མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གྲྭ་པ་ཞིག་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༣/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་རྨ་ལྷོ་རེབ་གོང་གཡེར་གཤོང་དགོན་པའི་གྲྭ་པ་གཉིས་འཛིན་བཟུང་བྱས་ཏེ་གྲྭ་པ་གཅིག་ཀློད་གྲོལ་དང་། གཞན་གཅིག་ད་ཆར་ས་གནས་ཀྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བཀག་ཉར་བྱས་ཡོད་འདུག  

བསོད་ནམས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་རྒྱ་ནག་གཞུང་གིས་བོད་མདོ་སྨད་རྨ་ལྷོ་རེབ་གོང་གཡེར་གཤོང་དགོན་པའི་རང་ལོ་ ༤༢ ཡིན་པའི་གྲྭ་ཡར་འཕེལ་ལགས་དང་། གྲྭ་སྒྲ་དབྱངས་གཉིས་ས་གནས་ཀྱི་མངགས་གཏོང་ཁང་དུ་འབོད་འགུག་གིས་འདྲི་བརྩད་བྱས་ཡོད་པ་མ་ཟད།  ཉེ་ལམ་གྲྭ་སྒྲ་དབྱངས་ལགས་ནད་པ་ཡིན་པའི་དབང་གིས་ཀློད་གྲོལ་བཏང་ཡོད་ཀྱང་། གྲྭ་ཡར་འཕེལ་ནག་ཉེས་ལ་གཞིགས་ཏེ་ཁྲིམས་ཐག་གཅོད་རྒྱུ་ཡིན་ཚུལ་བཤད་དེ། ད་ཆར་རེབ་གོང་གྲོག་དམར་ཁ་འོག་ཏུ་ཡོད་པའི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བཀག་ཉར་བྱས་ཡོད་འདུག

ཁོང་གཉིས་འཛིན་བཟུང་བྱས་དོན་ནི། ལོ་སྔོན་མའི་ཕྱི་ཟླ་ ༡༡ པའི་ཚེས་ ༤ ཉིན་རེབ་གོང་ཆུ་མ་ཀློག་གཤོང་སྡེ་བའི་རང་ལོ་ ༢༥ ཡིན་པའི་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས་ཀྱི་གདུང་ཐལ་རོང་བོ་དགོན་པའི་རྒྱབ་ངོས་གདོང་རྒྱ་གླད་ནས་ཀློག་གཤོང་སྡེ་བའི་རང་ཁྱིམ་དུ་གདན་འདྲེན་ཞུས་སྐབས། གྲྭ་ཡར་འཕེལ་ལགས་ཀྱི་རྒྱལ་གཅེས་པ་ཁོང་གི་སྐུ་པར་བཟུང་བ་དང་། གྲྭ་སྒྲ་དབྱངས་ལགས་ཀྱི་༧གོང་ས་མཆོག་གི་སྐུ་པར་བཟུང་སྟེ་སྐུ་ཐལ་གདན་འདྲེན་ཞུས་པས་ཉེས་འཛུགས་འོག་འཛིན་བཟུང་བཀག་ཉར་བྱས་པ་ཞིག་ཡིན་འདུག

གྲྭ་ཡར་འཕེལ་ལགས་ཀྱི་ཕ་མིང་ལ་ཀླུ་འབུམ་རྒྱལ་འབོད་ཀྱི་ཡོད་པ་དང་།  ཁོང་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས་ཀྱི་ཨ་ཞང་ཡིན་འདུག ཉེ་ཆར་ཁོང་གཉིས་འཛིན་བྱས་རྗེས་ས་གནས་མི་མང་དང་ནང་མི་ཉེ་འབྲེལ་ཚོས་བློ་འཚབ་བྱེད་ཀྱི་ཡོད་འདུག་ལ། ད་ཆར་རྒྱ་གཞུང་གིས་ཡང་རྨ་ལྷོ་རེབ་གོང་དུ་དམག་མི་འགྲེམས་འཇོག་གིས་དམ་དྲག་དང་སུན་གཙེར་རབས་དང་རིམ་པ་བཟོ་བཞིན་པ་མ་ཟད། བོད་མི་ཚོ་གང་བྱུང་འཛིན་བཟུང་བཙོན་འཇུག་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དོན་གོ

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist