མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་བཟང་དཀོན་མཆོག་དང་བློ་བཟང་ཚེ་རིང་གཉིས་ལ་ནག་ཉེས་མེད།

བོད་ཀྱི་དུས་བབ།
༢༠༡༣/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འདི་འགར་རྒྱ་གཞུང་གིས་རང་ལུས་མེར་བསྲེགས་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག བོད་ནང་གི་བོད་མི་ཚོར་གང་བྱུང་ཁྲིམས་ཆད་གཅོད་བཞིན་པའི་གནས་ཚུལ་དེ། རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་ཡོད་པ་མ་ཟད། ཐ་ན་རྒྱ་ནག་རང་གི་ཁྲིམས་ལ་ཡང་རྒྱབ་འགལ་ཆགས་ཡོད་སྟབས། གསར་འགོད་པ་ཚོས་གནས་ཚུལ་དེ་རྒྱལ་སྤྱིའི་ཐོག་ལ་བསྒྲགས་རོགས་ཟེར།

ཁ་སང་ཕྱི་ཚེས་ ༢ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇན་ཊིར་མན་ཊིར་ས་གནས་སུ་ཡོད་པའི་ (Jantadal United Office) ཞེས་པའི་ཚོགས་ཁང་ནང་། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་རྣམ་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཏེ། རྒྱ་ནག་གཞུང་གིས་བོད་ནང་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག བོད་མི་ཚོར་གང་བྱུང་ཁྲིམས་ཆད་བཙོན་འཇུག་བྱེད་བཞིན་པའི་གནས་སྟངས་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་སོང་། དེར་ཕྱི་རྒྱལ་དང་རྒྱ་གར། བོད་པ་བཅས་ཀྱི་རླུང་བརྙན་འཕྲིན་དང་དྲ་རྒྱ། ཚགས་ཤོག དུས་དེབ་བཅས་ཀྱི་གསར་འགོད་པ་ ༣༠ མ་ཟིན་ཙམ་འདུ་འཛོམས་བྱུང་འདུག

གསར་འགོད་ལྷན་ཚོགས་ཐོག་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་འདི་ལོའི་ཕྱི་ཟླ་  ༡  ཚེས་ ༣༡ ཉིན། སི་ཁྲོན་རྔ་པ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། རྔ་པའི་རང་ལོ་ ༤༠ ཡིན་པའི་བློ་བཟང་དཀོན་མཆོག་དང་། རང་ལོ་ ༣༡ ཡིན་པའི་ཁོང་གི་ཚ་བོ་བློ་བཟང་ཚེ་རིང་གཉིས་ཀྱིས་དེ་སྔོན་ས་གནས་ཀྱི་བོད་མི་བརྒྱད་ལ་རང་ལུས་མེར་བསྲེགས་གཏོང་བར་བརྒྱུད་སྐུལ་བྱས་ཡོད་པའི་ཉེས་འཛུགས་འོག བློ་བཟང་དཀོན་མཆོག་ལ་ལོ་ ༢ རྗེས་ཀྱི་སྲོག་ཐོག་གི་ཁྲིམས་ཆད་དང་། བློ་བཟང་ཚེ་རིང་ལ་ལོ་ ༡༠ ཁྲིམས་ཐག་བཅད་ཡོད་ཅིང་། རྒྱ་ནག་ཞིན་ཧྭ་དྲ་བའི་སྟེང་ཁོང་གཉིས་ཀྱིས་རྔ་པ་ཁུལ་གྱི་རང་ལུས་མེར་བསྲེགས་ལས་ལ་བརྒྱུད་སྐུལ་བྱས་ཡོད་པ་མ་ཟད། ལག་ཁྱེར་ཁ་པར་བརྒྱུད་རང་ལུས་མེར་བསྲེགས་ཀྱི་པར་དང་གནས་ཚུལ་ཕྱི་ཕྱོགས་ཀྱི་བོད་རང་བཙན་ཚོགས་པ་ཁག་ལ་མཁོ་སྤྲོད་བྱས་ཡོད་སྟབས། ༢༠༡༢ ལོའི་ཕྱི་ཟླ་ ༨ པའི་ནང་ཁོང་གཉིས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་གཉིས་ཀྱིས་ནག་ཉེས་ཡོངས་རྫོགས་ངོས་ལེན་བྱས་ཡོད་སྐོར་སོགས་བཀོད་ཡོད་པ་དང་། ད་དུང་། ཉིན་དེར་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་མི་མང་ཁྲིམས་ཁང་གིས་ཀྱང་། བོད་མི་པདྨ་དོན་གྲུབ་ལ་ལོ་ ༡༢ དང་སྐལ་བཟང་རྒྱ་མཚོར་ལོ་ ༡༡། པདྨ་འཚོ་ལ་ལོ་ ༨། ལྷ་མོ་དོན་གྲུབ་ལ་ལོ་ ༧ ། གདུགས་དཀར་སྐྱབས་ལ་ལོ་ ༤ ། གཡང་མོ་སྐྱིད་ལ་ལོ་ ༣ བཅས་ལ་བོད་ནང་གི་རང་ལུས་མེར་བསྲེགས་དང་འབྲེལ་བའི་ཉེས་འཛུགས་འོག་ཁྲིམས་ཐག་བཅད་ཡོད་པ་དེ་དག་ནི། རྒྱལ་སྤྱིའི་ཁྲིམས་ཀྱི་འགྲོ་སྟངས་ཕར་ཞོག ཐ་ན་རྒྱ་ནག་རང་གི་ཁྲིམས་དང་མི་མཐུན་པའི་ཐོག་ནས་ཉེས་ཁྲིམས་བཙན་འགེལ་བྱས་པ་ཞིག་ཡིན་སྐོར་སོགས་གསུངས་བྱུང་།

 

གསར་འགོད་པའི་དྲི་བའི་ལན་དུ་ཁོང་གིས། རྒྱ་གཞུང་གིས་རང་ལུས་མེར་བསྲེཊ་ཐད་འཁྱོག་བཤད་དང་བོད་མི་ཚོར་ནག་ཉེས་བཙན་འགེལ་བྱས་ཏེ་དངོས་ཡོད་མིན་པའི་དྲིལ་བསྒྲགས་བྱེད་བཞིན་པའི་ཐད “ རྒྱ་གཞུང་གིས་བོད་མིའི་མེར་བསྲེགས་ཀྱི་འབྱུང་རྩ་བོད་ཕྱི་ལོགས་ཡིན་པའི་དཔང་རྟགས་ཡིན་ཟེར་བའི་བརྙན་འཕྲིན་ཞིག་ཉེ་ཆར་བཀྲམས་པ་དེའི་རྒྱ་སྐད་ཀྱིས་འགྲེལ་བརྗོད་དང་། བློ་བཟང་དཀོན་མཆོག་གི་སྐད་ཆ་གཉིས་འགལ་ཟླ་ཆགས་ཡོད་པ་རེད། ཁོང་ཚོ་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་དང་འབྲེལ་བ་ཡོད་སྐོར་ཤོད་ཀྱི་ཡོད་ཀྱང་། ཁོ་རང་ཚོའི་བར་བརྒྱུད་ལམ་གང་གི་ཐོག་ནས་ཀྱང་འབྲེལ་བ་མེད་པ་མ་ཟད། པར་དང་གནས་ཚུལ་གཅིག་ཀྱང་འབྱོར་མི་འདུག རྒྱ་ནག་གཞུང་གིས་ཁོང་གཉིས་དང་འབྲེལ་བ་བྱེད་མཁན་མདོ་སྔགས་ཡིན་པ་དང་། ཁོང་བོད་ནས་འབྲེལ་མཐུད་ཚོགས་པའི་ཚོགས་མི་དང་བོད་གནས་འབྲེལ་མཐུད་ཚོགས་པར་མི་ ༡༡ ཡོད་སྐོར་བཤད་འདུག དེའི་ཐད་མདོ་སྔགས་འབྲེལ་མཐུད་ཚོགས་པའི་ཚོགས་མིན་པ་མ་ཟད། བོད་གནས་འབྲེལ་མཐུད་ཚོགས་པར་མི་གཉིས་མ་གཏོགས་ཡོད་པ་མ་རེད། གནས་སྟངས་འདི་དག་འོག་ཁོང་གཉིས་ལ་དཔང་རྟགས་རྫུན་བཟོ་བྱས་ཏེ་ནག་ཉེས་བཙན་འགེལ་བྱས་པ་གསལ་བོ་རེད་ལ། འདི་དང་འབྲེལ་ཏེ་བོད་ནང་གི་ས་ཁུལ་ཡོངས་སུ་རང་ལུས་མེར་བསྲེཊ་གནང་མཁན་རྣམས་ཀྱི་ནང་མི་སྤུན་མཆེད་དང་། གྲོགས་པོ་གྲོགས་མོ་བཅས་རིམ་པས་དྲང་བདེན་མིན་པའི་ཁྲིམས་ཆད་ཀྱི་གནས་ཚུལ་འདིི་རིགས་འབྱུང་ངེས་སྟབས། རྒྱལ་སྤྱིའི་གསར་འགོད་པ་རྣམ་པས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་དང་བརྟག་དཔྱད་བྱས་ཏེ། རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད”ཅེས་གསུངས་བྱུང་།

རང་ལུས་མེར་བསྲེགས་གནང་མཁན་མང་ཤོས་རྔ་པ་ཆགས་དགོས་པའི་རྒྱུ་རྐྱེན་ཐད་གསུང་རྒྱུར། ཕྱི་ལོ་ ༡༩༣༥ ལོར་མའོ་ཙེ་ཏུང་གིས་སྣེ་འཁྲིད་པའི་དམར་དམག་རྒྱང་སྐྱོད་ཀྱི་བོད་མདོ་སྨད་རྔ་པ་བརྒྱུད་དེ་བོད་ལ་བཙན་འཛུལ་བྱས་ཡོད་པ་དང་། སྐབས་དེའི་དམག་དཔུང་གིས་རྔ་པ་མི་མང་ལ་དཀའ་སྡུག་ཚད་མེད་བཏང་ཡོད་ཅིང་། ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་རྒོལ་བྱུང་སྐབས། རྔ་པའི་མི་མང་ཐོག་གང་བྱུང་མེ་མདའ་བརྒྱབ་ཏེ་མི་ ༢༣  དམར་གསོད་དང་། དེ་ལས་མང་བར་རྨས་སྐྱོན་དང་བཙོན་འཇུག གཅར་རྡུང་ཚད་མེད་པ་བཏང་བ་བཅས་ལ་བརྟེན་ཏེ། མི་མང་གི་སེམས་ལ་རྨ་ཁ་ཆེན་པོ་བཟོས་ཏེ་ཐབས་ཟད་འུ་ཐུག་གི་གནས་སྟངས་འོག  ༢༠༠༩ ལོར་གྲྭ་བཀྲ་བྷེའི་རང་ལུས་མེར་བསྲེཊ་བཏང་སྟེ་རིམ་གྱིས་རྔ་པ་ས་ཆར་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་སྐོར་གསུངས་སོང་།

ཐེངས་འདིའི་བོད་མིའི་གདུང་སེམས་མཉམ་སྐྱེད་བརྒྱུད་དེས་བོད་ནང་ཐུགས་ཕན་ག་ཚོད་སོས་ཀྱི་ཡོད་མེད་དྲིས་པའི་ལན་དུ་ “ ཕྱི་སྡོད་བོད་མི་ཚོར་མཚོན་ན་བོད་ནང་གི་བོད་མི་ཚོ་ལས་རང་དབང་ཡོད་པ་དང་། བོད་ནང་མྱངས་དང་མྱོང་བཞིན་པའི་དཀའ་སྡུག་རྒྱལ་སྤྱིའི་སྟེང་བསྐྱལ་རྒྱུ་ལས་འགན་ཆགས་ཡོད་སྟབས། ང་ཚོས་རེ་བ་ཡོད་མེད་ལ་མ་ལྟོས་པར་ད་རེ་བཀའ་སྤྱི་ཐུན་མོང་གི་གོ་སྒྲིག་འོག་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་འདི་བརྒྱུད་དེ། གཙོ་བོ་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚོའི་སྐྱིད་སྡུག་མཉམ་མྱོང་གི་ནུས་པ་ངོ་འཕྲོད་རྒྱུ་དང་། རྒྱ་ནག་ལ་མཚོན་ནའང་། གང་བྱུང་བོད་ནང་གི་བོད་མི་ཚོར་སྡུག་སྦྱོང་གཏོང་མི་ཆོག་པའི་བརྡ་ལན་སྤྲོད་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་རེད། ”ཅེས་གསུངས་བྱུང་།

ཡང་རིན་པོ་ཆེ་མཆོག་ལ་ད་ཆར་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེར་རྩིས་སྤྲོད་བྱས་ཡོད་སྟབས། འདིའི་ཐད་རིན་པོ་ཆེ་མཆོག་གི་ལྟ་སྟངས་དང་ནུས་པ་གང་འདྲ་ཞིག་ཐོན་པའི་རེ་བ་བྱེད་ཀྱི་ཡོད་མེད་དྲིས་པའི་ལན་དུ་ཁོང་གིས། “ སྲིད་སྐྱོང་མཆོག་གི་ཕྱོགས་ནས། ད་ལྟའི་བར་ཁོང་གིས་མི་མང་གི་སྣེ་འཁྲིད་སྟངས་དང་རྒྱལ་སྤྱིའི་ཐོག་བོད་ནང་གི་གནས་ཚུལ་ཁྱབ་བསྒྲགས་སོགས་ཀྱི་ཐད་སྐུ་ངལ་ཆེན་པོ་སྐྱོན་གྱི་ཡོད་པ་རེད། ༸གོང་ས་མཆོག་ལ་མཚོན་ནའང་ཐུགས་རེ་ཆེན་པོ་གནང་གི་ཡོད་པ་རེད་ལ། མི་མང་ལ་མཚོན་ནའང་ཡིད་ཆེས་དང་རེ་བ་ཆེན་པོས་འོས་བླུགས་པ་ཞིག་ཡིན་སྟབས། ང་རང་གི་ངོས་ནས་ཀྱང་སྲིད་སྐྱོང་མཆོག་ལ་རེ་བ་ཆེན་པོ་བྱེད་ཀྱི་ཡོད།” ཅེས་གསུངས་བྱུང་།

གསར་འགོད་པ་དོན་གོས་རྒྱ་གར་རྒྱལ་ས་ལྡི་ལི་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༢ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༣ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 5

  1. lobsang says:
    ལོ་ 14 སྔོན།

    ཀིརྟི་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང། སླད་ནས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་ནས་ཀྱང་མིང་ཆེན་པོ་རེ་ཁུར་ནས་བཞུགས་མི་འདུག་པར་གདུང་སེམས་མཉམ་སྐྱེད་རེ་གནང་རྒྱུ་སྙིང་ནས་རེ་བ་ཞུ། ད་ཐེངས་དགའ་ལྡན་ཁྲི་རིན་པོ་ཆེ་ཡང་ཕེབས་ཡོད་པས་ཐུགས་རྗེ་ཆེ་ཞུ། ཆོས་བརྒྱུད་ཁག་གི་བླ་ཆེན་ཚོའི་རྒྱབ་ཏུ་མི་མང་པོ་ཞིག་ཡོད་པས་ཁྱེད་ཚོས་གདུང་སེམས་མཉམ་སྐྱེད་རེ་གནང་ན་དགེ་མཚན་ཆེ་སྙམ།

    Reply
  2. རྨེའུ་དཀོན་རྒྱམ། says:
    ལོ་ 14 སྔོན།

    བོད་ཀྱི་དུས་བབ་གསར་འགོད་པ་དོན་ཁོ་ལགས།

    དུས་ཐོག་ཏུ་གསར་འགྱུར་ཁ་ཚ་དགོས་གཏུགས་ཤིག་སྤེལ་བར་ཐུགས་རྗེ་ཆེ།
    གསར་འགོད་ལྷན་ཚོགས་འདི་དང་འབྲེལ་བའི་པར་རིས་གསར་འགྱུར་ལ་གཟིགས་འདོད་ཡོད་མཁན་རྣམ་པས་གཤམ་གྱི་དྲ་ཐག་ལ་གཟིགས་རོགས་ཞུ།

    https://www.facebook.com/media/set/?set=a.10151314156689818.483429.534104817&type=3

    Reply
  3. མྱི་དཀར says:
    ལོ་ 14 སྔོན།

    སྐྱབས་མགོན་ཀིརྟི་རིན་པོ་ཆེ་ལ་ཐུགས་རྗེ་ཆེ་

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་གཉིས་ཀྱིས་དེ་སྔོན་ས་གནས་ཀྱི་བོད་མི་བརྒྱད་ལ་རང་ལུས་མེར་བསྲེགས་གཏོང་བར་བརྒྱུད་སྐུལ་བྱས་ཡོད་པའི་ཉེས་འཛུགས་འོག བློ་བཟང་དཀོན་མཆོག་ལ་ལོ་ ༢ རྗེས་ཀྱི་སྲོག་ཐོག་གི་ཁྲིམས་ཆད་དང་། བློ་བཟང་ཚེ་རིང་ལ་ལོ་ ༡༠ ཁྲིམས་ཐག་བཅད་ཡོད་་་་་་་ ཟེར་བ་འདི་བདེན་ན།
    བློ་བཟང་དཀོན་མཆོག་ལ་ལོ་ ༢ རྗེས་ཀྱི་སྲོག་ཐོག་གི་ཁྲིམས་ཆད་བཏང་བར་ཁོང་གི་སྲོག་སྐྱོབས་ཕྱིར། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཞིན། བོད་གཞིས་བྱེས་གཉིས་ཀྱིས་ལས་འགུལ་ཞི་ཙམ་སྤེལ་ཐུབ་བམ།
    གལ་སྲིད་རྒྱ་གཞུང་གིས་ད་ནས་བོད་མི་གཅིག་ཅབ་སྲིད་ཀྱིས་ཉེས་ཞྭ་གཡོག་ནས་སྲོག་ཐོག་བཏང་བ་ཡིན་ན། བོད་རིགས་རྣམས་རང་བཙན་མ་རྩོད་རང་རྩོད་ལ་བཙུད་པ་དང་ཁྱད་མེད་པར་འགྱུར་པ་མ་རེད་དམ། རྒྱ་བོད་གཉིས་ཕྱོགས་ནས་གཟབ་དགོས་པ་མི་འདུག་གམ། ལགས།

    Reply
  5. ཟླ་བ་དོན་འགྲུབ། says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ། བློ་བཟང་དཀོན་མཆོག་གཙོས་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་ཀློད་དགོས་པའི་རེ་བ་འུ་ཅག་གིས་འདོན་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese