མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་ཡོན་པ་དང་རྩོམ་པ་པོ་ཁག་ཅིག་ཀློད་གྲོལ།

བོད་ཀྱི་དུས་བབ།
༢༠༡༣/༠༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ཁམས་ནགས་ཤོད་འབྲི་རུ་རྫོང་གི་བོད་མི་ཤེས་ཡོན་པ་དང་རྩོམ་པ་པོ་དྲུག་འཛིན་བཟུང་བྱས་ཡོད་པ་ལྟར། ཉེ་སྔོན་ས་གནས་མི་མང་གི་རེ་སྐུལ་དང་ཞུ་གཏུག་ཐེངས་མང་ཞུས་མཐར་མི་བཞི་ཀློད་གྲོལ་བཏང་འདུག

རྒྱ་གར་ལྷོ་ཕྱོགས་སེར་ལྷོ་དར་ལྕེ་ཟད་པོ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན། སྔར་ལོའི་ཕྱི་ཟླ་ ༢ དང་ ༣ པའི་ནང་རྒྱ་གཞུང་གིས་སྔ་ཕྱིར་ཁམས་ནགས་ཤོད་འབྲི་རུ་རྫོང་ཁོངས་ཀྱི་སྨན་པ་ཨོ་རྒྱན་བསྟན་འཛིན་ལགས་དང་མིག་ནད་གཤག་བཅོས་སྨན་པ་བསོད་ནམས་དགྲ་འདུལ་ལགས། སྒེར་གཉེར་སློབ་གྲྭའི་དགེ་རྒན་བསྟན་འཛིན་ཐབས་མཁས་ལགས། རྩོམ་སྒྲིག་པ་ཟླ་བ་རྡོ་རྗེ་བཅས་བོད་མི་ཤེས་ཡོན་པ་དང་རྩོམ་པ་པོ་ ༦ སྤྱི་ཚོགས་ནང་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ། ལོ་གཅིག་ཙམ་གྱི་རིང་ལྷ་སའི་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བཀག་ཉར་བྱས་ཡོད་པ་ལྟར། ཉེ་སྔོན་ས་གནས་མི་མང་གིས་བོད་ལྗོངས་ཆེས་མཐོའི་ཁྲིམས་ཁང་ལ་སྨན་པ་མེད་ཚེ་ས་གནས་ཀྱི་ནད་པར་བརྟག་དཔྱད་དང་སྨན་སྟེར་མཁན་མེད་པའི་དཀའ་ངལ་དང་། སློབ་གྲྭའི་དགེ་རྒན་མེད་ཚེ་སློབ་མའི་སློབ་སྦྱོང་ལ་འཐུས་ཤོར་དུ་འགྲོ་བཞིན་པའི་དཀའ་ངལ་དང་གནས་ཚུལ་ཁག་ཞུ་གཏུག་དང་རེ་སྐུལ་ཐེངས་མང་ཞུས་མཐར། ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཁྲིམས་རྭ་ཚོགས་ཐེངས་གཉིས་པ་ཚོགས་མ་དགོས་པར་ཁོང་ཚོའི་ཁྲོད་ཀྱི་མི་ ༤ ཀློད་གྲོལ་བཏང་ཡོད་འདུག

སྨན་པ་ཨོ་རྒྱན་བསྟན་འཛིན་ལགས་ནི། ཁམས་འབྲི་རུ་རྫོང་བོམ་ཕན་ཤང་གཡམ་པ་གྲོང་ཚོའི་མི་ཡིན་ཞིང་། ༡༩༩༠ ཙམ་ནས་བཟུང་མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་དང་ཚུལ་ཁྲིམས་རྒྱལ་མཚན་སོགས་སློབ་དཔོན་དུ་བསྟེན་ཏེ་གསོ་བ་རིག་པ་གཙོ་བོ་གྱུར་བའི་བོད་ཀྱི་རིག་གནས་སྤྱི་སྦྱངས་པ་བྱས་ཏེ་བསླབ་པ་མཐར་སོན་ཡོད་པ་དང་། བོད་ལྗོངས་ནང་བསྟན་ཞིབ་འཇུག་དང་། གངས་ལྗོངས་ཤེས་རིག་ཀུན་བཏུས་སོགས་སུ་ཁོང་གི་རྩོམ་ཡིག་མང་པོ་སྤེལ་མྱོང་བ་མ་ཟད། ༼རྒྱལ་མོ་རྔུལ་ཆུའི་རླབས་སྒྲ༽ཞེས་པའི་རྩོམ་རིག་དེབ་ཅིག་ཀྱང་པར་བསྐྲུན་བྱས་ཡོད་འདུག

བསོད་ནམས་དགྲ་འདུལ་ལགས་ནི། ཁམས་ནགས་ཤོད་འབྲི་རུ་རྫོང་བོམ་ཕན་ཤང་གསེར་གཞོང་གྲོང་ཚོའི་མི་ཡིན་ཞིང་།  བོད་ལྗོངས་གསོ་རིག་སློབ་ཆེན་མཐར་ཕྱིན་རྗེས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕྱི་ལུགས་ཀྱི་མིག་ནད་གཤག་བཅོས་སྐོར་ལ་སློབ་སྦྱོང་གནང་མྱོང་བ་དང་། ཕྱི་ནང་གི་སྨན་བཅོས་རིག་གཞུང་ཟུང་འབྲེལ་ཐོག་ཨ་རི་དང་ཁེ་ཎ་ཌ་རྒྱལ་ཁབ་གཉིས་མཉམ་འབྲེལ་ཐོག་ལྷ་སར་གསར་འཛུགས་བྱས་པའི་སེ་ཝ་ཐེབས་རྩ་ཚོགས་པར་ཨེམ་ཆིའི་ཕྱག་ལས་གནང་ཡོད་འདུག་ལ། ལོ་མང་རིང་བོད་ས་སྟོད་སྨད་ཀྱི་ས་ཆ་མང་པོར་མིག་ནད་སྐྱ་འགྲིབ་གཤག་བཅོས་ཆེད་འགྲོ་སྐྱོད་བྱས་ཡོད་པ་མ་ཟད།  ཞོར་དུ་གསོ་བ་རིག་པའི་སྐོར་གྱི་དཔེ་དེབ་ཅིག་ཀྱང་བརྩམས་ཡོད་འདུག

རྒན་བསྟན་འཛིན་ཐབས་མཁས་ལགས་ནི། ཁམས་ནགས་ཤོད་འབྲི་རུ་རྫོང་བརླན་ཆུ་ཤང་གི་མི་ཡིན་པ་དང་། ལྷ་ས་གསོ་རིག་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས། ལྷ་ས་དང་ཁམས་ནགས་ཤོད་འབྲི་རུའི་ཕྱོགས་ཀྱི་རག་ཤི་དང་པད་དཀར་བཅས་སུ་སྒེར་གཉེར་སློབ་གྲྭ་ཁག་ཅིག་བཙུགས་ཏེ་སློབ་ཁྲིད་བྱས་ཡོད་པ་མ་ཟད། སློབ་ཁྲིད་ཉམས་ཞིབ་དང་འབྲེལ་བའི་ གཞི་རིམ་བོད་ཡིག་སློབ་དེབ་ ༦ ཙམ་ཞིག་རྩོམ་སྒྲིག་བྱེད་བཞིན་ཡོད་འདུག

ཟླ་བ་རྡོ་རྗེ་ལགས་ནི། ཁམས་ནགས་ཤོད་འབྲི་རུ་རྫོང་ཆག་རྩེ་ཤང་གི་མི་ཡིན་པ་དང་། རྒྱ་ནག་ཧྲན་ཞི་དང་བོད་ལྗོངས་སློབ་ཆེན་བཅས་ནས་མཐར་ཕྱིན་རྗེས། ནགས་ཤོད་འབྲི་རུ་རྫོང་དུ་གཞོན་སྐྱེས་ཤེས་ཡོན་ཅན་མཉམ་སྒྲིལ་གྱིས་གཉེར་བའི་༼ལམ་བུ༽དུས་དེབ་འདོན་ཐེངས་ ༦ ཙམ་གྱི་རྩོམ་སྒྲིག་པ་གནང་བ་དང་།  སྔ་ཕྱི་ལྷ་ས་དང་ཁྲིན་ཏུའུ་བཅས་སུ་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་བགྲོ་གླེང་མང་པོར་མཉམ་ཞུགས་གནང་ཡོད་འདུག

གཞན། ཁོང་ཚོ་དང་མཉམ་དུ་འཛིན་བཟུང་བྱས་པའི་སློབ་དགེ་མགོན་དཔོན་ཀླུ་དབང་ལགས་ཉེ་ཆར་ཀློད་གྲོལ་བཏང་ཡོད་ཀྱང་། སྒེར་བཙུགས་སློབ་གྲྭའི་དགེ་རྒན་མར་རིལ་པ་སངས་ལགས་ད་ལྟའི་ཆར་ཡང་བཙོན་འཇུག་བཀག་ཉར་བྱས་ཡོད་འདུག མར་རིལ་པ་སངས་ལགས་ནི། ཁམས་ནགས་ཤོད་བོམ་ཕན་ཤང་གྲོང་སྣེ་གྲོང་ཚོའི་མི་ཡིན་པ་དང་། ༡༩༩༠ ཡས་མས་སུ་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་སྟེ། ལྷོ་ཕྱོགས་སེ་ར་དགོན་པར་ལོ་ཤས་རིང་སློབ་གཉེར་གནང་མྱོང་བ་དང་། བོད་ནང་ཕྱིར་ལོག་རྗེས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དང་སྡེ་དགེ་དཔལ་ཡུལ། ཡ་ཆེན་སྒར། སྡེ་དགེ་ཤྲིསེང་བཤད་གྲྭ་སོགས་སུ་ནང་བསྟན་དང་བོད་ཀྱི་རིག་གནས་སྤྱི་ལ་སློབ་གཉེར་གནང་ཡོད་མཁན་ཞིག་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༡ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 1

  1. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    ཁུ་བྱུག་གི་དབྱངས་རྟ་རང་རེད། བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese