མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞིས་ཀྱིས་སྐྱོན་བརྗོད་དང་ལེན་ལ་རྒྱབ་སྐྱོར།

བོད་ཀྱི་དུས་བབ།
༢༠༡༣/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཞཱིས་ཀྱིས་ཚོགས་སྡེ་གཞན་དག་གིས་དྲང་བདེན་བརྗོད་པའི་བློ་སྟོབས་བསྐྱེད་དགོས་ལ། དམར་ཤོག་པས་སྐྱོན་བརྗོད་དང་ལེན་དགོས་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༦ ཉིན། རྒྱ་གཞུང་དམར་ཤོག་ཚོགས་པ་ཕུད་ཚོགས་སྡེ་གཞན་ཁག་གི་འདུ་འཛོམས་ཚོགས་འདུ་ཞིག་གི་སྟེང་། ཞཱིས་ཅིན་ཕེན་གྱིས་ “དམར་ཤོག་མ་ཡིན་པའི་ཚོགས་སྡེ་ཁག་གི་མི་སྣས། ངེས་པར་དུ་བློ་སྟོབས་ཆེན་པོས་སྐད་ཆ་དྲང་བདེན་དང་བསམ་ཚུལ་འདོན་ཐུབ་པ་བྱེད་དགོས་ལ། གལ་སྲིད་རྣ་བར་སྙན་པོ་མེད་ནའང་། བདེན་པ་བདེན་ཐུབ་ཀྱིས་མང་ཚོགས་ཀྱི་བསམ་ཚུལ་འདོན་ཐུབ་དགོས།” ཞེས་བརྗོད་ཡོད་པ་མ་ཟད། ཞཱིས་ཅིན་ཕེན་གྱིས་དམར་ཤོག་པའི་རྩ་འཛུགས་ཀྱི་ངོས་ནས་ཀྱང་།  ཚོགས་སྡེ་གཞན་དག་གི་བསམ་ཚུལ་དང་སྐྱོན་བརྗོད་དག་ “འབད་པ་ཆེན་པོས་དང་ལེན” དང་ “སེམས་གཏིང་ནས་དགའ་བསུ” བྱེད་དགོས་པའི་རེ་བ་བཏོན་ཡོད་འདུག

ཞིན་ཐང་རཱན་བརྙན་འཕྲིན་གསར་ཁང་གི་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། དམར་ཤོག་དང་སྲིད་གཞུང་གི་མི་སྣར་སྐྱོན་བརྗོད་བྱེད་མཁན་རྣམས་འཇུ་བཟུང་དང་བཀག་ཉར་དང་། གསར་ཤོག་དང་རྩོམ་དེབ། དྲ་རྒྱའི་བརྒྱུད་ལམ་བཅས་ལ་བསྔོག་བཤེར་བཀག་སྡོམ་བྱེད་རྒྱུ་བཅས་ནི་རྒྱ་གཞུང་དམར་ཤོག་པའི་རྒྱུན་ལྡན་གྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད་སྟབས། དམར་ཤོག་དང་གཞུང་ལ་སྐྱོན་བརྗོད་བྱ་རྒྱུར་ཡོངས་བསྒྲགས་རྒྱབ་སྐྱོར་གྱི་ཞཱིས་ཅིན་ཕེན་གྱི་སྐད་ཆ་དེ་དག  དུས་ཐུང་ནང་གནས་འཕྲིན་དྲ་རྒྱའི་ཐོག་ཁྱབ་བརྡལ་དུ་སོང་སྟེ་སྤྱི་ཚོགས་ནང་དོ་སྣང་ཤུགས་ཆེན་པོ་བསླེབས་བཞིན་ཡོད་འདུག 

ཚོགས་ཆེན་བཅོ་བརྒྱད་པའི་སྟེང་ཞཱིས་ཅིན་ཕེན་རྒྱ་ནག་དམར་ཤོག་པའི་སྤྱི་ཁྱབ་དྲུང་ཆེར་བསྐོ་འཇོག་བྱུང་རྗེས། ཁོས་རྒྱ་གཞུང་གི་དམག་ཁུལ་དང་སྲིད་འཛིན་ཁྱབ་ཁོངས་ཀྱི་དཔོན་རིགས་ཚོའི་རུལ་སུངས་ཤུགས་ཆེན་པོས་གླེང་སློང་བྱས་པར་བརྟེན། རྒྱ་ནག་སྤྱི་ཚོགས་ཁྲོད་གཡོ་འགུལ་དང་གླེང་ཕྱོགས་འདྲ་མིན་བྱུང་བཞིན་ཡོད་པ་རེད།

སྲིད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཅཱང་ཤོག་ཁག་གིས་སྟངས་འཛིན་བྱས་ཡོད་པའི་སྲིད་ཁྲིམས་ལྷན་ཁང་གི་གནས་བབས་མར་ཕབ་ཡོད་ནའང་། སྔར་བཞིན་ཅང་ཤོག་ཁག་གིས་རྒྱ་གཞུང་གི་དྲིལ་བསྒྲགས་ཁྱབ་ཁོངས་ཡོངས་རྫོགས་དབང་འཛིན་བྱས་ཡོད་སྟབས། ཞཱིས་ཅིན་ཕིན་གྱིས་རང་ཕྱོགས་ཀྱི་དྲིལ་བསྒྲགས་ཤོག་ཁག་ཅིག་སྒྲིག་སྟེ། རྒྱ་གཞུང་དྲིལ་བསྒྲགས་ལྷན་ཁང་གི་སྟངས་འཛིན་ལས་གཡོལ་ཐབས་བྱས་ཏེ། གནས་འཕྲིན་དྲ་རྒྱ་བརྒྱུད་སོ་སོའི་རྣམ་འགྱུར་ཕྱིར་སྒྲོག་ཐབས་བྱེད་བཞིན་ཡོད་པ་དང་། ཉེ་ཆར་ཞཱིས་དང་འབྲེལ་བའི་གནས་ཚུལ་དང་པར་རིས་ཁག་གནས་འཕྲིན་དྲ་རྒྱའི་སྟེང་ཐོན་བཞིན་པ་དེ་དག་ནི་ཞཱིས་ཀྱི་ཤོག་སྒྲིལ་ཚོགས་པའི་སྤེལ་བཞིན་པའི་ངོས་འཛིན་བྱས་ཡོད་འདུག

གསར་འགོད་པ།  ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

ཆུ་ཚོད་ ༢༢ སྔོན་ལ།
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

༢༠༢༦/༠༤/༡༦
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese