མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༼བོད་ཀྱི་གསང་བ༽གློག་བརྙན་འདི་ལ་མཐའ་གཅིག་ཏུ་ངོ་རྒོལ་རྒྱག་དགོས།

བོད་ཀྱི་དུས་བབ།
༢༠༡༣/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་རྒྱ་རིགས་དགེ་རྒན་ཆེན་མོ་ཞིག་གིས་༼བོད་ཀྱི་གསང་བ༽ཞེས་པའི་མུ་འབྲེལ་གློག་བརྙན་ཞིག་བཟོས་ཏེ། རྒྱ་ནག་དབུས་བརྙན་འཕྲིན་བརྒྱུད་མང་ཚོགས་ལ་སྟོན་མགོ་ཚུགས་ཡོད་ཅིང་། གློག་བརྙན་དེར་བོད་མི་རིགས་དང་རིག་གཞུང་། སྤྱི་ཚོགས། ཆོས་སྲིད་ཟུང་འབྲེལ་སོགས་ལ་དམའ་འབེབས་ཚད་མེད་བྱས་ཡོད་པར། བོད་ཕྱི་ནང་གཉིས་སུ་གློག་བརྙན་དེའི་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་སོགས་ལ་ངོ་རྒོལ་ཤུགས་ཆེན་འབྱུང་བཞིན་ཡོད།

༼བོད་ཀྱི་གསང་བ་(西藏秘密)༽ཞེས་པའི་ལེའུ་ ༤༨ ཅན་གྱི་མུ་འབྲེལ་གློག་བརྙན་དེའི་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་ནི། རྒྱ་ནག་པེ་ཅིན་གློག་བརྙན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྒྱ་རིགས་ལིས་ཏིག་ཕིན་(刘德濒)ཡིན་ཞིང་། གློག་བརྙན་དེ་ད་ལོའི་ཕྱི་ཟླ་དང་པོའི་ཚེས་ ༩ ཉིན་ནས་མགོ་འཛུགས་ཀྱིས་རྒྱ་ནག་དབུས་བརྙན་འཕྲིན་ཚན་པ་ ༨ པའི་སྟེང་། ཉིན་ལྟར་དགོང་མོའི་ཆུ་ཚོད་ ༧ དང་ཕྱེད་ཀའི་ཐོག་རྒྱ་ནག་རྒྱལ་ཡོངས་ལ་སྟོན་མགོ་ཚུགས་ཡོད་འདུག གློག་བརྙན་དེ་ནི་ ༢༠༡༡ ལོའི་ཕྱི་ཟླ་ ༨ པ་ནས་འཁྲབ་མགོ་བཙུགས་ཏེ་ ༢༠༡༣ ཕྱི་ཟླ་དང་པོའི་ཚེས་མགོར་ཡོངས་སུ་གྲུབ་ཡོད་ཅིང་། གློག་བརྙན་དེའི་འཁྲབ་སྟོན་པའི་གྲས་སུ་བོད་ནང་གི་སྐར་ཆེན་དུ་གྲགས་པའི་ཕུར་བ་སྐྱབས་དང་ཚེ་རིང་དོན་གྲུབ། ཨ་ཅག་ཚན་སྡེབ། རྡོ་བུ་སྐྱིད། ཆོས་ཉིད་ཚེ་རིང་། བསམ་ཁོ་སོགས་རིགས་གཞས་པ་གཞས་མ་དང་འཁྲབ་སྟོན་པ་འགའ་ཡང་མཉམ་ཞུགས་བྱས་འདུག

གློག་བརྙན་དེའི་བརྗོད་བྱ་གཙོ་བོ་ནི། དུས་རབས་ཉི་ཤུའི་ལོ་རབས་སུམ་ཅུ་ནས་ལོ་རབས་ལྔ་བཅུ་སྟེ། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་སྐུ་གཤེགས་པ་ནས་རིག་གནས་གསར་བརྗེ་བར་གྱི་བོད་ཀྱི་ཉེ་རབས་ལོ་རྒྱུས་བརྗོད་གཞིར་བཟུང་ཐོག བཀྲ་ཤིས་ཞུ་བའི་བོད་རིགས་གྲྭ་བ་ཞིག་གིས་མི་ཚེ་ཧྲིལ་པོར་བོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མགོ་རྟིང་སློག་པར་འབད་པ་བྱས་ཡོད་ཅིང་། གློག་བརྙན་དེའི་མགོ་མཇུག་བར་གསུམ་དུ་དངོས་ཤུཊ་བརྒྱུད་གསུམ་ཐོག་བོད་སྤྱི་ཚོགས་རྙིང་པ་ནི་ཆེས་རྗེས་ལུས་དང་ཆེས་ཀླ་ཀློ། ཆེས་མུན་ནག་གི་སྤྱི་ཚོགས་ཤིག་ཡིན་པ་དང་། བོད་པའི་སྐུ་དྲག་ཚོས་དངུལ་སྒོར་བཞི་ལྔ་རེས་བྲན་གཡོག་ཉོ་འཚོང་བྱས་ཏེ། སྤྱི་ཚོགས་དབྱེ་འབྱེད་ཤུགས་ཆེ་ཞིང་། ལྷག་པར་དུ་བྲན་གཡོག་ཚོར་ཉེས་རྡུང་སྡིགས་མོ་མི་སྤྱོད་ལས་འདས་པ་གཏོང་བ་སོགས་བསྟན་འདུག

ད་དུང་། སྐབས་དེའི་བོད་པའི་བླ་སྤྲུལ་གཙོ་བྱས་པའི་མི་མང་བྱིངས་ཧ་ཅང་རྨོངས་དད་ཆེ་བ་དང་། སྐུ་དྲག་ཚོའི་ཁྱིམ་དུ་དགེ་འདུན་པ་ཆོས་གསུང་དུ་ཕེབས་ཏེ་ཆོས་ལུགས་ཆོ་གའི་ནང་མི་ལྤགས་དགོས་པ་བྱུང་ཚེ། སྦྱིན་བདག་གིས་བཙོན་པ་གསོན་བཟུང་གིས་པགས་པ་བཤུ་བ་དང་། དགོན་སྡེ་ཁག་གི་བླ་གྲྭ་ཚོར་འགྲོ་བ་མིའི་གཞི་རྩའི་ཀུན་སྤྱོད་མེད་ཁར། གདན་ས་གསུམ་གཙོས་པའི་བོད་ཀྱི་དགོན་སྡེ་ཁག་ནི་བཙོན་ཁང་ལྟ་བུ་ཞིག་དང་། དགོན་པའི་གྲྭ་པ་ཚོས་བཙོན་པར་མི་སྤྱོད་ལས་འདས་པའི་ཉེས་རྡུང་གཏོང་བ་དང་། བོད་ཁུལ་གྱི་བཙུན་དགོན་ཁག་ནི་གཞང་བཙོང་ཁང་གི་ངོ་བོར་གནས་ཡོད་པའི་ཐོག བོད་ཀྱི་བླ་སྤྲུལ་དགེ་བཤེས་ཚོ་གཞང་ཁང་དུ་དུས་ངེས་མེད་ཐོག་ཉུལ་བཞིན་ཡོད་པ། ཐ་ན་བོད་པའི་མི་རིགས་ཙམ་དུ་མ་ཟད། ནང་པའི་ཆོས་ཀྱི་བྱེད་སྒོ་དང་བོད་པའི་རིག་གནས་དག་ཀྱང་རྗེས་ལུས་དང་གཏུམ་དྲག་ཆེ་ཚུལ། སྐབས་དེའི་བོད་པའི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་དེ་ཆེས་གདུག་རྩུབ་དང་ངན་གཡོས་ཁེངས་ཡོད་པ་སོགས་ཀྱི་ཟུར་ཟ་དང་དམའ་འབེབས་བྱས་འདུག

གློག་བརྙན་དེ་འགྲེམས་སྤེལ་བྱས་ཏེ་བདུན་ཕྲག་གཅིག་ཙམ་རྗེས། རྒྱ་ནག་ཝེ་པོ་དྲ་རྒྱ་དང་བོད་ནང་གི་བོད་ཡིག་དྲ་རྒྱ་ཁག་ཏུ། བོད་རིགས་ཤེས་ཡོན་ཅན་དང་དགེ་རྒན། སློབ་ཕྲུག གྲྭ་བ། མང་ཚོགས་བཅས་ཀྱིས་གློག་བརྙན་དེ་དང་དེའི་འཁྲབ་ཁྲིད་པ་ལིས་ཏིག་ཕན་སོགས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་ཡོང་བཞིན་པ་དང་། རྒྱ་རིགས་ལིས་ཏིག་ཕོན་ཟེར་བ་དེས་བོད་ཀྱི་རིག་གཞུང་མ་ཤེས་པར་རིག་གཞུང་ལ་འཁྱོག་བཤད་དང་། མི་རིགས་ལ་དམའ་འབེབས་བྱས་པར་སྐྱོན་བརྗོད་དང་འབྲེལ། གློིག་བརྙན་དེ་གང་མགྱོགས་གཏོང་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་ཡོད།

གློག་བརྙན་དེར་ངོ་རྒོལ་མཚོན་ཆེད། ཉེ་ལམ་བོད་ནང་གི་ ‘རིལ་མ་རོལ་དབྱངས་ཚོགས་པ’ ཞེས་པས་རྒྱ་སྐད་ཀྱི་ལམ་ནས་༼རེ་བ༽ཞེས་པའི་གཟུགས་ལྡན་གླུ་དབྱངས་ཞིག་ཆེད་བསྒྲིགས་བྱས་ཏེ། ཡའུ་ཊོབ་གཙོས་བོད་ནང་གི་དྲ་རྒྱ་ཁག་ཏུ་ཕྱིར་བསྒྲགས་བྱས་ཡོད་ཅིང་། ཁོང་ཚོའི་གླུ་གཞས་ཆེད་བསྒྲིགས་དེའི་ནང་གཙོ་བོ་ང་ཚོས་བོད་རང་བཙན་རྩོད་ཀྱི་མེད། ཁ་བྲལ་ལས་འགུལ་སྤེལ་གྱི་མེད། ང་ཚོར་ངེས་པར་དུ་བརྩི་བཀུར་དགོས་ཀྱི་ཡོད་སོགས་བརྗོད་ཡོད་པ་དང་། ཕྱི་རྒྱལ་ཁག་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་གློག་བརྙན་དེར་མཐའ་གཅིག་ཏུ་ངོ་རྒོལ་རྒྱག་དགོས་ཚུལ་རྗོད་ཀྱི་ཡོད་ལ། བརྒྱུད་ལམ་ཁག་ཏུ་རྒྱ་རིགས་མང་པོ་ཞིག་གིས་ཀྱང་གློག་བརྙན་དེའི་ནང་བོད་མི་རིགས་དང་བོད་པའི་རིག་གཞུང་སོགས་ལ་དམའ་འབེབས་བྱས་ཡོད་པ་ཙམ་དུ་མ་ཟད། ཆབ་སྲིད་ཀྱི་དམིགས་ཡུལ་བཟུང་ཡོད་པའི་གློག་བརྙན་ཞིག་ཡིན་པའི་གླེང་སློང་འབྱུང་བཞིན་ཡོད།

གློག་བརྙན་དེ་གཏོང་མགོ་ཚུགས་མ་ཐག གློག་བརྙན་དེའི་ནང་གི་བོད་རིགས་འཁྲབ་སྟོན་པ་ཚོར་ཡང་སྐྱོན་བརྗོད་བྱས་ཏེ་བོད་རིགས་མང་ཚོགས་ལ་དགོངས་སེལ་ཞུ་དགོས་པའི་བསམ་ཚུལ་ཤུགས་ཆེན་བྱུང་ཡོད་ཅིང་། གནས་སྟངས་དེའི་རྐྱེན་པས་ཕྱི་ཟླ་ ༡ ཚེས་ ༢༨ ཉིན་ཐེངས་འདིའི་གློག་བརྙན་འཁྲབ་སྟོན་ནང་ཞུཊ་མཁན་གཞས་པ་བསམ་ཁོ་ལཊ་ཀྱིས། སང་རྡོར་དྲ་བའི་སྟེང་བོད་རིགས་མང་ཚོགས་ལ་གནད་དོན་དེའི་ཐད་ཡིག་ཐོག་ནས་དགོངས་སེལ་ཞུས་འདུག

བསམ་ཁོ་ལཊ་ཀྱི་དགོངས་སེལ་ཞུ་ཡིག་ནང་། “ཉེ་ཆར་དྲ་ཐོག་ཏུ་༼བོད་ཀྱི་གསང་བ༽ཟེར་བའི་མུ་འབྲེལ་བརྙན་འཕྲིན་ལ་བསྟོད་སྨད་ཀྱི་དཔྱད་གཏམ་ཅི་རིཊ་ཤིག་སྤེལ་བཞིན་འདུག་ལ། ལྷག་པར་དུ་ཉིན་འདི་ཚོའི་རིང་ལ་ཕྲན་ཆུང་དང་འབྲེལ་བའི་དཔྱད་གཏམ་ཡང་ཇེ་མང་ནས་ཇེ་མང་རེད” ཅེས་དང་། “ ངས་རང་ངོས་ནས་བོད་ཀྱི་གསང་བ་ཞེས་པའི་བརྙན་འཕྲིན་འདིའི་སྐོར་ལ་དཀར་འདོན་དང་དག་སེལ་ཞིག་བྱ་བར་འདོད། དང་པོ། ཁོ་བོ་འཁྲབ་ཞུཊ་བྱས་པ་ནི་དམིཊ་ཡུལ་དང་སེམས་སྐྱེད་གཙང་མ་ངོ་མ་ཞིག་གི་ཆེད་དུ་ཡིན་ཏེ། བོད་ལྗོངས་ཀྱིས་བརྗོད་གཞི་བྱས་པའི་གློག་བརྙན་སྒྱུ་རྩལ་དར་སྤེལ་དང་མི་རིཊ་རིག་གནས་ཁྱབ་སྒྲོག་ལ་རང་ནུས་ཅི་ལྕོཊ་ཀྱི་ནུས་པ་རེ་འདོན་བསམ་པ་ལས་གཞན་ཅི་ཡང་མིན། ངས་བསམ་ན་བོད་རིཊ་ཀྱི་འཁྲབ་སྟོན་པ་གཞན་དག་ཀྱང་ང་དང་འདྲ་བའི་སེམས་བྱུང་ཅན་རྐྱང་རྐྱང་ཡིན་སྲིད། ད་དུང་ཁ་གསལ་སྒོས་ཞུ་འདོད་པ་ཞིག་ལ། ཁོ་བོའི་འཁྲབ་ཚན་གྱི་དུས་ཚོད་ནི་ཤིན་ཏུ་ཐུང་བས། སྒོར་མོ་ཡི་ཡོང་སྒོའི་ཆེད་དུའང་རྩ་བ་ནས་མིན།

གཉིས་པ། དྲང་མོར་བཤད་ན། འཁྲབ་སྟོན་པ་ཞིག་ལ་མཚོན་ན། འཁྲབ་གཞུང་གི་ནང་དོན་དང་འཁྲབ་ཆས་ལ་རེ་རེ་ནས་བལྟས་ཤིང་བདམས་དགོས་ན་ཤིན་ཏུ་ཁག་པོ་ཞིག་རེད། བརྙན་འཕྲིན་དེ་བསྒྲཊ་གཏོང་བྱས་རྗེས་མི་ཁ་ཤས་ཀྱིས་གནས་ཚུལ་ལ་ལ་ཞིག་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་འཚམས་མི་འདུག་གསུང་གི་འདུག སྤྱིར་དགག་གཞག་བྱ་ཡུལ་དག་ཁོ་བོ་དང་ཐད་འབྲེལ་མེད་རུང་། བརྙན་འཕྲིན་དེར་འཁྲབ་ཞུཊ་བྱས་པའི་ཆ་ནས་ཁོ་བོས་འདིར་གཟིཊ་མཁན་དང་དྲ་གྲོགས་སྤུན་ཟླ་ཡོངས་ལ་ལྷག་བསམ་རྣམ་པར་དག་པའི་སྒོས་ནས་དགོངས་དག་ཞུས་པ་ཡིན། གསུམ་པ། ངའི་རེ་བ་ཡིན་ན་དྲ་ཐོག་གི་བསྟོད་སྨད་སྣ་མང་གི་དཔྱད་གཏམ་སྤེལ་བ་ཡོད་ཚད་དམིཊ་ཡུལ་གཅིག་གི་དོན་ཡིན་པར་སྨོན་ཏེ། ཡོད་ཚད་རང་མི་རིགས་ཀྱི་རིག་གནས་ལ་དགའ་ཞེན་དང་། རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ། རང་མི་རིགས་ཀྱི་བརྙན་འཕྲིན་སྒྱུ་རྩལ་གོང་འཕེལ་གཏོང་བ་བཅས་ཀྱི་ཆེད་ཡིན་པར་སྨོན ”ཞེས་འཁོད་འདུག 

གློག་བརྙན་དེར་སྐྱོན་བརྗོད་སླེབས་པ་དང་བསྟུན་ཏེ། གློག་བརྙན་འཁྲབ་ཁྲིད་པ་ལིས་ཏིག་ཕིན་གྱིས་ཁོང་གི་ཝེ་པོ་ཟིན་བྲིས་ནང་ལན་འདེབས་ཤིག་སྤེལ་ཡོད་པའི་ནང་། “ངའི་གློག་བརྙན་འདི་ལ་མང་ཚོགས་ནང་དགའ་བསུ་དང་ཕུལ་དུ་བྱུང་བའི་མཚན་སྙན་ཐོབ་ཡོད། འདི་ལ་ལྡོག་ཕྱོགས་ནས་གླེང་ཕྱོགས་བཟོ་མཁན་ཚོ་ཕྱི་རྒྱལ་གྱི་ཁ་བྲལ་བ་ཁག་ཅིག་རེད། ” ཅེས་དང་། ཁོས་ད་དུང་ “ངས་མ་འོངས་པར་ད་དུང་བོད་ཀྱི་དངོས་ཡོད་གནས་ཚུལ་མཚོན་པའི་གློག་བརྙན་བཟོ་རྒྱུ་ཡིན། མེས་རྒྱལ་ཁ་བྲལ་གཏོང་མཁན་ཚོར་ནམ་ཡང་སྦས་སྐུང་བྱེད་ས་མེད་པ་ཞིག་བཟོ་རྒྱུ་ཡིན ”ཞེས་སོགས་ང་རྒྱལ་དང་བཅས་བརྗོད་འདུག

གསར་འགོད་པས་འབྲེལ་བ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཚེ་རིང་བསོད་ནམས་ལགས་སུ་གློག་བརྙན་དེར་བལྟས་རྗེས་མྱོང་ཚོར་དྲིས་པར། “ངས་གློག་བརྙན་དེར་ཕྱོགས་གཉིས་ནས་བལྟས་པ་ཡིན། རྒྱ་གཞུང་གི་ཕུགས་ཀྱི་དམིགས་ཡུལ་དེ་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་བཅས་ལ་དམའ་འབེབས་བྱ་རྒྱུ་བཅས་རེད། ཕྱོཊ་གཞན་ཞིག་ནས་གློག་བརྙན་དེའི་ནང་པར་རིས་མང་པོ་ཞིག་བསྟན་ཡོང་གི་འདུག པར་དེ་དག་བརྒྱ་ཆ་བརྒྱ་རྫུན་མ་རེད་ཅེས་མཐའ་གཅིག་ཏུ་བཤད་ཐུབ་ཀྱི་མི་འདུག དེའི་སྟབས་ཀྱིས་སྐབས་དེའི་བོད་ཀྱི་སྤྱི་ཚོཊ་ནང་དུའང་སྐྱོན་ཆ་ཏན་ཏན་ཡོད་ཀྱི་རེད་དྲན་སོང་། རྒྱ་གཞུང་གིས་འཁྱོག་བཤད་བྱས་མིན་མ་ལྟོས་པར་གློག་བརྙན་ནང་བོད་ཀྱི་སྒོར་མོ་དང་སྦྲགས་ཁང་། བོད་དམག བོད་དར་སོཊ་མཐོང་རྒྱུ་ཡོད་པ་དེའི་ཐོག་ནས་དེ་སྔོན་བོད་དོན་སྐོར་གང་ཡང་ཤེས་རྟོཊ་མེད་མཁན་ཡིན་རུང་། བསམ་བློ་གཏོང་ཤེས་མཁན་ཞིག་ཡིན་ན་བོད་ཟེར་དུས་གནས་བབ་གཞན་མི་འདྲ་བ་ཞིག་ཡིན་པ་རང་བཞིན་གྱིས་དྲི་བ་དང་དོཊ་པ་སླེབས་ཡོང་གི་འདུག གློག་བརྙན་དེའི་ནང་བོད་ཀྱི་ཆོས་ལུགས་ཧ་ཅང་རྨོངས་དད་པ་ཡིན་པ་དང་བྲན་གཡོག་ཚོར་མིའི་འདུ་ཤེས་མེད་པ། བོད་སྤྱི་ཚོགས་རྙིང་པའི་མི་རྣམས་གཏུམ་དྲག་ཆེ་ཚུལ་བཤད་པ་དེ་དངོས་ཡོད་སྤྱི་ཚོགས་དང་གཏན་ནས་མཐུན་གྱི་མི་འདུག”ཟེར།

ངྷ་སར་གནས་སྡོད་བོད་གནས་ཉམས་ཞིབ་པ་ཚེ་རིང་རྡོ་རྗེ་ལགས་སུ་དྲིས་པར། “གློག་བརྙན་དེའི་དམིགས་ཡུལ་གཙོ་བོ་ནི་ ༢༠༠༨ ལོར་བོད་ནང་ཞི་རྒོལ་ཆེན་མོ་བྱུང་བ་དང་། ལྷག་པར་དུ་ ༢༠༠༩ ལོ་ནས་བོད་ནང་རང་ལུས་མེར་བསྲེཊ་མཚམས་མ་ཆད་པར་འབྱུང་བཞིན་པ་དེའི་ཐོག་ནས་བོད་རིགས་ནང་ཁུལ་དུ་སྔར་ལས་མཐུན་སྒྲིལ་ཤུཊ་ཆེ་རུ་སོང་སྟེ། བོད་པ་ཚོས་སོ་སོའི་མདུན་ལམ་དང་གོ་རྟོགས་སྤེལ་རྒྱུའི་ཐོག་གཉིད་ལས་སེལ་ཡོང་བའི་སྐབས་ལ། རྒྱ་གཞུང་གིས་ལོ་ ༥༠ རིང་བོད་པ་ཚོར་སྐྱག་རྫུན་དང་འཇིགས་སྐུལ་རིམ་པར་བྱས་པ་རྣམས་རྐུབ་བརྡོལ་ཏེ་ཁུངས་འཁྱོལ་གྱི་ཡོད་པ་མ་རེད། ད་ཆར་བོད་ཙམ་མིན་པར་རྒྱ་རིགས་དང་རྒྱལ་སྤྱིའི་ཐོག་བོད་ཀྱི་བདེན་པ་ངོས་འཛིན་བྱས་ཏེ་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་སྟབས། ད་ཐེངས་རྒྱ་གཞུང་གིས་ཆེད་དུ་བོད་ནང་ལོ་བདུན་ཞེས་པའི་གློག་བརྙན་དེར་འཁྱོག་བཤད་བྱས་པའི་ཐོག བོད་ཀྱི་སྤྱི་ཚོགས་རྙིང་པར་ཁ་གཡར་ཏེ་བོད་དེ་ནག་པོ་ཞིག་ཏུ་བསྒྱུར་ཐབས་བྱེད་པ་དང་། རྒྱ་ནག་མང་ཚོགས་ལ་བོད་པའི་དངོས་ཡོད་གནས་ཚུལ་མགོ་སྐོར་གཏོང་ཆེད་དུ་ཡིན་པ་རེད ” ཅེས་བརྗོད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༢ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༣ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 14

  1. སྤོམ་སྒང་གི་་ཕུན་བཀྲིས། says:
    ལོ་ 14 སྔོན།

    ང་ཚོས་སྔོན་ལ་གློག་བརྙན་དེ་མགོ་ནས་མཐའ་བར་དུ་ཞིབ་ཚགས་ཤིག་ལྟ་དགོས་དེ་ནས་དེའི་ནང་དུ་དངོས་གནས་ཚུལ་ཡིན་ག་རེ་འདུག དངོས་ཡོད་གནས་ཚུལ་མིན་པ་ག་རེ་འདུག དེ་གཉིས་དབྱེ་གསེས་བྱེད་ནས་ད་གཟོད་སྐྱོན་བརྗོད་ཡོ་སྲང་བྱེད་དགོས་པ་རི་བོང་ཅལ་འགྲོག་དང་།
    རྒྱ་མིས་བོད་ཀྱི་གནས་སྟངས་སྐོར་འཁྲབ་པའི་རྒྱུ་མཚན་གྱིས་གློག་བརྙན་ཧྲིལ་པོ་དེ་སྐྱོན་བརྗོད་བྱེད་ཀྱང་བྱས་ན་ང་ད་དུང་ཡང་ཆེས་རྗེས་ལུས་ཀྱི་སྤྱི་ཚོགས་དང་། ཆེས་མུན་འཐོམ་གྱི་སྤྱི་ཚོགས་ནང་ཡོད་གསལ་སྟོན་བྱས་པ་ཞིག་རེད། དེས་ན་སྔོན་ལ་དེའི་ནང་གི་བདེན་པ་དང་བདེན་པ་མིན་པ་གཉིས་དབྱེ་བ་ཕྱེས་ནས་བདེན་པ་མིན་དེ་ཚོ་འདི་དང་འདི་རེད་ཅེས་དྲ་རྒྱ་འདི་ཚོ་རྒྱུད་ནས་མང་ཚོགས་གསལ་བཤད་བྱེད་རོགས་ཞུ།

    Reply
  2. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    མུ་འབྲེལ་གློག་བརྙན་དེ་མིག་གི་མངོན་སུམ་དུ་མ་གྱུར་ཀྱང་བཟོ་བསྐྲུན་པ་དང་འཁྲབ་འཁྲིད་པ་རྒྱ་རོ་ཡིན་ཕྱིན་དྲང་བདེན་ལས་ལྡོག་ཏེས་འཁྱོག་བརྗོད་བྱེད་རྒྱུ་ནི་ཁོ་ཚོའི་དམིགས་ཡུལ་དང་འགན་འཁྲི་དང་པོ་དེ་རེད། བྱས་ཙང་རྒྱ་རོ་འདི་ཚོ་གཞུང་སྒེར་སུ་ཡིན་ཡང་འཕར་སྤྱང་དང་འདྲ་བས་བོད་དང་བོད་མི་རིགས་སྣོད་བཅུད་བཅས་པ་ཟ་ཡོང་བསམ་བསམ་ལས་ཕན་ཐོག་བྱས་ཡོང་བསམ་བསམ་རྨི་ལམ་ཚུན་ལ་བཏང་མྱོང་མེད། དེས་ན་ཀྲུང་དབྱང་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདིའི་འོག་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་བདེེ་སྐྱིད་ཞིག་བསྟེར་ས་ཨེ་རེད་རྩམ་ཟན་པ་ཚོ།

    Reply
  3. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    ཕྱི་དགྲ་ལྕགས་ནག་གི་སེར་བ་ལ་ངོ་རྒོལ་ཡོད་ལ། ནང་དགྲ་ཁང་རྒན་གྱི་ཐིགས་པ་ལ་དེ་བས་ཀྱང་ངོ་རྒོལ་ཡོད།

    Reply
  4. མེ་རྟགས། says:
    ལོ་ 14 སྔོན།

    གློག་བརྙན་འདིར་བལྟས་རྗེས་ ‘བྱང་ཆུབ་སེམས་མཆོག’
    སྒོམ་མི་ཐུབ་པ་ཁོག་ཐག་རེད།
    མི་སྒེར་བྱེ་བྲག་པ་ཞིག་གིས་རླབས་ཆེ་བའི་མི་རིགས་ཤིག་ལ་
    འདི་འདྲའི་དམའ་འབེབས་ཟུར་ཟ་བྱེད་པའི་བློ་ཁོག་ཆེ་ལུགས་ལ་བལྟས་ན།
    གློག་བརྙན་འཁྲབ་ཁྲིད་པ་ལིས་ཏིག་ཕིན་་་ཁོ་འཇིག་རྟེན་ཕ་རོལ་ཏུ་འགྲོ་འགོ་ཚུགས་པར་འདྲ། ཡ་ཁོ་རེ་རྒྱ་རྒན་ཁྱོད་ཤི་རྩིས་གྱིས་ཤིག

    Reply
  5. འབའ་པ་བསོད་དར། says:
    ལོ་ 14 སྔོན།

    གློག་བརྙན་འདི་ལ་ངོ་རྒོལ་ཡོད།
    རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་གིས་ཞབས་མཆན་ཞིག་བཏབས་ཡོད་པ་དེས་བདག་གི་བློ་མིག་འབྱེད་སོང་། གློག་བརྙན་དེར་ལྟ་རྒྱུ་མ་བྱུང་ཡང་མགོ་ནས་མཇུག་བར་ཐེངས་གཅིག་བལྟས་པ་ལྟ་བའི་མྱོང་ཚོར་ཞིག་ངང་གིས་སྤྲད་སོང་། རྒྱ་ནག་གི་བྱེད་སྟངས་འདི་རིགས་ལ་ང་ཚོས་འབུར་འཇོམ་གཏོང་དགོས་རེད། མ་མཐར་ཡང་གློག་བརྙན་དེ་ཕྱིར་བསྡུ་བྱེད་པར་ཕན་ཐོག་མེད་ན་ཡང་རྗེས་མ་མི་སུ་ཡིན་གྱིས་བོད་མི་རིགས་ལ་མཐོང་ཆུང་ཁྱད་གསོད་གང་འདོད་བྱེད་རྒྱུར་འཛེམས་དོགས་ཡོང་བ་ཞིག་བཟོ་དགོས་རེད། ང་རང་གིས་ལྟ་ན་ད་རེས་ང་ཚོས་མ་མཐར་རྒྱ་གར་ནང་གི་བོད་མི་ཚོ་དང་ཕྱི་རྒྱལ་ཁག་གི་བོད་མི་སྡོད་ཡུལ་ཁག་ནས་གློག་བརྙན་འདིའི་ཆེད་དུ་སྐད་འབོད་ཅིག་བཀོད་སྒྲིག་གནང་དགོས་པའི་དུས་ལ་བབས་འདུག ཡིག་རིགས་སྣ་ཚོགས་ནང་འབོད་ཚིག་དང་རིན་མོ་སྣ་ཚོགས་འཕྱར་བ་དང་གློག་བརྙན་བཟོ་མཁན་རྒྱ་རིགས་དེའི་པར་སོགས་འཕྱར་དགོས་ངེས་ཤིག་ཆགས་འདུག

    Reply
  6. ཤག་སྒང་པ། says:
    ལོ་ 14 སྔོན།

    མཆན་གཉིས་པས་གནད་དུ་འཁེལ་བ་ཞིག་བྲིས་ནས་འདུག་པར་མོས་མཐུན་རྒྱབ་སྐྱོར་ཡོད་དོ།།

    Reply
  7. གཅན་དཔལ་ལྡན། says:
    ལོ་ 14 སྔོན།

    ཀླུ་སྨྱོན་ལགས་སུ། ལས་ཁུངས་འདི་བཞུགས་སྒར་ངྷ་ས་ན་བཙུགས་ཡོད་པ་ཞིག་རེད། རྒྱ་ཡིག་རྐྱང་པའི་ལས་ཀ་བྱེད་སའི་ལས་ཁུངས་ཞིག་རེད། ལས་ཁུངས་དེ་བཙུགས་ནས་ལོ་བདུན་ཙམ་ཕྱིན་ཡོད་ས་རེད། ལས་མི་ཡང་བཅུ་གྲངས་ཤིག་ཡོད་ས་རེད། ངྷ་སའི་སྒེར་གཉེར་ལས་ཁུངས་ཆེ་གྲས་ཤིག་རེད།

    Reply
  8. ལུང་རྟོགས། says:
    ལོ་ 14 སྔོན།

    རྒྱ་ནག་གཞུང་ཙམ་མ་ཟད་རྒྱ་རོ་སྒེར་པ་ཞིག་གིས་ཀྱང་བོད་མི་རིགས་ལ་མཐོང་ཆུང་འདི་ལྟར་བྱེད་ཀྱི་འདུག རྒྱ་ནག་གཞུང་སྒེར་གཉིས་ཀྱི་བྱེད་སྟངས་འདི་བྱང་ཆུབ་སེམས་དཔའ་ཡིན་ན་ཡང་བཟོད་སྒོམ་བྱེད་མི་ཐུབ་པ་ཞིག་རེད། འདི་ལྟར་བརྙས་བཅོས་ཁུར་ནས་གསོན་པ་ལས་ཤི་ན་དགའ་ངེས་རེད། རྒྱུ་མཚན་འདི་ཚོའི་སྟེང་ནས་ཀྱང་བོད་ནང་རང་སྲེག་མང་པོ་དེ་ཙམ་འབྱུང་དགོས་དོན་ལ་གོ་བ་ལེན་ཐུབ་པ་ཞིག་རེད།

    Reply
  9. ཀླུ་སྨྱོན། says:
    ལོ་ 14 སྔོན།

    “གསར་འགོད་པས་འབྲེལ་བ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཚེ་རིང་བསོད་ནམས་ལགས་སུ་གློག་བརྙན་དེར་བལྟས་རྗེས་མྱོང་ཚོར་དྲིས་པར།” འདིའི་དོན་ཤེས་མ་སོང་། འབྲེལ་བ་ལས་ཁུངས་ཟེར་བ་དེ་ག་པར་ཡོད་པ་རེད།

    Reply
  10. Tenzin Khando says:
    ལོ་ 14 སྔོན།

    དོན་གྲུབ་བཀྲ་ཤིས་ཀྱི་མཆན་བཏབས་པའི་ནང་དོན་ལ་ཧ་ཅང་དཔྱོད་ཤེས་ལྡན་པ་ཞིག་རེད་མོས་མཐུན་བརྒྱ་ཆའི་བརྒྱ་ཡོད། ང་ཚོས་རྒྱ་ནག་གི་བཤད་སྤྱོད་འདི་དག་རང་འགར་གཏོང་ཡ་ཡོད་པ་མ་རེད་ངོ་རྒོལ་འོས་ལངས་བྱེད་དགོས་རེད། ལྷག་དོན་དུ་ཕྱི་རྒྱལ་ཁག་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཁྲོམ་སྐོར་སྐད་འབོད་རྒྱག་པ་དང་རྒྱལ་སྤྱིའི་ཁྲིམས་ཁང་ཁག་ལ་གློག་བརྙན་དེ་བཟོ་མཁན་ཁྲིམས་གཏུགས་བྱེད་དགོས་རེད་དྲན་ཡོད།

    Reply
  11. ལྷག་པ་ཚེ་རིང༌། says:
    ལོ་ 14 སྔོན།

    ལྷ་རབ་བྱུང་ན་ཁོང་ཚོས་སྤྱད་པའི་བརྒྱུད་ལམ་དེ་རང་ང་ཚོས་སྤྱད་དེ་ལན་རྒྱབ་དགོས། ཁོང་ཚོས་རྒྱུ་ཆ་རྫུན་མ་ལས་གློག་བརྙན་རྫུན་མ་བཟོས་པ་རེད། ང་ཚོས་རྒྱུ་ཆ་ངོས་མ་ལས་གློག་བརྙན་ངོ་མ་བཟོ་དགོས། མ་གཏོགས་ཡིག་ཆ་ཐན་ཐུན་འདྲ་བཀྲམ་པ་དང་གསར་འགོད་གསལ་བསྒྲགས་ལྟ་བུས་དེ་ཙམ་ཕན་མི་ཐོགས།

    Reply
  12. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    ད་ཆ་གློག་བརྙན་འདིར་ད་ཡོད་བཙན་བྱོལ་འབྱོར་བའི་སྐུ་དྲག་དང། ཆོས་ལུགས་ཁག་གི་བླ་ཆེན་རྣམས་ནས་བརྡ་ལན་ཞིག་ངེས་པར་དགོས་ངེས། བཙན་བྱོལ་སྒྲིག་འཛུགས་ཀྱིས་བརྗོད་ན་ཆབ་སྲིད་ཀྱི་ངོ་བོར་གྱུར་ངེས། སྤྱིར་རྒྱ་མིས་བརྒྱ་དགུ་བཅུ་ལྷག་བརྫུན་གཏམ་གྱི་མི་ཚེ་བསྐྱལ་བཞིན་ཡོད་པ་དངོས་ཡོད་ཡིན། འཁྲབ་གཞུང་དེ་རིགས་ད་ཐེངས་ཙམ་མིན་པར་དེ་སྔོན་སྲོང་བཙན་སྒམ་པོའི་ལོ་རྒྱུས་སོགས་ཐེངས་འགའ་བྱུང་ཡོད།

    Reply
  13. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    བོད་མི་སུ་འདྲ་ཞིག་ཡིན་ནའང་གློག་བརྙན་འདིར་བལྟས་རྗེས་ ‘བྱང་ཆུབ་སེམས་མཆོག’སྒོམ་མི་ཐུབ་པ་མ་ཟད། ཆོས་དད་ཆེན་པོ་ཅན་འདྲ་ཡིན་ན་རྣམ་རྟོག་ལངས་པ་དང་། བོད་མི་དཀྱུས་མ་ཞིག་ཡིན་ནའང་ཁོང་ཁྲོ་མི་ལངས་མཁན་སུ་ཞིག་ཡོད།
    མི་བྱེ་བྲག་པ་ཞིག་གིས་རླབས་ཆེ་བའི་མི་རིགས་ཤིག་དང་། དེའི་རིན་ཐང་ཆེ་བའི་རིག་གཞུང་གོམས་གཤིས་ལ་འདི་འདྲའི་དམའ་འབེབས་ཟུར་ཟ་བྱེད་པའི་བློ་ཁོག་དང་ལས་འགན་དེ་སུ་ཞིག་གིས་ཁོ་ལ་སྤྲད་པ་ཡིན་ནམ།

    གློག་བརྙན་འདི་ལ་སེམས་རྣལ་དུ་ཕབ་སྟེ་བལྟས་ཡོང་ན་༼བོད་ཀྱི་གསང་བ༽འདིའི་རྒྱབ་ལོགས་ན་༼རྒྱ་ནག་གི་གསང་བ༽མང་པོ་ཅིག་སྦེད་སྐུང་བྱས་ཡོད་པ་རེ་རེ་བཞིན་མངོན་ཡོང་གི་འདུག་ལ། དེ་དང་མཉམ་དུ་རྒྱ་ནག་གཞུང་གི་ཞེད་སྣང་དང་སེམས་འཚབ་དག་ཀྱང་གསལ་ལྷང་ངེར་མཐོང་ཡོང་གི་འདུག

    བོད་མི་ཚོས་སང་ཉིན་གནངས་ཉིན་ཚེས་ ༡༣ ཉིན་རྒྱལ་དབང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་བསྐྱངས་པའི་ཉིན་མོ་སྲུང་གཙི་ཞུ་རྒྱུ་ཡིན་ཟེར་གྱི་ཡོད། རྒྱ་ནག་གིས་ཏག་ཏག་གོ་སྐབས་དེ་འཇུས་ཏེ། མང་ཚོགས་ཀྱི་སེམས་ངོར་རྒྱལ་དབང་བཅུ་གསུམ་པ་དང་སྐབས་དེའི་བོད་སྤྱི་ཚོགས་ཀྱི་སྣང་བརྙན་གཞན་ཞིག་འཇོག་ཐབས་བྱེད་ཀྱི་ཡོད།

    མདའ་གཅིག་གིས་ཤྭ་གཉིས་གསོད་པའི་དཔེ་ལྟར། གློག་བརྙན་འདིའི་འཁྲབ་སྟོན་པའི་གྲས་སུ་བོད་མི་འགའ་བཞག་ཡོད་པའི་རྒྱུ་མཚན། གློག་བརྙན་འདིའི་བགེགས་བར་ཆད་ཞི་ཞིང་ཁ་ལས་རླུང་རྟ་དར་ཆེད་དང་། གློག་བརྙན་འདིའི་ནང་ན་ཅི་ཞིག་འཁྲབ་ཀྱི་ཡོད་པ་དང་གང་ཞིག་བཤད་ཀྱི་ཡོད་པ་ཐ་དག་ལ་བོད་མི་ཚོ་ཡིད་ཆེས་ཡོང་ཐབས་རེད། དགེ་རྒན་ཆེན་མོ་ལིས་ཏིག་ཕིན་གྱི་ལག་པ་ཕྱི་ས་འདིའི་རྒྱབ་ལོགས་ན། ད་དུང་བོད་པ་ནང་ཁུལ་ལ་ལྟ་སྟངས་ཡོང་གཞི་དང་ནང་ཁུལ་དཀྲུག་ཤིང་སློང་བྱེད་ཀྱི་དབྱུག་པ་རིང་བོ་རེ་ཡོད་སྲིད་པར་ང་ཞེད་སྣང་སྐྱེས་གི།

    ངས་གློག་བརྙན་འདི་མཐོང་མ་ཐག གློག་བརྙན་གཞན་ཞིག་ཀྱང་གློ་བུར་དུ་དྲན་བྱུང་།
    སྔར་ལོའི་ཕྱི་ཟླ་ ༨ པའི་ནང་ཨ་རིའི་ཁཱ་ལེ་ཧྥོ་ནེ་ཡའི་མི་སེར་ཡིན་པ་མིང་ལ་Sam Bacileཟེར་བ་ཞིག་གིས་ཁ་ཆེའི་སྟོན་པར་དམའ་འབེབས་བྱས་པའི་གློག་བརྙན་ཞིག་བཟོས་པར་རྐྱེན་བྱས་ཏེ། མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཡ་ང་བ་བྱུང་ཡོད། ཨེ་ཇེབ་དང་སུའུ་ཊན། ཊའོ་ནེ་ཤུ་ཡ་སོགས་ཁ་ཆེ་རྒྱལ་ཁབ་ཁག་གི་ཨ་རིའི་གཞུང་ཚབ་ཁང་ལ་གཏོར་རྒོལ་དང་མེ་བརྒྱབ་པ། གཞུང་ཚབ་པ་ཆེན་མོ་དམར་གསོད་བཏང་བ་སོགས་བྱུང་སྟེ། མཐའ་མར་གློག་བརྙན་དེ་ཕྱིར་བསྡུ་བྱེད་དགོས་བྱུང་བ་མ་ཟད། ཨ་རིའི་གཞུང་གིས་གསལ་བཤད་དང་དགོངས་དག་ཞུ་དགོས་པ་བྱུང་ཡོད།

    Reply
  14. དཔའ་ཆེན་དོན་གྲུབ། says:
    ལོ་ 14 སྔོན།

    གཅིག་བྱས་ན་སྐབས་དེའི་སྐུ་དྲག་མི་དྲག་གི་རྒྱུད་པ་བཙན་བྱོལ་དུ་ཡོད་སྲིད། ཁོ་ཚོས་འགན་བླངས་ནས་གཅིག་བྱས་ན་རེད་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese