མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དུས་དྲན་འདི་སྲུང་གཙི་བྱེད་པར་དགའ་སྐྱོ་གཉིས་ཀ་ཡོད་པ་ཞིག་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་བསྐྱར་ནན་བསྒྲགས་གཏམ་སྤེལ་ཏེ་ལོ་ངོ་བརྒྱ་འཁོར་ལ་ཉེ་བའི་སྐབས་དང་བསྟུན་ཏེ། ཧིན་རྡུ་གཙུག་ལག་སློབ་ཆེན་གྱི་སློབ་མ་གཅན་བཟོད་རྒྱམ་ལགས་སུ་བསྒྲགས་གཏམ་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་གི་ཐོག་ཡིག་ཐོག་གི་བཅར་འདྲི་ཞུས་ཡོད།

དྲི་བ། ད་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༡༣ ཉིན་༸གོང་ས་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་ཁྱབ་བསྒྲགས་བྱས་ཏེ་མི་ལོ་ ༡༠༠ ཏག་ཏག་འཁོར་བའི་དུས་དྲན་ཉིན་མོ་དེ་བོད་ཀྱི་ལོ་རྒྱུས་ཐོག་གལ་གནད་ཆེ་ཆུང་གང་འདྲ་ཞིག་ཏུ་གཟིགས་ཀྱི་ཡོད་དམ།

ལན། དྲི་བ་འདི་ཚང་མ་ཧ་ཅང་གལ་ཆེན་པོ་རྐྱང་རེད། ལྷག་པར་དུ་དེང་སྐབས་སྐུ་ཕྲེང་བཅུ་གསུམ་པའི་ཆུ་གླང་རྩ་ཚིག་འདིའི་སྐོར་ནས་ཧ་ཅང་གླེང་སློང་ཆེན་པོ་ཡོད་པ་རེད། ང་ཚོ་བོད་ཀྱི་རང་དབང་ཤོར་ནས་མི་ལོ་དྲུག་ཅུ་ལྷག་འགོར་གྱི་ཡོད། བོད་ཤོར་དང་མ་ཤོར་ཟེར་ན་གཞི་འཛིན་ས་ཞིག་དགོས་པ་རེད། གཞི་འཛིན་ས་ང་གཅིག་ལོའི་ཆིངས་ཡིག་དོན་ཚན་བཅུ་བདུན་ལ་ཚད་འཛིན་བྱེད་ཀྱི་ཡོད། དེའི་སྔོན་ལ་བོད་རང་བཙན་ཡིན་ཟེར་གྱི་ཡོད། དེའི་རྒྱུ་མཚན་གཅིག་སྐུ་མདུན་སྐུ་གོང་མའི་བཀའ་རྩ་འདི་གཞི་འཛིན་གྱི་ཡོད། ངས་བསམ་ན་ཆུ་གླང་རྩ་ཚིག་དེ་གལ་ཆེན་པོར་འཛིན་དགོས་དོན་གཅིག་ནི། སྐུ་མདུན་སྐུ་གོང་མས་བོད་རང་བཙན་ཡིན་པ་གསལ་བསྒྲཊ་གནང་བ་འདི། བོད་རང་བཙན་ཡིན་པར་གཞུང་ཕྱོཊ་ནས་ཁྱབ་བསྒྲཊ་གནང་བ་མཐའ་མ་དེ་ཆཊ་པ་དང་། དེ་ཡང་བོད་ཡུལ་ནས་རྒྱའི་གཞུང་དམག་མི་སེར་དང་བཅས་པ་ཚང་མ་ཕྱིར་འཕུད་བཏང་རྗེས་གསལ་བསྒྲཊ་དེ་གནང་བ་ཡིན་པས། ངོ་མ་མིང་དོན་མཚུངས་པའི་རང་བཙན་གསལ་བསྒྲཊ་ཤིག་རེད་སྙམ། གཉིས་ནས་བཀའ་རྩ་དེར་བོད་འདི་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། ད་ནས་བཟུང་རང་ས་རང་ཡུལ་བརྟན་པོར་སྲུང་དགོས་པ་དང་། དེའི་ཆེད་དུ་དམག་དཔུང་གསར་འཛུཊ་དང་གོ་མཚོན་བསྡུ་སྒྲིག་གནང་བཞིན་པའི་སྐོར་གསལ་ཡོད། ཆོས་རིག་སྲུང་སྐྱོབ་དང་དགོན་སྡེ་ཁག་གི་ཆོས་འཆད་ཉན་ཆོ་ག་ཕྱག་ལེན་ཉམས་པ་སོར་ཆུད་དང་མི་ཉམས་རྒྱུན་འཛིན་གནང་དགོས་པ། ས་རྒོལ་འདུལ་རྨོ་དང་སྡོང་འཛུཊ་རྨོ་འདེབས་ཀྱིས་ཡུལ་ཁམས་སྲུང་སྐྱོབ་སྐོར་སོཊ་འཁོད་ཡོད། དེ་ཚོ་ཚང་མ་ཡིག་ཉུང་དོན་བསྡུས་ཀྱིས་བཀོད་ཡོད་སྟབས། ང་ཚོས་དེང་སང་ལྟ་སྐབས་ཁ་གསལ་ཞིབ་ཚཊ་མེད་པ་དང་། བོད་ས་ཁྱོན་ཡོངས་དེའི་ཁོངས་སུ་འདུ་མིན་གྱི་དོཊ་པ་དང་། དགའ་ལྡན་ཕོ་བྲང་ཁྱབ་ཁོངས་སྐོར་ནས་བཤད་ཀྱི་འདུག འོན་ཀྱང་དེ་འདྲ་ཡིན་རྒྱུ་མ་རེད་བསམ་གྱི་འདུག ༸གོང་ས་བཅུ་གསུམ་པའི་མཁྱེན་ཡོན་དང་གཞན་གྱིས་བཙན་འཛུལ་གཉའ་གནོན་སོཊ་དཀའ་སྡུག་གི་ཉམས་མྱོང་ང་ཚོ་ལས་ལྡབ་བརྒྱ་ཕྲག་གི་ཆེ་བ་ཡོད། དེ་བས་ཁོང་གི་བོད་ས་ཁྱོན་ལ་མ་ཁྱབ་པ་དང་དབུས་ཁུལ་གཅིག་པུའང་ཐུཊ་གོར་ལ་ཚུད་མ་ཚུད་དེ་འདྲ་ཡོད་རྒྱུ་མ་རེད། དེ་འདྲ་མིན་པ་གོང་གི་རྩ་ཚིག་རང་གི་འབྲུ་དོན་ལས་ཤེས་ཐུབ་པ་ཞིག་རེད་བསམ་གྱི་འདུག

དྲི་བ། ༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་རང་བཙན་བསྒྲགས་གཏམ་ནང་བརྗོད་དོན་གཙོ་བོ་ག་རེ་བཀོད་པ་དང་། བསྒྲགས་གཏམ་དེར་བོད་ཀྱི་ས་ཁོངས་ཁྱབ་ཚད་དང་མང་ཚོགས་ཀྱི་ཁེ་དབང་གནས་བབ་གང་འདྲ་ཡོད་དམ།

ལན། རང་བཙན་བསྒྲཊ་གཏམ་ཟེར་ན་དེང་སང་གི་ཚིག་ཅིག་རེད། སྔར་ཡིན་ན་བཀའ་ཤོག་དང་རྩ་ཚིག་སོཊ་འབྲི་བཞིན་ཡོད་པ་རེད། ༸གོང་ས་བཅུ་གསུམ་པ་ཆེན་པོའི་ཆུ་གླང་རྩ་ཚིག་དེར་དོན་ཚན་ལྔ་ཡོད། དོན་ཚན་ལྔ་ལས་དང་པོ་གཉིས་སྐྱུར་ལ་ཕྱི་མ་གསུམ་དེ་གལ་ཆེར་མཐོང་སོང་། དོན་ཚན་གསུམ་པར། བོད་ཡུལ་མངའ་རིས་སྐོར་གསུམ་ནས་མདོ་སྨད་ཕྱོཊ་སོཊ་ཀྱི་ལས་སྣེ་དག་གིས། གཞུང་ཁྲལ་བསྡུ་བ་སོཊ་ཁྲིམས་ཀྱི་ལས་ཀའི་རིཊ་གང་ཡིན་ལ་དྲང་བོ་དྲང་གིས་གཞུང་དམངས་གཉིས་ཕན་བྱེད་རྒྱུ་ལས། དཔྱད་མཚམས་ལས་བརྒལ་ཏེ་ཆབ་འབངས་ལ་བརྡབ་གསིག་མནར་གཅོད་ཐེབས་པའི་ལས་བྱེད་མི་ཆོག་པ་དང་། ཉེས་སྐྱོན་ཆུང་ཚེཊ་ལ་བསྙད་དེ་ས་ཁང་གཞུང་བཞེས་དང་དབང་པོ་གཅོད་འབྲེག་བྱེད་པ་སོཊ་ཚད་ལས་བརྒལ་བའི་ལས་རིཊ་རྩ་བ་ནས་བྱེད་མི་ཆོག་པ་སོཊ་འཁོད་ཡོད། སྤྱིར་འཛམ་གླིང་གང་སར་ལྐོག་ཟ་རུལ་སུངས་དང་བཙན་གནོད་དབང་ཡོད་བྱེད་མཁན་ཡོད། དེ་ང་ཚོ་བོད་གཅིག་པུ་མ་རེད། འོན་ཀྱང་བོད་ཡུལ་ནི་རྒྱ་ཆེ་ཞིང་དབུས་ཀྱི་སྲིད་དབང་མཐའ་ལ་སླེབས་ཐུབ་མིན་གྱིས་དམངས་ལ་དཀའ་ངལ་དུ་མ་འཕྲད་ཡོད་ཅིང་། ཚུལ་མིན་གྱི་ལས་ལ་རྒྱུན་ཆཊ་སུ་འཇུག་མཁན་དཔོན་ངན་རིཊ་མང་དག་ཅིག་ཡོད་པ་དངོས་མཐོང་གིས་རྩ་ཚིག་ནང་དེའི་སྐོར་ཆེད་དུ་བཀོད་པ་རེད། བཞི་བར། བོད་འདི་ཡང་རྒྱལ་ཁབ་གཞན་དང་འདྲ་བར་སྟོབས་འབྱོར་མངའ་ཐང་ཆེན་པོ་མེད་ཀྱང་། “ཆོས་མཐུན་ཞི་བདེར་གནས་པའི་རྒྱལ་ཁབ་རང་དབང་དང་ལྡན་པ་” ཞིག་ཡིན་པས་ཞི་དྲག་གི་ལས་དོན་གང་ཅིར་དོ་དམ་ཆེ་བསྐྱེད་ཀྱིས་རང་ས་བརྟན་པོར་སྲུང་དགོས་པ། རྒྱལ་སྲུང་དམག་མི་སྔར་ཡོད་ལ་ཁ་སྣོན་གྱིས་ “རང་ས་བརྟན་སྲུང་ཐུབ་པའི་དྲག་པོའི་འདུ་འགོད་རྒྱ་ཆེར་གནང་ ” བ་དང་། དེའི་ཕྱོཊ་ལ་གཞུང་གཅིག་པུ་མ་ཡིན་པར་ཚང་མས་ཕྱར་གྲུ་མཉམ་འདེཊ་གནང་དགོས་པ། བོད་ས་སྟོད་སྨད་ལྷོ་བྱང་གི་ས་མཚམས་རྣམས་སུ་སོ་སྲུང་ལྷོད་མེད་ཀྱི་སོ་མྱུལ་ནང་འཛུལ་ལ་དོཊ་ཟོན་ཆེན་པོ་དགོས་ཚུལ་སོཊ་འཁོད་ཡོད་པ་རེད།

དོན་ཚན་འདི་ལས་ང་ཚོས་༸གོང་ས་བཅུ་གསུམ་པས་སྐབས་དེར་ཕྱི་རྒྱལ་བས་བཙན་འཛུལ་དབང་ཤེད་ཐེངས་མང་བྱུང་པའི་མྱོང་བ་ལས་རང་ཉིད་སྲིད་འབྱོར་རིག་གསུམ་གྱི་འཁོས་ག་གཞན་ལས་ཞན་པ་དངོས་སུ་གཟིཊ་ཏེ། རང་རེ་རྒྱལ་ཁབ་འདི་ཡང་འཛམ་གླིང་རྒྱལ་ཁབ་གཞན་དག་ནང་བཞིན་སྟོབས་དང་ལྡན་པ་ཞིག་བཟོ་རྒྱུའི་ཐུཊ་མདུན་ཆེ་ཁར། རྒྱལ་སྲུང་དམག་མི་བསྡུ་སྒྲིག་དང་གོ་ཚོན་མངགས་ཉོས་རང་ས་རང་ཡུལ་བརྟན་སྲུང་བྱེད་དགོས་པ་དང་། དེ་ཡང་དབུས་དང་དམག་དཔུང་གཅིག་པུ་མ་ཡིན་པར་འབངས་མི་སེར་ངོ་རེ་ལའང་འགན་ཡོད་སྐོར། ས་སྲུང་སོ་མྱུལ་ལའང་དབུས་གཞུང་དང་འབངས་མི་ཚང་མས་འགན་གཅིག་ལྕོག་གིས་འཁུར་དགོས་ལུཊ་བཀའ་ཁྱབ་དང་སྐུལ་མ་གནང་བ་རེད། ད་དུང་ཆེས་གལ་ཆེ་ལ་དོན་སྙིང་ལྡན་པ་ཞིག་ནི་རྩ་ཚིག་རང་ལས། རང་རེ་བོད་འདི་ཡང་“ ཆོས་མཐུན་ཞི་བདེར་གནས་པའི་རྒྱལ་ཁབ་རང་དབང་ལྡན་པ་ཞིག་ཡིན་སྟབས་” ཞེས་པ་འདི་རེད། ཚིག་དུམ་འདི་ནི་བོད་འདི་རང་དབང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་སྒྲུབ་བཤད་དང་བདེན་དཔང་ཡོད་ན་མེད་ན་དེ་རེད། རྒྱུ་མཚན་ནི་སྐབས་དེའི་བོད་ཀྱི་རྒྱལ་པོའམ་སྲིད་འཛིན། གཞུང་འཛིན་མཐོ་ཤོས་ཡོད་ན་མེད་ན་དེས་གསུངས་ཤིང་ཡི་གེར་བཀོད་པས་ཡིན། དོན་ཚན་ལྔ་བར། ས་རྒོལ་འདུལ་བ་དང་ལྗོན་ཤིང་འདེབས་སྐོར་དང་། གལ་ཆེ་བ་ཞིག་ལ་བཀའ་ཡིག་རྩ་ཙིག་འདི་བོད་ཡུལ་སྟོད་མངའ་རིས་སྐོར་གསུམ་ནས་སྨད་མདོ་ཁམས་སོཊ་བོད་ཡུལ་ཤར་ལྷོ་ནུབ་བྱང་གི་ས་མཚམས་བར་དུ། “མ་གོ་མ་ཐོས་པ་མེད་པར་ ”དྲིལ་བསྒྲཊ་དང་ས་གནས་ཆེ་ཆུང་ཁག་ལ་འདྲ་བཤུས་སྦྱར་འགྲེམས་བྱས་ཏེ་མ་ཁྱབ་མེད་པར་བྱ་དགོས་སྐོར་ནན་བརྗོད་དང་། གལ་ཆེ་ཞིག་ནི། བཀའ་རྩ་འདི་བོད་ཡུལ་ཁྱོན་ཡོངས་ལ་ཁྱབ་དགོས་པ་དང་མ་ཁྱབ་པ་མེད་པར་བྱ་དགོས་སྐོར་དེ་རེད། དེས་ན་བཀའ་རྒྱ་འདི་བོད་ཡུལ་ཁྱོན་ཡོངས་ལ་ཁྱབ་ཡོད་མེད་ཀྱི་སྐད་ཆ་ཞིག་བཤད་མ་དགོས་རེད་སྙམ།

དྲི་བ། ༧སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རང་བཙན་ཁྱབ་བསྒྲགས་མ་གནང་གོང་བོད་ཀྱི་ཆབ་སྲིད་གནས་བབ་དེ་དོན་དངོས་ཐོག་གང་འདྲ་ཞིག་ཡོད་དམ།

ལན། ༸གོང་ས་བཅུ་གསུམ་པས་རང་བཙན་གསལ་བསྒྲཊ་མ་གནང་གོང་ཟེར་བ་ཆུ་གླང་རྩ་ཚིག་གི་སྔོན་ལ་ཟེར་གི་ཡོད་པ་འདྲ། སྤྱིར་བོད་བཙན་པོའི་རྒྱལ་རབས་ཐོར་བཤིག་ཏུ་སོང་བའི་རྗེས་ནས་བོད་ལ་སྲིད་ཕྱོགས་ཀྱི་ཉམས་ཆག་ཆེན་པོ་ཕྱིན་པ་རེད། ས་ཁྱོན་གྱི་ཆ་ནས་ཀྱང་རྭ་ལྤགས་བཞིན་བཀུམ་ནས་ཇེ་ཆུང་དུ་མང་པོ་སོང་ཡོད། འོན་ཀྱང་རང་གི་རྒྱལ་ཁམས་ལ་རང་གིས་བདག་པོ་རྒྱག་ཐུབ་ཡོད། ལོ་རྒྱུས་ཡིག་ཆ་ཁག་ན་བོད་རྒྱ་ཁོངས་ཡིན་མིན་ཐད་ལ་རྩོད་པ་མང་པོ་ཡོད། དེ་ཚོ་ཚང་མར་བོད་རྒྱ་ཁོངས་ཡིན་པའི་ཁ་གསལ་གང་ཡང་ཡོད་པ་མ་རེད། ཁོང་ཚོས་བཤད་པ་ནང་བཞིན་ང་ཚོར་ཡང་རང་དབང་ཚད་ལྡན་ཡིན་སྐོར་སྒྲུབ་བྱེད་མང་པོ་ཡོད། དེ་ཚོ་ཚང་མ་རྩོད་པ་རེད། དེ་འདྲ་ཡིན་ན་རྒྱའི་རྒྱལ་རབས་ཚང་མ་རྒྱ་མིའི་ཡིན་མིན་ཡང་བཤད་རྒྱུ་མང་པོ་ཡོད། ཐང་གི་སྐབས་སུ་ཐང་རིན། མན་ཇུའི་སྐབས་སུ་མན་ཙོ་ལྟ་བུ་རྙོག་དྲ་མང་པོ་ཡོད་པ་རེད། གོང་ནས་ཞུས་པ་ལྟར་ཆུ་གླང་རྩ་ཚིག་གི་སྔོན་ལའང་བོད་པས་རྒྱལ་ཁབ་གཞན་དང་འབྲེལ་འདྲིས་དང་ཆིངས་ཡིག་བཞག་པ་དེ་འདྲ་མང་པོ་ཡོད་ལ། དེ་ཚོ་ཚང་མ་བདེན་དཔང་ངོ་མ་ཆཊ་ཡོད།

དཔེར་ན། གཞུང་ས་དགའ་ལྡན་ཕོ་བྲང་གི་རིང་ལ་ཕྱི་ལོ་ ༡༦༨༤ ལོར་བོད་དང་ལ་དྭཊ་བར་ལ་དྭཊ་གཏིང་སྒང་(Tingmosgang) ཞེས་པར་དམག་འཁྲུག་ཞི་འཇཊ་ཀྱི་ཞི་ཆིངས་བཞག་པ་རེད། འདིའི་སྐོར་ལ་དྭཊ་ཡིག་ཆ་མང་པོར་འདུག ཁོང་ཚོས་འདི་ལ་སོག་པོའི་རྒྱལ་པོ་དགའ་ལྡན་ཚེ་དབང་གི་དམག་ཀྱང་ཟེར་གྱི་འདུག དེ་ནས་ཕྱི་ལོ་ ༡༨༤༢ ལོར་བོད་དང་ལ་སིང་བར་ཆིངས་ཡིག་བཞག་པ་རེད། དེ་ནི་ལ་དྭཊ་ཀསྨིར་གྱི་རྒྱལ་པོ་མཧཱ་ར་ཛ་གུལབ་སིང་གི་འོག་ཏུ་ཤོར་ནས་ལོ་༨ ཙམ་གྱི་རྗེས་ལ་རེད། ཆིངས་དོན་འདི་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་སུའང་བཀོད་ཡོད། ཕྱི་ལོ་ ༡༨༥༢ ལོར་བོད་དང་ཀསྨིར་གཉིས་བར་ལ་བསྐྱར་དུ་ལ་སིང་ཆིངས་ཡིག་གི་འབྲུ་དོན་གཞིར་བཟུང་སྟེ། དེར་ཁ་སྣོན་བཅས་ལ་ཕྱོགས་གཉིས་ཀྱི་འཐུས་མིས་མི་འགྱུར་བའི་དམ་ཕྲུག་བཀོད་པ་དང་ཟུར་བཀོད་ཡིག་ཆ་བཅས་ཡོད། ཕྱི་ལོ་ ༡༨༥༦ ལོའི་ཟླ་ ༣ པའི་ཚེས་ ༢༤  ཉིན་བོད་དང་གོརྵ་གཉིས་བར་དུ་ཞི་ཆིངས་བཞག ཆིངས་ཡིག་དེར་བོད་ཀྱི་གོརྵར་ལོ་ཁྲལ་ལྟ་བུ་འཇལ་རྒྱུ་དང་། གོརྵས་བོད་ལ་གཞན་གྱིས་བཙན་འཛུལ་བྱས་ན་སྲུང་རོཊ་བྱ་རྒྱུ་སོཊ་འཁོད་ཡོད། ༡༩༠༤ ལོར་བོད་ཀྱི་རྒྱལ་ས་ལྷ་སར་དབྱིན་ཇི་དང་བོད་གཉིས་ཞི་ཆིངས་བཞག་པ་རེད། ༡༩༠༦ དང་༡༩༠༨ སོ་སོར་ཡང་དབྱིན་རྒྱ་བོད་གསུམ་ཆིངས་ཡིག་བཞག་སྐོར་ཞིབ་ཏུ་སྲིད་དོན་རྒྱལ་རབས་དང་ (MIT Tibet Forum) དྲ་ཚིཊ་ནང་གསལ་པོར་བཀོད་ཡོད། དེའི་རྗེས་ནས་བོད་སོག་ཆིངས་རེད། དེ་ཆུ་གླང་རྩ་ཚིག་མ་བཀྲམས་པའི་ཟླ་གཅིག་གི་སྔོན་སྟེ་ཆུ་བྱི་ ༡༩༡༢ ལོའི་ཟླ་ ༡༢ པའི་ཚེས་ ༤ དང་བཞག་ཡོད་ལ། རང་བཙན་རྩ་ཚིག་ནི་ཆུ་གླང་ ༡༩༡༣ ལོའི་ཟླ་ ༡ པོའི་ཚེས་༨ ཉིན་བཀྲམས་པ་ཞིག་ཆཊ་ཡོད་པ་རེད།

 དྲི་བ། ཁྱོད་ཀྱིས་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རང་བཙན་བསྐྱར་ནན་གནང་བའི་དུས་དྲན་སྲུང་གཙིའི་སྐོར་ལ་དགོངས་འཆར་གང་འདྲ་ཡོད་དམ།

ལན། དུས་དྲན་འདི་སྲུང་གཙི་བྱེད་པར་དགའ་སྐྱོ་གཉིས་ཀ་ཡོད་པ་ཞིག་རེད། བཙན་བྱོལ་གཞུང་དམངས་གཉིས་ཀྱིས་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་ཁྱབ་བསྒྲཊ་བྱས་ཏེ་ལོ་ ༡༠༠ འཁོར་བ་འདི་དགའ་སྐྱོ་གང་ལ་ངོས་བཟུང་ནས་དྲན་གསོ་བྱེད་ཀྱི་ཡོད་པ་མི་ཤེས། རང་བཙན་ཁྱབ་བསྒྲཊ་བྱས་ཏེ་མི་ལོ་ ༡༠༠ འཁོར་བ་དགའ་འོས་པ་ཞིག་ཡིན་དུ་ཆུཊ་ཀྱང་། རང་བཙན་གཞན་ལ་ཤོར་ནས་ལོ་དྲུག་ཅུ་རེ་གྲངས་འགོར་ཟིན་པ་དང་། བཙན་བྱོལ་བྱས་ནས་ལོ་ ༥༣ འགོར་ཡོད་པའི་སྐྱོ་དགོས་པ་ཞིག་རེད། གང་ལྟར་བཙན་བྱོད་མི་ཚོས་དགའ་སྐྱོ་ཅི་རིཊ་ཀྱི་དུས་དྲན་མང་པོ་སྲུང་བརྩི་བྱས་མྱོང་བ་རེད། དེ་ཡང་ལ་ཤས་ནི་དུས་དྲན་སྲུང་བརྩི་རང་བྱས་པ་དང་། ལ་ཤས་ཤིག་དུས་དྲན་དང་འབྲེལ་ནས་ལས་འགུལ་ཆེ་ཆུང་ཡང་སྤེལ་བ་རེད། ང་ཚོས་སྔོན་ནས་ད་བར་དུ་ལས་འགུལ་ཆེ་ཆུང་ཅི་གང་སྤེལ་སྐབས་གྲུབ་འབྲས་ལ་བསམ་བློ་མ་བཏང་ལྟ་བུའམ། གང་ལྟར་བོད་མིའི་རང་དབང་འཐབ་རྩོད་འདི་ལ་གྲུབ་འབྲས་ཤིག་ཐོན་མེད་པ་ཀུན་གྱིས་གླེང་བཞིན་པ་རེད། འོན་ཀྱང་ངས་འདི་ནས་ལས་འགུལ་འདི་འདྲ་དང་དེ་འདྲ་སྤེལ་ན་གྲུབ་འབས་དེ་འདྲ་དང་འདི་འདྲ་འཐོན་གི་རེད་ཅེས་བཤད་མི་ནུས་མོད། ལས་འགུལ་ཅི་ཞིག་སྤེལ་བར་ལས་འགུལ་དེར་གྲུབ་འབྲས་ཅི་ལྟ་བུ་ཞིག་འབྱུང་བར་སྔོན་དཔག་རེ་བྱས་ཏེ་ལས་འགུལ་སྤེལ་རྒྱུ་གལ་ཆེ་བར་མཐོང་། དེ་མིན་དུས་དྲན་སྲུང་བརྩི་ཁོ་ན་དང་། ལས་འགུལ་དེ་ཚོ་ཡང་མ་དཔེ་གཅིག་བསྐྱར་དཔར་ཡང་དཔར་བྱེད་པ་ལྟར་བྱས་བསྡད་ན་གོམས་གཤིས་འདྲ་ཞིག་ལས་གཞན་ཅི་ཡང་མི་འདུག་ག དེས་མི་མང་ལ་ཉོབ་སྣང་ཡང་སྟེར་གི་འདུག

ངས་བསམ་ན་གཞུང་སྒེར་ཚོཊ་པ་སུ་ཡིན་ཡང་གོང་བཀོད་ཆིངས་ཡིག་དེ་ཚོ་དང་སྐུ་ཕྲེང་བཅུ་གསུམ་པའི་སྐུ་རིང་ལ་༡༩༡༨ ལོར་བོད་རྒྱའི་བར་དུ་བཞག་པའི་ཆིངས་ཡིག ༡༩༣༠ ལོར་རྒྱ་ནག་གི་རྒྱལ་ས་ནན་ཅིང་དུ་བོད་གཞུང་དོན་གཅོད་ཁང་དངོས་བཙུཊ་ཏེ། གཡུང་དགོན་ཛ་སག་མཁན་པོ་དཀོན་འབྱུང་དང་རྩེ་མགྲོན་ངག་དབང་རྒྱལ་མཚན། རྩེ་དྲུང་ཆོས་འཕེལ་ཐུབ་བསྟན་བཅས་བསྐོ་རྫོང་གནང་བ། ༡༩༣༤ ལོའི་ས་ཁམས་རིག་པའི་དུས་དེབ (National Geographic Magazine) དུ་བོད་ཀྱི་རྒྱལ་དར་འཛམ་གླིང་གི་རྒྱལ་ཁབ་ཡོངས་ཀྱི་རྒྱལ་དར་གྲས་སུ་བཀོད་པ། ༡༩༤༦ ལོར་བོད་གཞུང་ནས་རྒྱལ་གཞུང་ལ་གཞུང་འབྲེལ་གསལ་བསྒྲགས་དོན་ཚན་དགུ་ཅན་སྤྲད་པ། ༡༩༤༧ ལོར་བོད་གཞུང་གི་སྐུ་ཚབ་ཨེ་ཤ་ཡའི་མཐུན་འབྲེལ་ཚོགས་འདུར་ (Asian Relations Conference ) ཞུཊ་ཤིང་གཏམ་བཤད་གནང་ཡོད། ལོ་དེར་རྩིས་དཔོན་ཞྭ་སྒབ་པ་སོགས་བོད་གཞུང་གིས་སྤྲད་པའི་ཕྱི་སྐྱོད་ལག་ཁྱེར་བསྣམས་ཏེ་ཨ་རི་དང་ཡུ་རོབ་སོགས་ལ་ཚོང་དོན་ལྟ་སྐོར་བྱས་པ་རེད། ༡༩༤༩ ལོར་བལ་ཡུལ་མཉམ་འབྲེལ་རྒྱལ་ཚོཊ་སུ་ཞུཊ་པར་བོད་ཀྱིས་རང་བཙན་རྒྱལ་ཁབ་ཚད་ལྡན་ཡིན་པའི་ངོས་ནས་བདེན་དཔང་མཚན་རྟཊ་རྒྱབ་གཉེར་བྱས་པ། ༡༩༥༠ ལོ་དང་༡༩༥༩ དང་༡༩༦༡། ༡༩༦༥ སོ་སོར་རྒྱལ་ཚོཊ་ལ་བོད་དོན་ཞུ་གཏུག་བྱས་ཡོད། འདི་ཚང་མའི་ནང་དོན་ཁ་གསལ་གཏིང་གསལ་ངང་བསྐྱར་དུ་གླེང་སློང་ཞུ་གཏུག་ཤུཊ་ཆེར་བྱེད་དགོས་པར་སྙམ། དེང་སྐབས་མང་པོ་ཞིག་གིས་ ༡༩༡༣ ནས་ ༡༩༩༥ བར་བོད་རང་བཙན་གཙང་མར་གནས་ཐུབ་ཡོད་སྐོར་བཤད་ཀྱི་འདུག འོ་ན་ ༡༩༡༣ ལོའི་སྔོན་དུ་བོད་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་མིན་ནམ། དེའི་སྔོན་གྱི་མི་ལོ་བརྒྱ་ཕྲག་འགའ་ཙམ་ནས་བོད་ཀྱིས་ལ་དྭགས་དང་སིང་གཞུང་དང་གོར་གཞུང་། བལ་གཞུང་འབྲུག་གཞུང་སོཊ་དང་། ཕྱིས་སུ་དབྱིན་གཞུང་དང་རྒྱ་གཞུང་། སོག་པོའི་གཞུང་སོགས་ལ་འདྲ་མཉམ་གྱིས་ཆིངས་ཡིག་བཞག་པ་དག་ལ་ང་ཚོའི་ངོས་ནས་ངོས་ལེན་མེད་པ་ཡིན་ནམ། དེ་བས་ ༡༩༡༣ ལོ་ནས་ ༡༩༥༩ བར་ཞེས་པའི་བཤད་ཙུལ་འདི་གང་ལ་གཞི་འཛིན་གྱི་ཡོད་མེད་ཤེས་ཀྱི་མི་འདུག

གསར་འགོད་པ། དཔལ་ལྡན།

འགོང་གི་པར་གཉིས་པ་དེ་བརྒྱུད་ལམ་གཞན་ནས་འདྲེན་བཀོད་བྱས།

མཆན། 1

  1. གནས་ཚང་། says:
    ལོ་ 9 སྔོན།

    ལོ་རྒྱུས་ཀྱི་ངོས་ནས་དེ་ག་རང་རེད་ལ། གནས་སྟངས་ཀྱི་ཆ་ནས་ཀྱང་དེ་ག་རང་རེད། སུ་ལ་འགན་ཆེ་བ་དེ་ཡོད་འོས་སམ། མཁས་དབང་ཚོས་མང་ཚོགས་ལ་ལམ་སྟོན་བྱེད་དུས་འཁེལ་ཡོད་པ་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist