མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་ལ་གོ་རྟོགས་གང་ཡང་མེད་མཁན་མང་པོ་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ངྷ་ཤོད་རྒྱ་གར་འཚིག་ཇ་ཁང་དུ་རྒྱ་གར་བྱང་ཕྱོགས་ཁུལ་ཏུ་བོད་དོན་ཞུ་གཏུག་བྱེད་མཁན་སྤྱི་འཐུས་རྣམ་པའི་ཟླ་གཅིག་ལྷག་རིང་གི་ལས་འགུལ་མཇུག་བསྡོམས་གསར་འགོད་གསལ་བསྒྲགས་གནང་སོང་།

དེ་རིང་ཉིན་གུང་ཆུ་ཚོད་ ༡༢ སྟེང་ངྷ་ཤོད་རྒྱ་གར་འཚིག་ཇ་ཁང་(India Coffee house) དུ་རྒྱ་གར་དང་བོད་པའི་གསར་འགོད་པ་ལྷན་འཛོམས་ཐོག ཉེ་ཆར་ཕྱི་ཟླ་ ༡ པའི་ཚེས་ ༡ ཉིན་ནས་ཟླ་གཅིག་རིང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་རྒྱལ་ཡོངས་བོད་དོན་ཞུ་གཏུག་སྐོར་སྐྱོད་ལས་འགུལ་ལས། རྒྱ་གར་བྱང་ཕྱོགས་ཁུལ་གྱི་བོད་དོན་ཞུ་གཏུག་ཚོགས་ཆུང་གི་ཞུ་གཏུག་སྐོར་སྐྱོད་མཇུག་སྒྲིལ་པའི་གསར་འགོད་གསལ་བསྒྲགས་སྤེལ་སོང་།

གསར་འགོད་ལྷན་ཚོགས་སྟེང་ཐོག་མར་ཚོགས་ཆུང་དེའི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་པ་ལྟར་ན། འདས་པའི་ཟླ་ ༡ དང་ཉིན་ ༨ ཙམ་རིང་རྒྱ་གར་བྱང་ཕྱོགས་ཁུལ་ཇཱ་མཱི་ཀ་ཤཱི་མིར་(J&K) དང་ཡུ་པཱེ་(UP)། ཧི་མ་ཅཱལ་(HP)། པན་ཇབ་(Punjab) ། བྷེ་ཧར་(Bihar)། མ་ཌེ་ཡ་པུར་ཌེ་ཤཱི་(MP)། ཧ་རེ་ཡ་ཎ་(Haryana)། ཨུ་ཊར་ཁན་(UK)། ཅཱན་ངྷེ་གྷར་(Chandigarh) བཅས་མངའ་སྡེ་དང་ས་ཁུལ་ ༩ ནང་། མངའ་སྡེ་བློན་ཆེན་དང་འཛིན་སྐྱོང་གི་གནད་ཡོད་མི་སྣ། མངའ་སྡེ་དང་ས་གནས་གྲོས་ཚོགས་གོང་འོག་གི་འཐུས་མི། ཕྱོགས་འགལ་ཚོགས་པའི་མི་སྣ་སོགས་ལ་འབྲེལ་གཏུག་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་བབ་དང་། རང་ལུས་མེར་བསྲེགས་དང་དེའི་རྒྱུ་རྐྱེན། བོད་མི་མང་གི་མངོན་འདོད་སོགས་གསལ་བཤད་ཐོག བོད་ཀྱི་ཛ་དྲག་གནས་བབ་ཐད་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུ་གཏུག་གནང་ཡོད་འདུག

གཞན་སྤྱི་འཐུས་ཐུབ་བསྟན་ལུང་རིག་ལགས་དང་སྤྱི་འཐུས་སྐལ་བཟང་དགྲ་འདུལ་ལགས་གཉིས་ཀྱིས་ཧིན་རྡུའི་དང་དབྱིན་ཡིག་ནང་སྒྲོག་སྦྱངས་གནང་པའི་གསར་འགོད་གསལ་བསྒྲགས་ནང་། རྒྱ་ནག་གིས་བོད་བཙན་བཟུང་མ་བྱས་གོང་བོད་དང་རྒྱ་གར་གྱི་མཐའ་མཚམས་ཟེར་པ་ཞིག་ལས་རྒྱ་དཀར་ནག་གི་ས་མཚམས་ཟེར་པ་ཞིག་མེད་ཀྱང་། བོད་ཡོངས་རྒྱ་ནག་གིས་བཙན་བཟུང་བྱས་རྗེས་དེང་གི་བར་བོད་དང་རྒྱ་གར་གྱི་མཐའ་མཚམས་དེ་རྒྱ་གར་གྱི་བདེ་འཇགས་ལ་འཕྲད་པའི་དཀའ་ངལ་ཞིག་ཏུ་གྱུར་ཡོད་པ་ཙམ་མ་ཟད། བོད་ཀྱི་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བཟོ་བཞིན་པ་དེས་རྒྱ་གར་གཙོས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་ཚུལ་བཀོད་འདུག 

གསར་འགོད་གསལ་བསྒྲགས་ནང་མུ་མཐུད་དུ། འདས་པའི་མི་ལོ་ ༦༠ རིང་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག གོམས་སྲོལ་སོགས་རྩ་མེད་བཟོ་བའི་སྲིད་ཇུས་རིམ་པར་ལག་བསྟར་བྱས་ཏེ་བོད་རིགས་ཀྱི་ངོ་བོ་མེད་པར་བཟོ་བཞིན་པའི་གནས་བབ་འོག བོད་མི་ཚོས་རྒྱ་ནག་གི་མཁྲེགས་འཛིན་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་རིམ་པར་གནང་ཡོད་ཅིང་། ལྷག་པར་དུ་ ༢༠༠༨ ལོ་ནས་བོད་ཁྱོན་ཡོངས་ལ་གཞི་རྒྱ་ཆེ་བའི་ཞི་རྒོལ་བྱས་པར་བརྟེན་རྒྱ་གཞུང་གིས་བོད་མིའི་སྟེང་དྲག་གནོན་བྱེད་ཀྱི་ཡོད་པ། ༢༠༠༩ ནས་ད་ལྟའི་བར་བོད་མི་བརྒྱ་ལ་ཉེ་བས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་གི་ནོར་འཁྲུལ་སྲིད་ཇུས་ལ་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང་། རྒྱ་གཞུང་གིས་ཁོང་ཚོའི་མངོན་འདོད་བསྒྲུབ་རྒྱུ་ལས། སྔར་བས་དྲག་གནོན་དང་མཐའ་ན་རང་ལུས་མེར་བསྲེགས་གནང་མཁན་ཚོའི་ནང་མི་གཉེན་ཉེ་དང་འབྲེལ་བ་ཡོད་པ། མཆོད་འབུལ་བསྔོ་སྨོན་བྱེད་མཁན་ཚོ་ཡང་གང་བྱུང་འཛིན་བཟུང་བྱེད་ཀྱི་ཡོད་པ་སོགས་བོད་ནང་གི་གནས་བབ་ཉིན་རེ་ནས་ཉིན་རེར་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་སྐོར་བཀོད་འདུག

གསར་བསྒྲགས་དེར་གོང་གི་གནས་བབ་དེ་དག་འོག ད་ཆར་རྒྱལ་སྤྱིའི་གཞུང་དང་ཚོགས་སྒེར་མང་པོ་ཞིག་གིས་བོད་པར་གདུང་སེམས་མཉམ་སྐྱེད་དང་། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད། ད་དུང་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུའི་གྲོས་ཆོད་གཏན་འབེབས་སོགས་བྱུང་ཡོད་པ་ལྟར། རྒྱ་ནག་བོད་དང་བོད་མིར་བཙན་གནོན་སྡུག་སྦྱོང་ཚད་མེད་གཏོང་བཞིན་པ་མཚམས་འཇོག་དང་རྒྱ་གར་གྱི་གནའ་བོའི་ཆོས་རིག་སྲུང་སྐྱོབ་བཅས་ཀྱི་ཆེད། རྒྱ་གར་གཞུང་དམངས་གཉིས་ཀྱིས་བོད་དོན་རྒྱབ་སྐྱོར་དང་། རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག 

མཐར་གསར་འགོད་པ་དང་དྲི་བ་དྲིས་ལན་སྐབས། ཐེངས་འདིའི་ཞུ་གཏུག་སྐོར་སྐྱོད་ཀྱི་ཁ་ཕྱོགས་གཙོ་བོ་བོད་ནང་གི་ཛ་དྲག་གནས་བབ་ལ་རྒྱ་གར་གཞུང་དམངས་གཉིས་ཀྱི་རྒྱབ་སྐྱོར་འཚོལ་ཕྱིར་ཡིན་སྐོར་དང་། ཞུ་གཏུག་མཇལ་འཕྲད་སྐབས་སོ་སོའི་མགོ་ཁྲིད་མི་སྣ་ཚོས་བོད་དོན་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་ཀྱི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་པ། འགའ་རེས་བསླེབ་ལ་ཉེ་བའི་གྲོས་ཚོགས་སྐབས་བོད་དོན་གླེང་སློང་ཡོང་ཐབས་གནང་རྒྱུ་ཡིན་སྐོར་སོགས་བརྗོད་བྱུང་། རྒྱ་གར་མང་ཚོགས་ནང་བོད་དོན་དྲིལ་བསྒྲགས་ཉུང་དྲགས་པ་དང་། མཐའ་ན་མགོ་ཁྲིད་དང་གནད་ཡོད་མི་སྣའི་ནང་ནའང་ཕར་འགྲེལ་བཤད་ཆ་ཚང་ཞིག་མ་བརྒྱབ་བར་བོད་དོན་སྐོར་གོ་རྟགས་གང་ཡང་མེད་མཁན་ཡོད་སྟབས། མ་འོངས་པར་རྒྱ་གར་སྤྱི་ཚོགས་དང་མཐོ་སློབ་ཁག་ནང་བོད་དོན་གོ་རྟོགས་སེལ་རྒྱུ་ཁ་ཚ་དགོས་གཏུགས་ཆགས་ཡོད་སྐོར་བརྗོད་སོང་།

གཞན་དེ་རིང་ཕྱི་དྲོའི་ཆུ་ཚོད་ ༥ དང་ཕྱེད་ཀའི་སྟེང་མེག་གྷན་ནས་ཐེགས་ཆེན་ཆོས་གླིོང་གཙུག་ལག་ཁང་བར་མར་མི་མང་མཉམ་ཞུགས་ཐོག་མར་མེ་ཁྲོམ་སྐོར་ཞིག་གནང་རྒྱུ་ཡིན་པ་དང་། ཆུ་ཚོད་ ༧ པའི་སྟེང་སྤྱི་འཐུས་ཚོགས་གཞོན་བསོད་ནམས་བསྟན་འཕེལ་མཆོག་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་པ་ཁག་ཅིག་བཅས་ཆེད་ཕེབས་ཐོག སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་སྤྱི་འཐུས་ཐུབ་བསྟན་ལུང་རིག་ལགས། སྤྱི་འཐུས་སྐལ་བཟང་དགྲ་འདུལ་ལགས། སྤྱི་འཐུས་རྨོག་རུ་བསྟན་པ་ལགས། སྤྱི་འཐུས་གངས་ལྷ་མོ་ལགས་བཅས་ཀྱིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་ཞུ་གཏུག་སྐོར་སྐྱོད་ལས་འགུལ་མཇུག་སྡོམ་གནང་རྒྱུ་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས། 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

༢༠༢༦/༠༥/༢༣
བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༦/༠༥/༢༢
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

༢༠༢༦/༠༥/༢༢
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡

མཆན། 1

  1. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    བོད་དོན་ལ་གོ་རྟོགས་མེད་པ་རྒྱ་གར་བ་གཅིག་པོ་མིན་པར། བཙན་བྱོལ་ནང་ཁུལ་དུ་མང་ནི་རེད། དེང་སང་རང་རེའི་སྤྱི་ཚོགས་གང་སར་བཤད་མ་དགོས་པར་གཞུང་གི་ལས་ཁུངས་ནང་ལས་ཀ་བྱེད་མཁན་ཚོས་་ཀྱང་བོད་སྐད་དག་མ་ཞིག་མི་ཤོད་པ་དང་མི་བཤད་པར་གཡར་ཚིག་དང་བསྲེ་སྐད་རྒྱག་མཁན་གྱི་ཁེངས་བསྡད་ཡོད་པར་གཞིག་ན་བོད་ལ་ཤ་ཚ་ག་ཚོད་ཡོད་པ་གསལ་བོ་རེད། རང་གི་སྐད་དང་ཡི་གེའི་གལ་ཆེའི་རང་བཞིན་ཙམ་མི་རྟོགས་པའི་སྤྱི་ཚོགས་དེ་ཤིང་ཏོག་རུལ་བ་དང་ཁྱད་པར་ཆེན་པོ་མེད་པར་མཐོང་གི་འདུག ཤིང་ཏོག་རུལ་བ་ཡིན་ཡང་ཕར་ལྟ་ས་ན་མཛེས་མདོག་ཁ་བོ་ཞིག་ཡོད་ཀྱང་དོན་དུ་རུལ་བ་ལ་རུལ་བའི་ནུས་པ་མ་གཏོགས་གང་ཡང་ཡོད་ནི་མ་རེད།
    གངས་སྐྱིད་གཞུང་ན་སྦྲགས་སྐད་རི་རབ་ཙམ།།
    ཚོགས་པ་ཁག་ན་བསྲེ་སྐད་ལུང་བ་ཁེངས།།
    བརྒྱད་བཅུ་སྐྲ་དཀར་རྒད་པོ་མན་ཆད་དང་།།
    ལོ་བརྒྱད་སྣབས་ལུག་བྱིས་པ་ཡན་ཆད་ཀྱིས།།
    འབད་འབུང་བྱེད་ས་ར་མ་ལུག་གི་སྐད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese