མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གདུག་རྩུབ་ཅན་གྱི་སྲིད་གཞུང་ཞིག་གིས་བྱམས་སྙིང་རྗེ་གླེང་བ།

བོད་ཀྱི་དུས་བབ།
༢༠༡༣/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཁེ་ལོ་ཌི་ཨར་པི་གིས་བརྩམས། བྱམས་པ་ལྷུན་གྲུབ་ཀྱིས་བསྒྱུར།

ཕྱི་ལོ་ ༢༠༡༢ ལོར་བོད་ས་མཐོ་སྒང་དུ་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་ ༡༡ ཙམ་བསླེབས་ཡོད་ཅིང་། མ་འོངས་པར་གྲངས་ཚད་དེ་ལྡབ་གཉིས་འཕར་རྒྱུའི་ཚོད་དཔག་བྱེད་ཀྱིན་ཡོད། རྒྱ་གཞུང་གིས་བོད་མི་ཚོར་དོན་དང་ལྡན་པའི་མི་ཆོས་སློབ་གསོ་སྤྲོད་རྒྱུའི་ཚབ་ཏུ། དོན་དངོས་ཐོག་བོད་མི་ཚོར་ཕྱི་སྐྱོད་ལག་ཁྱེར་རག་རྒྱུར་ཡང་དཀའ་སྡུག་ཧ་ཅང་ཆེན་པོ་བཟོ་བཞིན་ཡོད།

ཆུ་གླང་ལོའི་ཟླ་བ་དང་པོའི་ཚེས་ ༡༨ ཉིན་(ཕྱི་ལོ་ ༡༩༡༣ ལོར)ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་བོད་ “རང་བཙན་” ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད། ཁོང་ཕྱི་ལོ་ ༡༩༠༤ ལོར་ཡང་ཧཱས་བྷེནཌ་(Younghusband)ལྷ་སར་རྟོག་ཞིབ་འགྲུལ་བཞུད་བྱེད་དུས་ཐོག་མར་རྒྱ་ནག་ཏུ་སྐྱབས་བཅོལ་ལ་ཕེབས་པ་དང་། དེ་རྗེས་སླར་ཡང་རྒྱ་ནག་གི་དམག་སྤྱི་ཞིག་གིས་བོད་དུ་བཙན་འཛུལ་བྱེད་སྐབས་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་པ་སོགས་ཕྱིར་བསྡུ་གྲུབ་རྗེས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་མཐའ་མཇུག་རྒྱ་དམག་རྣམས་བོད་ས་ནས་ཕྱིར་འཕུད་བཏང་བ་དང་། ཁོང་ཉིད་ཕྱིར་བོད་དུ་ཞབས་སོར་བདེ་བར་འཁོད་པའི་སྐོར་གསལ་བཤད་མཛད། སྐབས་དེར་ཁོང་གིས་བོད་མི་ཚོར་“ང་ཚོའི་བོད་རྒྱལ་ཁབ་འདིར་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད། འོན་ཀྱང་དེང་དུས་ཤེས་ཡོན་གྱི་ཐོག་ནས་རྒྱལ་ཁབ་གཞན་དག་ལྟ་བུའི་སྔོན་ཐོན་གྱི་ལུང་པ་ཞིག་མིན། ང་ཚོ་ནི་རང་བཙན་ཡོད་པའི་ཆོས་ལྡན་གྱི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན།”ཞེས་བསྒྲགས་གཏམ་སྤེལ་ཡོད།

སྐབས་དེའི་ཏཱ་ལའི་བླ་མར་མཚོན་ན། བོད་རྒྱལ་ཁབ་དེ་དམག་དཔུང་སྟོབས་ཤུགས་ཀྱིས་སྲུང་སྐྱོབ་དཀའ་བའི་གཉན་འཕྲང་གི་སྐུ་ངལ་ཆེན་པོ་བྱུང་བས། ཁོང་གིས་“རྒྱལ་ཁབ་གཞན་པ་དང་དཔུང་པ་མཉམ་གཤིབ་ཀྱིས་འགྲོ་ཐུབ་པ་ལ། ང་ཚོས་ངེས་པར་དུ་རྒྱལ་ཁབ་བརྟན་སྲུང་བྱེད་དགོས། དེ་སྔོན་ཕྱི་རྒྱལ་གྱིས་བཙན་འཛུལ་ཡང་ཡང་བྱས་སྐབས། ང་ཚོའི་མི་མང་ཚོས་སོ་སོའི་བདེ་འཇགས་དང་རྒྱལ་ཁབ་རང་བཙན་བརྟན་སྲུང་ཆེད་དུ་དཀའ་སྡུག་མང་པོ་མྱོང་དགོས་བྱུང་སྲིད་མོད། འོན་ཀྱང་ད་ཆ་ང་ཚོ་བོད་མི་ཡོངས་རྫོགས་ཀྱིས་མ་སྐུལ་དྭངས་བླངས་ཐོག་ནས་རྩ་དོན་གྱི་བྱ་བ་རྣམས་ཧུར་ཐག་གིས་སྒྲུབ་དགོས་”ཞེས་གསུངས་ཡོད། དེ་ནི་ལོ་ ༡༠༠ ཡི་གོང་རེད། ང་ཚོས་མི་ལོ་བརྒྱ་འདས་རྗེས་ཀྱི་ད་ལྟའི་བོད་ཀྱི་གནས་སྟངས་ལ་ཕྱི་མིག་ཅིག་བལྟས་ན་ཧང་སང་དུ་འཇུག་ངེས་ཡིན། ད་བར་བོད་མི་ ༩༩ ཡིས་རང་ལུས་མེར་བསྲེགས་བཏང་ཟིན་ཡང་། རྒྱ་ནག་གཞུང་གིས་ད་དུང་བོད་ནང་གི་བོད་མི་ཚོར་ཉིན་རེ་བཞིན་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད།  

ཁོང་ཚོས་དགོས་དམིགས་དེའི་ཆེད་ཇུས་ངན་སྣ་ཚོགས་འདིང་གིན་ཡོད་ལ། དང་པོ་དེར་ཁོང་ཚོས་འདྲ་མཉམ་གྱི་བདེ་སྐྱིད་ལྡན་པའི་ཡར་རྒྱས་གཏོང་དགོས་པའི་སྐོར་ཤོད་ཀྱིན་ཡོད། ཁོང་ཚོས་རྒྱུན་ལྡན་བོད་པའི་ཨ་ལད་པད་ཀོ་ (puppets)ཚོ་བཀོལ་སྤྱོད་ཀྱིས་རྫུན་གཏམ་སྣ་ཚོགས་ཕྱི་བསྒྲགས་བྱེད་འཇུག་གི་ཡོད། དཔེར་ན་རྒྱ་གར་གྱི་ས་མཚམས་ནས་ཀི་ལོ་མི་ཊར་འགའ་ཤས་ཀྱི་སར་ཆགས་ཡོད་པའི་(ཨ་རུ་ན་ཅལ་མངའ་སྡེའི་སྟོད་སཱེང་རྫོང་གི་བྱང་)མེ་ཏོག་གྲོང་གསེབ་ལྟ་བུ་ཡིན།

རྒྱ་གཞུང་གི་དྲ་རྒྱའི་བརྒྱུད་ལམ་ནས་བཅར་འདྲི་བྱས་པ་ཞིག་གི་ནང་། མེ་ཏོག་རྗོང་གི་འཐུས་མི་(དང་ཉེ་ཆར་ལྷ་སར་ཚོགས་པའི་ས་གནས་མི་དམངས་ལྷན་ཚོགས་ཀྱི་སྐུ་ཚབ་ཡིན་པའི་)རྡོ་རྗེ་དབང་གྲགས་ཞུ་བ་ཁོས། པེ་ཅིན་གྱིས་ཁོང་གི་གྲོང་གསེབ་ནང་དུ་ལམ་ཁ་བཟོ་སྐྲུན་བྱས་པར་ཡི་རངས་དང་བསྔགས་བརྗོད་ཞུས་འདུག ཁོང་གིས་ “ ཕྱི་ལོ་ ༢༠༡༠ ཟླ་བ་ ༡༢ པའི་ནང་བྷོ་མི་(Bomi)དང་མེ་ཏོག་གྲོང་གསེབ་གཉིས་ཀྱི་བར་གཞུང་ལམ་འཛུགས་སྐྲུན་བྱས་པ་ནས་བཟུང་། ང་ཚོའི་མེ་ཏོག་གྲོང་ཚོ་ལ་ཆེས་སྐལ་བ་བཟང་པོ་བྱུང་།”ཞེས་བཤད་འདུག  འོན་ཀྱང་། ཤིན་ཧཱ་གསར་ཁང་གིས་བརྗོད་པ་ལྟར་ན།  པེ་ཅིན་གྱིས་ལམ་ཁ་དང་གནམ་ཐང་གཉིས་ཀྱི་ཆེད་དུ་མ་དངུལ་འཛུག་གི་ཡོད་པ་ཙམ་མ་ཡིན་པར་ “ཤིང་སྣ་འདེབས་འཛུགས་ཀྱི་ལས་འཆར་དང་སྲུང་སྐྱོབ། རློན་ས་དང་མཚེའུ། ཆུ་བོའི་ཐོན་ཁུངས་གཅེས་སྐྱོང་བྱེད་མཁན་གྱི་ཡུལ་མི་ཚོར་གུན་གསབ་དང་བྱ་དགའི་ཆེད་དུ། ཨ་སྒོར་ས་ཡ་ ༥༦༣ ཙམ་གྱི་འགྲོ་གྲོན་གཏོང་རྒྱུ་ཡིན།” ཞེས་བཤད་འདུག འོན་ཀྱང་དེ་དང་དུས་མཚུངས་གཏེར་དངོས་ལ་སོགས་པའི་རང་བྱུང་ཐོན་རྫས་ཧ་ཅང་ཕོན་ཆེན་པོ་འཕྲོག་བཅོམ་བྱས་ཟིན་ཡོད།

རྡོ་རྗེ་དབང་གྲགས་ཀྱིས་གོང་གསལ་ལྷན་ཚོགས་དེར་ཕུལ་བའི་གྲོས་འཆར་དེ་ནི། མེ་ཏོག་ཁུལ་གྱི་གཞུང་ལམ་ཡར་རྒྱས་གཏོང་རྒྱུའི་ཆེད་ཡིན། དེིའི་ནང་“མེ་ཏོག་གྲོང་ཚོའི་དཔལ་འབྱོར་ཡར་རྒྱས་ཀྱི་མྱུར་ཚད་སྤར་རྒྱུ”ཞེས་པ་དེ་ཡིན།  འོན་ཀྱང་། གསལ་སྟོན་བྱས་མེད་པའི་གནད་དོན་ཞིག་ནི། གཞུང་ལམ་དེ་ཚོ་ནི་བཅིངས་གྲོལ་དམག་དཔུང་གི་དམག་ཇུས་ལ་མེད་དུ་མི་རུང་བའི་ཁེ་ཕན་ཆེད་ཡིན་པ་དེ་རེད། ཡུལ་སྐོར་སྤྲོ་འཆམ་དེ་བོད་ཀྱི་ཡར་རྒྱས་མྱུར་སྐྱོད་ཀྱི་ལྡེ་མིག་ལྟ་བུར་གྱུར་པའི་རྒྱུ་མཚན་གཅིག་ཀྱང་དེ་ཡིན། ལྟ་སྐོར་བ་ཚོའི་ཆེད་དུ་རྨང་གཞིའི་འཛུགས་སྐྲུན་མང་པོ་ཞིག་བྱས་པ་དེ་དག རྒྱ་གར་ལྟ་བུ་དང་འཐབ་འཛིང་བྱེད་དགོས་བྱུང་ཚེ་བེད་སྤྱོད་གཏོང་ཆོག་ཆོག་ཆགས་ཡོད། ཉེ་ཆར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ “ ཕྱི་ལོ་ ༢༠༡༥ ལོའི་བོད་དུ་ཡུལ་སྐོར་སྤྲོ་འཆམ་སླེབས་པའི་གྲངས་འབོར་ས་ཡ་ ༢༠ བར་འཕར་ཐུབ་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན། དེ་ནི་སྔར་ལོའི་གྲངས་འབོར་གྱི་ལྡབ་གཉིས་ལ་ཉེ་བ་ཡིན།” ཞེས་ཕྱིར་བསྒྲགས་བྱས་ཡོད།

གནད་དོན་དེ་དང་གཅིག་མཚུངས། ད་ཆ་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་གཙོའི་ལས་འཁུར་བ་པད་མ་འཕྲིན་ལས་ཀྱིས་ལྷན་ཚོགས་དེའི་དབུ་འབྱེད་གཏམ་བཤད་ནང་། “ཡུལ་སྐོར་སྤྲོ་འཆམ་ནིི་བོད་རང་སྐྱོང་ལྗོངས་ལ་དཔལ་འབྱོར་འཕེལ་སྐྱེད་ཀྱི་འཕྲུལ་ཆ་གཙོ་བོ་གཅིག་ཆགས་ཡོད་ལ། ལོ་སྔོན་མའི་ནང་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་ ༡༡ སྣེ་ལེན་ཞུས་པས་སྤྲོ་འཆམ་ས་ཁུལ་དེ་དག་ལས་ཡོང་འབབ་ཨ་སྒོར་ཐེར་འབུམ་ ༢.༡༢ བརྒལ་བ་ཐོབ་ཡོད།” ཅེས་བསྒྲགས་གཏམ་སྤེལ་འདུག བསྒྲགས་གཏམ་དེ་ལ་ཁྱོད་རང་ཡིད་ཆེས་ཀྱི་འདུག་གམ།

མི་ཚོགས་ཁ་ཐོར་དུ་གནས་ཆགས་པའི་བོད་ས་མཐོ་སྒང་དུ། ཕྱི་ལོ་ ༢༠༡༢ ལོར་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་ ༡༡ སླེབས་ཡོད་ལ། དེས་ས་གནས་ཉམ་ཐག་མི་མང་གི་དཀའ་ངལ་སྔར་ལས་ཤུགས་ཆེ་རུ་བཏང་ཡོད། འོན་ཀྱང་རྒྱ་གཞུང་གིས་ད་དུང་སྤྲོ་འཆམ་པའི་གྲངས་འབོར་དེ་ལྡབ་གཉིས་འཕར་རྒྱུའི་རེ་བ་ཡང་བྱེད་ཀྱིན་ཡོད། གནས་སྟངས་འདི་དག་གི་འོག་ན། བོད་ནང་དུ་རྒྱ་གཞུང་གིས་ཧན་མི་རིགས་ཁྱབ་གདལ་བཏང་བར་བོད་མི་ན་གཞོན་ཚོས་འཁོན་འཛིན་ཆེན་པོ་བྱེད་པ་དང་། གྱེན་ལངས་ཤུགས་དྲག་གིས་གོམ་སྟབས་བསྒྱུར་བ་དེ་ཚོར་ཧང་སང་དོན་ཅི་ཡང་མེད།

འོན་ཀྱང་ཡུལ་སྐོར་སྤྲོ་འཆམ་ནི་ཚོང་ལས་ཤིག་ཡིན། བོད་ཀྱི་ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་གི་ལས་མི་“ཟླ་བ་ཡུས”ཟེར་བ་ཞིག་གིས་ཤིན་ཧྭ་གསར་ལམ་དུ་ “བོད་ཀྱི་ཡུལ་སྐོར་སྤྲོ་འཆམ་ལས་དོན་ལ་ཡར་རྒྱས་ཆེས་མྱུར་པོ་བྱུང་བའི་ཉེར་ལེན་གྱིས། འབྲོག་པ་དང་ཞིང་པ་ཚོར་ཁེ་ཕན་ཆེན་པོ་ཐོབ་ཡོད་པ་དང་། ༢༠༡༢ ལོའི་མཇུག་ལ་ཞིང་པ་མི་གྲངས་ ༤༨༡༢༠ ཙམ་ལ་ས་གནས་ཁག་ཏུ་ཡུལ་སྐོར་སྤྲོ་འཆམ་དང་འབྲེལ་བའི་ལས་ཀ་སྤྲད་ཡོད།”ཅེས་བཤད་ཡོད། འོན་ཀྱང་གནད་དོན་འདི་དག་བདེན་རྫུན་གང་ཡིན་གཙོ་བོ་མ་རེད། བོད་མི་ས་ཡ་གསུམ་ཙམ་ཡོད་པའི་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དེར། ལོ་གཅིག་ནང་ལ་རྒྱ་ནག་ཧན་མི་འབོར་ས་ཡ་ ༢༠ ཡུལ་སྐོར་སྤྲོ་འཆམ་དུ་ཡོང་གི་ཡོད་པ་འཇིགས་སྐྲག་སྐྱེ་དགོས་པའི་གནད་དོན་ཞིག་ཆགས་ཡོད།

ད་དུང་རྒྱ་ནག་གི་མགོ་དཔོན་ཚོའི་ཕུ་ཐུང་ནང་དུ་གཡོ་ཇུས་གཞན་ཁག་ཅིག་ཀྱང་སྦེད་ཡོད། ད་ཆ་ཁོང་ཚོས་“ཆབ་སྲིད་སློབ་སྟོན་པ་ཚོར” རྒྱབ་བརྟེན་ནས་རྒྱ་གཞུང་གི་གནད་དོན་རྣམས་བརྒྱུད་བསྒྲགས་བྱེད་དུ་འཇུག་གིན་ཡོད། ཤིན་ཧྭ་གསར་ཁང་གིས་བསོད་ནམས་ཕུན་ཚོགས་ཞེས་པའི་བོད་མི་ཞིག་སྲིད་སྐྱོང་ར་སྒྲེང་རིན་པོ་ཆེའི་ཡང་སྲིད་ཡིན་པའི་འགྲེལ་བཤད་བྱས་ཏེ། ཁོང་གིས་“ནང་པ་ཡིན་ཡང་རུང་མིན་ཡང་རུང་། ང་ཚོས་སོ་སོ་རང་ཉིད་ཚུད་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་སྲོག་ལ་མཐོང་ཆེན་བྱེད་དགོས།”ཞེས་བཤད་པ་དེ་ལུང་འདྲེན་བྱས་ཡོད། སྐད་ཆ་དེ་ཕྱོགས་གཞན་ཞིག་ནས་བཤད་ན། རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་ལ་ངོ་ཚ་ཁ་སྐྱེངས་བཟོ་རྒྱུ་དེ་མཚམས་འཇོག་གྱིས་ཟེར་གྱིན་ཡོད་པ་རེད།

ར་སྒྲེང་སྐུ་གོང་མའི་སྒེར་གྱི་གཤིས་སྤྱོད་ཐོག་ལ་ནན་གྱིས་ལྟོས་མི་དགོས་པར། ཕྱི་ལོ་ ༡༩༣༠ སོ་གྲངས་ནང་ཁོང་གིས་སྲིད་སྐྱོང་གི་ཕྱག་ལས་གནང་པ་དང་། ཁོང་ནི་གོ་མིན་ཏང་དང་འབྲེལ་བ་ཉེ་བོ་ཡོད་ལ། ཕྱི་ལོ་ ༡༩༤༧ ལོར་ཁོང་གིས་བོད་ནང་དུ་མི་སེར་ནང་འཁྲུག་འདྲ་བའི་རྙོག་ཟིང་ཞིག་བཟོས་ཡོད་པར་བཤད་ཆོག ད་ལྟའི་སྐུ་ཕྲེང་བདུན་པ་འདི་ནི་ཏཱ་ལའི་བླ་མ་དང་ཡིད་རྟོན་འོས་པའི་བླ་མ་གཞན་གང་ཞིག་གིས་ཀྱང་ལུགས་མཐུན་གྱི་ངོས་ལེན་མེད་པར། རྒྱ་ནག་དྲིལ་བསྒྲགས་ལྷན་ཁང་གིས་ཐད་ཀར་ངོས་འཛིན་བྱས་པ་ཞིག་ཡིན།

ད་དུང་པེ་ཅིན་གྱིས་སྟོད་ལུང་བདེ་ཆེན་གྲོང་ནས་ཡིན་པའི་དིན་དགའ་རིན་པོ་ཆེ་པ་སངས་རྣམ་རྒྱལ་ཞེས་པ་ཞིག་“ཆབ་སྲིད་སློབ་སྟོན་པར་”བེད་སྤྱོད་གཏོང་མུས་ཡིན། ཁོང་གིས་སངས་རྒྱས་ཀྱིས“གང་ལེགས་པ་ཐམས་ཅད་གྱིས”ཞེས་གསུངས་ཡོད་པར་ལུང་འདྲེན་གྱིན་ཡོད། ཁོས་ཕལ་ཆེར་གང་ལེགས་པ་ཐམས་ཅད་ཅེས་པ་དེ་“དམར་ཤོག་ཚོགས་པ་ལ་གང་ལེགས་པ” ཟེར་བའི་དོན་ཡིན་རྒྱུ་རེད། ཡང་“ཆབ་སྲིད་སློབ་སྟོན་པ་” རྒྱ་མཚོ་གླིང་རིན་པོ་ཆེ་ཐུབ་བསྟན་གྲགས་པ་ཞེས་པས་ཀྱང་ “སྐྱེ་འགྲོ་ཐམས་ཅད་འདྲ་མཉམ་ཡིན། སངས་རྒྱས་ཀྱིས་ཀྱང་སྐྱེ་བོ་རྣམས་ལ་སོ་སོའི་ཚེ་སྲོག་ལ་བརྩི་མཐོང་བྱེད་དགོས།”ཞེས་གསུངས་ཡོད་པར་གསལ་བསྒྲགས་བྱས་ཡོད། འདི་ནི་འུ་ཐུག་ཐབས་ཟད་དུ་གྱུར་པའི་ས་གནས་མང་ཚོགས་རྣམས་དབང་བསྒྱུར་བྱེད་པའི་དཀྲོག་གཏམ་ཡིན་པ་མངོན་གསལ་དོད་པོ་ཆགས་ཡོད། འོན་ཀྱང་། གཡོ་ཇུས་དེ་དག་གིས་ས་གནས་བོད་མི་ཚོར་བསླུ་བྲིད་གཏོང་ཐུབ་ཀྱི་མེད།

རྒྱ་གཞུང་གི་དཔོན་རིགས་མང་པོ་ཞིག་ལ་འགྱུར་བ་འགྲོ་བཞིན་ཡོད། དཔྱད་ཞིབ་པ་མང་པོས་སྲིད་གཞུང་གསར་པ་དེ་བརྒྱུད་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་བར་ཡིད་ཆེས་བྱེད་ཀྱི་ཡོད། འབྱུང་འགྱུར་ཟླ་བའི་ནང་གསར་དུ་བདམས་ཐོན་བྱུང་བའི་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཡུས་ཀྲན་ཧྲན་(དམར་ཤོག་རྒྱུན་ལས་ཨང་རིམ་ ༤ པ་ཡིན་པ་)ཞེས་པ་དེ་ཅཱ་ཆིན་ལིན་ཞུ་བ་དེའི་ཚབ་ལ་བོད་དུ་ལྟ་རྟོག་བྱེད་མཁན་དབུས་འབྲེལ་མཐུད་ཚོགས་ཆུང་གི་ཚོགས་གཙོར་བསྐོ་རྒྱུ་ཡིན་འདུག ཡུས་ཀྲན་ཧྲན་གྱིས་ཉེ་སྔོན་ནས་བོད་ཀྱི་ས་ཁུལ་ཁག་ཏུ་ལྟ་སྐོར་བྱེད་མགོ་ཚུགས་ཟིན་ཞིང་། ཉེ་ཆར་ཁོ་སི་ཁྲོན་ལ་ལྟ་སྐོར་དུ་ཕྱིན་སྐབས་(དེར་ཁོང་ས་གནས་བོད་མི་ཚོ་དང་མཉམ་དུ་པར་འགའ་ཤས་བསྒྲོན་རྒྱུ་བྱུང་ཡོད།)ཁོང་དཔོན་པོར་བསྐོ་རྒྱུ་དེ་གཏན་ཁེལ་བའི་སྣང་ཚུལ་བྱུང་འདུག གལ་ཏེ་བསམ་བློ་རྙིང་པ་དེར་འགྱུར་བ་ཞིག་ཐེབས་ཡོད་ཚེ་ཁོང་གི་སྐད་ཆ་དང་པོ་དེ་བློ་ཕམ་བྱུང་པའི་སྐོར་ཡིན་ངེས། ཡུས་ཁོང་ཡུལ་སྐོར་རྟོག་ཞིབ་དུ་ཕེབས་སྐབས “དཔལ་འབྱོར་འཕེལ་རྒྱས་དང་མི་མང་གི་བདེ་སྡུག་ལེགས་བཅོས་ཆེད་དོན་སྙིང་ལྡན་པའི་སྤྱི་ཚོགས་དང་ཆབ་སྲིད་ཁོར་ཡུག་ཅིག་སྐྲུན་པ་ལ། ཏཱ་ལའི་རུ་ཚོགས་ལ་ཁ་གཏད་མུ་མཐུད་ནས་བྱེད་དགོས་”ཞེས་བསྒྲགས་གཏམ་སྤེལ་ཡོད།

ཉེ་ཆར་པེ་ཅིན་དུ་ཆོས་ལུགས་ཀྱི་ཤོག་ཁག་འགའ་དང་ཐུག་འཕྲད་སྐབས། ཡུས་ཀྱིས་“ཆོས་དེ་མཐུན་ཕྱོགས་ཀྱི་སྟོབས་ཤུགས་”ཤིག་ཡིན་པར་བཤད་ཡོད། ད་དུང་ཁོས་དམིགས་བསལ་གྱིས་ཆོས་དེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཡར་རྒྱས་གོང་འཕེལ་གཏོང་བར་ཕན་ཐོཊ་ཡོད་སྐོར་བཤད་འདུག ཁོང་གིས་“ཆོས་དེ་རྒྱལ་ཁབ་ཡར་རྒྱས་དང་ཆོས་ཀྱི་རྗེས་འབྲང་པ་ཚོའི་མི་ཚེའི་དངོས་པོ་དང་བསམ་བློ་གོང་འཕེལ་གཏོང་རྒྱུའི་མཐུན་རྐྱེན་ཞིག་ཏུ་བསྒྱུར་བར་འབད་བརྩོན་བྱེད་དགོས་”ཞེས་བཤད་འདུག ཉེ་ཆར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྙན་ཐོ་ཞོག་བཏོན་པའི་ནང་“བོད་རང་སྐྱོང་ལྗོངས་ནང་བོད་མི་ལས་བྱེད་ཁག་ཅིག་ལ་དགོས་དབང་གིས་གཞུང་འབྲེལ་ཕྱིར་སྐྱོད་ལག་ཁྱེར་སྤྲད་དེ་ཕྱི་རྒྱལ་དུ་བསླེབས་རྗེས་ཕྱིར་ལོག་དགོས་ཀྱི་ཡོད་འདུག དེ་མིན་བོད་མི་སྒེར་པ་སོ་སོར་ཕྱིར་སྐྱོད་ལག་ཁྱེར་གསར་པ་དེ་སྤྲད་ཡོད་མི་འདུག”ཅེས་བཀོད་འདུག

ཐེ་ཝན་བོད་གནས་ལས་ཁང་ནང་ཉམས་ཞིབ་པའི་ཕྱག་ལས་གནང་མཁན་བསོད་ནམས་རྡོ་རྗེ་ཡིས་ཤེས་གསལ་ལྟར་ན། རྒྱ་མི་རིགས་ཚོ་དང་མི་འདྲ་བར་བོད་མི་རྣམས་“ཕྱིར་སྐྱོད་ལག་ཁྱེར་རག་པར་ཧ་ཅང་མགོ་རྙོག་ཚ་པོ་དང་དཀའ་ཚེགས་ཅན་ཞིག་ཆགས་ཡོད་འདུག”ཅེས་བཤད་འདུག དེ་དང་ཆབས་ཅིག་ཏུ། རྒྱ་གཞུང་གི་ལག་གཡོག་རང་ཉིད་བླ་མར་རློམ་མཁན་ཚོས་བོད་མི་ཚོར་བྱམས་པ་དང་སྙིང་རྗེ། བཟོད་པ་བཅས་ཀྱི་སྐོར་ལ་ཆོས་འཆད་ཀྱིན་ཡོད།

 

མ་རྩོམ། http://www.dailypioneer.com/columnists/item/53319-intolerant-regime-talks-of-love-and-compassion.html?tmpl=component

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༨ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese