མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་དང་རྒྱ་ཡིག་ཤེས་མཁན་ཚོ་གཡོག་ལས་ཀྱི་ངོ་བོར་བསྡད་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་བོད་མིའི་སྒྲིག་འཛུགས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། འབྱུང་འགྱུར་ཕྱི་ཟླ་ ༣ པའི་ནང་རྒྱ་ཡིག་རྒྱ་སྐད་ཤེས་མཁན་སྐོར་ཞིག་གཞུང་ཞབས་ཁོངས་ནང་བསྡུ་རྒྱུ་ཡིན་ཟེར། དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་ལ་ཕྲན་བུ་འགྱུར་བ་ཕྱིན་པ་ཞིག་དང་། རྒྱ་ཡིག་རྒྱ་སྐད་ཤེས་མཁན་གསར་འབྱོར་བ་ཚོ་གཞུང་ཞབས་ནང་འཛུལ་རྒྱུའི་གོ་སྐབས་ཤིག་ཆགས་ཡོད།   

ད་རེབ་རྒྱ་ཡིག་ཤེས་མཁན་ ༦ བསྡུ་རྒྱུ་ཡིན་པ་དང་། དེ་དག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ཕྱི་དྲིལ་ལས་ཁུངས། བདེ་སྲུང་ལས་ཁུངས་བཅས་ཀྱི་དྲུང་གཞོན་དང་དྲུང་གཞོན་ལས་རོཊ། སྡེ་ཚན་འགན་འཛིན་བཅས་ཀྱི་གནས་རིམ་ཐོག་བསྐོ་བཞག་བྱ་རྒྱུ་ཡིན་འདུག བོད་མིའི་སྒྲིག་འཛུགས་ཀྱིས་འདས་པའི་ལོ་ངོ་ ༢༠ ལྷག་རིང་རྒྱ་ཡིག་ལས་བྱེད་གཅིག་ཀྱང་བསྡུས་མྱོང་མེད་པ་མ་ཟད། དེ་སྔ་བདེ་སྲུང་ལས་ཁུངས་དང་དང་དྲིལ་བསྒྲགས་སོགས་སུ་རྒྱ་ཡིག་ལས་བྱེད་རེ་ཟུང་ཡོད་པ་ཡང་ཆོད་གན་དང་རང་ཁོངས་ལས་བྱེད། ཉིན་གླ་བཅས་ཀྱི་ངོ་བོར་བཞག་ཡོད་འདུག

            གནས་ཚུལ་དེའི་ཐད་ཕྱི་ཚེས་ ༢༢ ཉིན་གསར་འགོད་པས་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། ༧གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་མགོ་ཁྲིད་ལས་བགྲེས་ཡོལ་མ་གནང་གོང་། གཞུང་ཞབས་ལས་བྱེད་བསྐོ་བཞག་གནང་ཕྱོགས་ཐད་གནས་བབ་དང་དགོས་མཁོར་གཞིགས་པའི་དམིགས་བསལ་བསྐོ་བཞག་གནང་སྲོལ་ཡོད་ཀྱང་། ༸གོང་ས་མཆོག་བགྲེས་ཡོལ་གནང་རྗེས་གཞུང་གི་འཛིན་སྐྱོང་འགྲོ་སྟངས་ལ་འགྱུར་བ་ཐེབས་ཏེ། ལས་བྱེད་དམིགས་བསལ་བསྐོ་བཞག་བྱ་རྒྱུའི་ལམ་ཁ་དེ་རང་བཞིན་གྱིས་འགག་ཡོད་པ་དང་། དེ་སྔོན་གཞུང་གི་ལས་ཁུངས་ཁག་ཏུ་རྒྱ་ཡིག་ཤེས་ཚད་ཡོད་ཀྱང་། བོད་ཡིག་དང་དབྱིན་ཡིག་ཡག་པོ་མི་ཤེས་མཁན་རྣམས་གཞུང་གི་གཏན་འཇགས་ལས་བྱེད་ཁོངས་སུ་འཚུད་ཐབས་མེད་ཀྱང་། བཀའ་ཤག་སྐབས་བཅུ་བཞི་པས་རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་རྒྱུར་རྒྱ་ཡིག་ཧ་ཅང་གལ་ཆེན་དུ་མཐོང་གི་ཡོད་པ་དང་། ལྷག་པར་དུ་ཉེ་སྔོན་གྲོས་ཚོགས་ནང་རྒྱ་ཡིག་ཤེས་མཁན་ཚོར་གཞུང་གི་ལས་བྱེད་ཁོངས་ས་མིག་སྤྲོད་རྒྱུའི་སྒྲིག་གཞི་བསྐྱར་བཅོས་གནང་རྗེས། ཡིག་རྒྱུགས་ཀྱི་ལམ་ནས་གཞུང་ཞབས་ཁོངས་གཏན་འཇགས་ལས་བྱེད་ཁོངས་སུ་རྒྱ་ཡིག་ཤེས་མཁན་བསྡུ་རྒྱུའི་མགོ་བཙུགས་ཡོད་ཅིང་། མ་འོངས་པར་ཡང་ལས་འཆར་ཁོངས་སུ་རྒྱ་ཡིག་ཤེས་མཁན་ལས་བྱེད་མང་དུ་གཏོང་སྲིད་སྐོར་གསུངས་སོང་།

            གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ས་བཅར་འདྲི་ཞུས་པར། བཀའ་ཤག་སྐབས་བཅུ་གསུམ་པའི་སྐབས་ལ་བདེ་སྲུང་ཁྱབ་ཁོངས་སུ་ཉམས་ཞིབ་ཁང་ཞིག་བཙུཊ་ཡོད་ཀྱང་། དེར་དམིཊ་བསལ་ལས་བྱེད་བསྐོ་བཞག་གནང་བ་དེ་འདྲ་གང་ཡང་མེད་ཅིང་། བཀའ་ཤག་སྐབས་བཅུ་བཞི་པས་བོད་མིའི་སྒྲིག་འཛུཊ་ཀྱི་ལས་བྱེད་ཚོར་ཆབ་སྲིད་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་དུ་གཟིགས་པ་དང་། ལྷག་པར་དུ་བོད་པའི་ཆབ་སྲིད་དཀའ་རྙོག་རྒྱ་ནག་དང་ཐད་ཀར་འབྲེལ་བ་ཆཊ་ཡོད་སྟབས། བོད་ཡིག་དང་དབྱིན་ཡིག་ཤེས་པ་ཙམ་གྱིས་རྒྱ་ནག་གི་གནས་སྟངས་ཆ་ཚང་ཤེས་རྟོཊ་ཐུབ་དཀའ་བ་སོགས་ལ་གཟིཊ་ཏེ། སྔོན་མའི་བདེ་སྲུང་ཉམས་ཞིབ་ཁང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་མིང་བསྒྱུར་བྱས་ཐོག ལས་འཆར་དེའི་ཐད་སྲིད་བྱུས་ཉམས་ཞིབ་ཁང་དང་ཕྱི་དྲིལ། བཀའ་དྲུང་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་ཚོས་གྲོས་བསྡུར་བརྒྱུད་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་གསལ་བསྒྲཊ་གནང་བ་ཞིག་དང་། ཁོང་སྒེར་ངོས་ནས་མ་འོངས་པར་གཞུང་ཞབས་ཁོངས་སུ་རྒྱ་ཡིག་ཚད་ལྡན་ཤེས་མཁན་གང་མང་ཡོང་ཐུབ་པའི་རེ་བ་ཡོད་ཚུལ་གསུངས་སོང་།

            བོད་མིའི་སྒྲིག་འཛུཊ་ནང་རྒྱ་ཡིག་གཞུང་ཞབས་ལས་བྱེད་བསྡུ་རུབ་གནང་བཞིན་པའི་ཐད། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོཊ་པའི་ཚོཊ་གཞོན་དང་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཟུར་པ་ཀླུ་མཁར་བྱམས་ལཊ་སུ་བཅར་འདྲི་ཞུས་པར། “ང་ཚོའི་ཁ་གཏད་རྒྱ་ནག་ཆཊ་ཡོད་སྟབས་བཙན་བྱོལ་བོད་གཞུང་གི་ལས་བྱེད་ཁོངས་སུ་རྒྱ་ཡིག་ཤེས་མཁན་བསྡུ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒྱ་ཡིག་དང་འབྲེལ་བའི་དྲ་རྒྱ་དང་དྲིལ་བསྒྲཊ་སྐོར་ལ་འདོད་པ་ཁེངས་པ་ཞིག་རྩ་བ་ནས་བྱུང་ཡོད་པ་མ་རེད། ལོ་ ༢༠ གོང་གཞུང་ཞབས་ཁོངས་སུ་རྒྱ་ཡིག་ལས་བྱེད་ཁག་ཅིག་བླངས་བ་རེད། དེའི་རྗེས་གཞུང་ཞབས་ཁོངས་ལས་བྱེད་རྩ་བ་ནས་བླངས་ཡོད་པ་མ་རེད། དེའི་རྒྱུ་མཚན་སྤྱི་ཚོཊ་ནང་རྒྱ་ཡིག་ལ་དགོས་མཁོ་མེད་སོང་བ་མ་རེད། གཞུང་ཞབས་སྔོན་མ་ཚོས་བོད་གཞུང་ལ་རྒྱ་ཡིག་གལ་ཆེན་པོ་མིན་ཚུལ་བཤད་དེ། རྗེས་མ་ཡོང་མཁན་ཚོ་ཆོད་གན་དང་ཉིན་གླའི་ངོ་བོར་མ་གཏོཊ་གཞུང་གི་ལས་བྱེད་ངོ་མ་ཆཊ་རྒྱུར་འགོག་རྐྱེན་བཟོས་པ་རེད། བོད་ཀྱི་འཐབ་རྩོད་ཁྲོད་རྒྱ་ཡིག་དང་བོད་ཡིག་གལ་གནད་ཆེན་པོ་ཆཊ་ཡོད་ཀྱང་བོད་གཞུང་གིས་སྐད་ཡིག་དེ་གཉིས་ཐོག་ལས་ཀ་བྱེད་མཁན་ཚོར་མཐོང་དང་ཆ་འཇོག ཐོབ་ཐང་སོཊ་ལས་བྱེད་སྤྱི་མཚུངས་ལྟར་མ་སྤྲད་པར། ད་བར་བོད་ནས་ཕེབས་མཁན་ལས་བྱེད་མང་པོ་ཞིག་གཡོག་ལས་ཀྱི་ངོ་བོའི་ཐོག་གནས་བསྡད་པ་ཞིག་རེད། ད་ཆར་གནས་བབ་ཀྱི་ཆ་ནས་བོད་གཞུང་གི་ལས་བྱེད་ནང་རྒྱ་ཡིག་ཤེས་མཁན་ཙམ་མིན་པར་བོད་ཡིག་ཡག་པོ་ཡོད་མཁན་གྱི་གཞུང་ཞབས་བསྡུ་རྒྱུའི་དུས་ལ་བབ་ཡོད། སྔོན་མ་ཡིན་ན། བཙན་བྱོལ་བོད་གཞུང་གི་དམིཊ་ཡུལ་གཙོ་བོ་བོད་ནང་ཡོང་མཁན་ཚོར་ལས་ཀ་སྤྲོད་རྒྱུ་གལ་ཆེན་པོར་མ་མཐོང་བར། བཙན་བྱོལ་སྤྱི་ཚོཊ་ནང་སློབ་མཐར་ཕྱིན་མཁན་དེ་ཚོར་འགྲོ་ས་སྡོད་ས་བཙལ་རྒྱུ་དེ་གཙོ་བོར་བཟུང་བ་རེད། དེང་སྐབས་བཙན་བྱོལ་སྤྱི་ཚོཊ་ནང་སློབ་མཐར་ཕྱིན་པའི་སློབ་མ་དྲག་ཤོས་ཚོ་རང་མགོ་ཐོན་ཏེ་ཕྱི་རྒྱལ་དུ་ཕྱིན་ཏེ་གཞུང་ལ་དཀའ་ངལ་ཞིག་འཕྲད་དེ། བོད་ནས་ཡོང་མཁན་ཚོར་གཞུང་ཞབས་ཁོངས་ལས་ཀའི་གོ་སྐབས་ཕྲན་བུ་རག་གི་ཡོད”ཅེས་བརྗོད།

            ད་ཆར་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་ཁྱབ་ཁོངས་འོག་གནས་རིམ་འདྲ་མིན་ཐོག་ལས་བྱེད་ ༡༠༠༠ ལྷག་ཡོད་ཅིང་། དེའི་ནང་རྒྱ་ཡིག་ལས་ཀ་བྱེད་མཁན་ལས་བྱེད་ ༡༠ ཙམ་ཡོད་འདུག འདི་ནི་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་ལོ་ངོ་ ༢༠ རྗེས་སུ་ཡོངས་ཁྱབ་ཐོག་རྒྱ་ཡིག་ཤེས་མཁན་གཞུང་ཞབས་ནང་བསྡུས་པ་ཐོག་མ་དེ་ཆགས་ཡོད།

གསར་འགོད་པ། དཔལ་ལྡན།

བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 2

  1. གནས་ཚང་། says:
    ལོ་ 14 སྔོན།

    ཀླུ་མཁར་བྱམས་ལགས་ཀྱིས་གསུང་བ་ནི་དྲང་མོ་དྲང་བཞག་རེད་ལ། འདི་ལྟར་ཁ་གསལ་བོ་གསུང་ཐུབ་མཁན་གཅིག་བྱུང་བའང་བོད་ཀྱི་བསོད་ནམས་རེད།

    Reply
  2. ཤག་སྒང་པ། says:
    ལོ་ 14 སྔོན།

    ཆུ་སྦྲུལ་ལོར་ང་ཚོའི་ཆིག་བསྒྲིལ་གྱི་ནུས་པ་འཐོར་བཤིགས་སུ་འགྲོ་བའི་ཀླུ་མཁར་བྱམས་ཀྱི་ལེགས་སྐྱེས་དང་པོའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese