྒྱུ་དང་། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་མུ་མཐུད་བོད་དོན་འཐབ་རྩོད་ལ་འབད་བརྩོན་གནང་སྟེ། ༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་རྒྱུ་དང་གཞིས་བྱེས་ལྷན་འཛོམས་ཡོང་ཐབས་གནང་རྒྱུ་ཡིན་ཞེས་གསུངས་བྱུང་།

 

གསར་འགོད་པ་དོན་གོས་རྒྱ་གར་རྒྱལ་ས་ལྡི་ལི་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༢ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༣ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 6

  1. Ngawang Norbu says:
    ལོ་ 14 སྔོན།

    ༄༅། །གནའ་སྔ་མོ་བསྐལ་པ་བཟང་པོའི་སྐབས་བོད་ནང་ལྷ་སྐུ་གསུང་བྱོན་མང་པོ་ཡོད་པ་གོ་ཐོས་ཡོད། ཡིན་ཀྱང་དེང་སང་བོད་མི་བསོད་ནམས་དམན་པའི་སྐབས་ཀྱང་བོད་མི་གསུང་བྱོན་པ་མང་དག་ཅིག་མཇལ་རྒྱུ་འདུག གསུང་ཀྱང་ཀྱང་བྱོན་པ་ལས་མཛད་པ་རེ་མཛད་ན་ཅི་མ་དྲག

    Reply
  2. བསོད་ནམས། says:
    ལོ་ 14 སྔོན།

    ད་རེས་ཀྱི་ལས་འགུལ་དེ་ཚགས་ཚུད་པོ་ཞིག་སྤེལ་སོང་ལ། བཀའ་ཤག་དང་སྤྱི་འཐུས་གཉིས་ཀྱིས་སྐུ་ངལ་ཆེན་པོ་བསྐྱོན་ཏེ་འགྲོ་སོང་ཡང་ཆེན་པོ་བཏང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡིན་ནའང་གྲུབ་འབྲས་གང་འདྲ་ཞིག་འཐོན་མིན་བཤད་ཚོད་ཐུག་པ་ཞིག་མ་རེད་ལ། དེའི་འགན་དེ་བཀའ་ཤག་དང་སྤྱི་འཐུས་གཉིས་ལ་ཡོད་པ་ཞིག་མ་རེད། བོད་མི་སྤྱིའི་རླུང་རྟ་དང་བསོད་ནམས་བསགས་ལུགས་ལ་ཐུག་ཡོད་པ་ཞིག་རེད། ཡིན་ནའང་ལས་འགུལ་འདི་ལྟ་བུ་ཞིག་སྤེལ་ཚར་རྗེས་ད་འགྲིག་བསྡད་ཡོད་བསམ་ནས་ལྷོད་སྡོད་ཀྱི་འཆར་གཞི་འདིང་གི་ཡོད་ན་དེ་ནོར་བ་རེད། མ་འགྲིག་པ་རེད། ལས་འགུལ་འདི་འདྲ་ཞིག་སྤེལ་ཚར་རྗེས་མགོ་བཙུགས་ཚར་བ་རེད། ད་མུ་མཐུད་དུ་ད་རེས་ཀྱི་ལས་འགུལ་འདི་ལས་ཆེ་བ་དང་འདི་ལས་སྤུས་དག་པ་ཞིག་སྤེལ་རྒྱུར་འཆར་གཞི་བསྒྲིགས་དགོས་པ་རེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་ ནམ་ཞིག་རྒྱ་མིའི་བོད་གཡུག་ཏེ་ཕྱིར་རང་སར་ལོག་འགྲོ་བའི་ཉི་མ་ཤར་སྲིད་པར་ཁོང་ཉིད་ལ་ཡིད་ཆེས་ཡོད་སྐོར་གསུངས་བྱུང་བ་མ་ཟད། ཁོང་ཉིད་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་ཡིན་པའི་ངོས་ནས།
    འདི་ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་རྒྱ་གར་གྲོས་ཚོགས་ཀྱི་ཚོགས་གཙོར་བཀའ་འཁྲོལ་ཞུས་ཏེ།
    རྒྱ་གར་གྲོས་ཚོགས་ནང་བོད་ནང་གི་གནས་སྟངས་གླེང་སློང་བྱས་ཡོད་པ་དང་། མ་འོངས་པར་རྒྱ་གར་གྱི་བརྒྱུད་ལམ་ཁག་བརྒྱུད་དེ་འཛམ་གླིང་ནང་བོད་དོན་དྲིལ་བསྒྲགས་ཆེད་འབད་བརྩོན་བྱ་རྒྱུ། ་་་ཟེར།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་ བརྡ་ལན་ཕར་འཕྲོད་པ་ལ་བརྟེན་ནས་ཁྲིམས་ཐག་བཅད་པ་རེད་བསམ་གྱི་འདུག དེ་ལྟར་ཡང། བོད་ནང་གི་བོད་མི་ཚོས་འདས་པའི་ལོ་ལྔ་བཅུ་ལྷག་གི་རིང་སེམས་ཤུགས་མ་ཆགས་པའི་ཐོག་རྣམ་པ་བསྟན་ཡོད་ལ། མ་འོངས་པར་ཡང་མུ་མཐུད་རྣམ་པ་སྟོན་གི་རེད་བསམ་གྱི་འདུག ་་་་ཟེར།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་ རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་གཙོས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ ༡༠ བཅས་ཀྱི་གནད་ཡོད་མི་སྣ་ ༣༠ ལྷག་གིས་གཏམ་བཤད་གནང་སོང་ལ།
    མཇུག་ཏུ་སྤྱི་འཐུས་ཚོགས་གཞོན་མཆོག་དང་སྲིད་སྐྱོང་མཆོག་རྣམ་གཉིས་ཀྱིས་མཇུག་བསྡོམས་གསུང་བཤད་དང་།
    བོད་ཀྱི་ཟློས་གར་ཚོགས་པའི་སྣེ་འཁྲིད་འོག་བདེན་ཚིག་སྨོན་ལམ་གསུང་འདོན་དང་འཕགས་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་གྱེར་འདོན་བཅས་གནང་སྟེ་ལས་འགུལ་མཇུག་སྒྲིལ་གནང་སོང་། ་་་་་ཟེར།

    Reply
  6. འཇམ་གཅེས ། says:
    ལོ་ 14 སྔོན།

    རྒྱ་ནག་གཞུང་ལ་མཚོན་ནའང་། ད་རེས་ཀྱི་ལས་འགུལ་འདི་བརྒྱུད་དེ་ང་ཚོ་བཀའ་སྤྱི་གཉིས་ཀ་མདུན་ལ་ཐོན་ཏེ་དཀའ་ལས་རྒྱག་གི་ཡིན་ཞེས་བརྡ་ལན་སྤྲད་ཡོད་པ་རེད། ཉེ་ཆར་རྒྱ་ནག་གཞུང་གིས་བོད་མི་གཅིག་ལ་མེར་བསྲེཊ་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག་སྲོག་ཁྲིམས་དང་། བོད་མི་ ༧ ལ་ལོ་མང་པོའི་ཁྲིམས་ཐག་བཅད་འདུག ད་རེས་ང་ཚོའི་ལས་འགུལ་སྤེལ་བཞིན་པའི་སྐབས་འདི་དང་བསྟུན་ཏེ་ང་ཚོར་བརྡ་ལན་སྤྲོད་ཀྱི་ཡོད་པ་རེད་བསམ་གྱི་འདུག གལ་སྲིད། ང་ཚོའི་དུས་ཚོད་འདི་དང་སྟབས་བསྟུན་ཏེ་ཁྲིམས་ཐག་བཅད་པ་ཡིན་ན། ང་ཚོ་གཞུང་མང་མཉམ་རུབ་ཀྱིས་ལས་འགུལ་སྤེལ་བའི་བརྡ་ལན་ཕར་འཕྲོད་པ་ལ་བརྟེན་ནས་ཁྲིམས་ཐག་བཅད་པ་རེད་བསམ་གྱི་འདུག་་་ཟེར་་་་་་་་་་་་་་་་་་་་་་་ངོ་མ་ཚིགས་འདིར་རྣོ་ངར་ཆེན་པོ་ཞིག་གསུངས་འདུག་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese