མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་སྦྲུལ་ལོའི་ངྷ་རམ་ས་ལའི་ལོ་གསར་དང་ཟས་བཅད་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༣/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

ད་ནངས་བཞུཊ་སྒར་ངྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་བོད་གཞུང་དམངས་གཉིས་ཐུན་མོང་གིས་ཆོས་ཕྱོཊ་ཁོ་ནས་བོད་ཆུ་སྦྲུལ་ལོའི་ལོ་གསར་སྲུང་གཙི་གནང་སོང་ལ། དེ་དང་མཉམ་དུ་ས་རཱ་མཐོ་སློབ་ཀྱི་སློབ་ཕྲུག་ཚོས་གཙུག་ལག་ཁང་གི་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་དུ་ཟས་བཅད་ལས་འགུལ་ཞིག་ཀྱང་སྤེལ་སོང་།  

དེ་རིང་ཕྱི་ཚེས་ ༡༡ ཉིན་ནི་བོད་ཆུ་སྤྲུལ་ལོའི་ལོ་གསར་ཚེས་གཅིག་ཉིན་མོར་ཁེལ་ཡོད་པ་ལྟར། ད་ནངས་ཞོགས་པའི་ཆུ་ཚོད་ ༧ པའི་སྟེང་བཞུཊ་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ། རྣམ་རྒྱལ་གྲྭ་ཚང་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུཊ་ཐོག་གྲྭ་ཚང་དགེ་འདུན་པ་རྣམ་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་གཙོས་ཁྲིམས་ཞིབ་པ་གཞན་གཉིས་དང་། སྤྱི་འཐུས་ལྷན་ཚོཊ་ཀྱི་ཚོཊ་གཙོ་སྤེན་པ་ཚེ་རིང་མཆོག་དང་ཚོཊ་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་རྣམ་གཉིས་གཙོས་སྤྱི་འཐུས་རྒྱུན་ལས་དང་། དབུས་བོད་མིའི་སྒྲིག་འཛུཊ་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་དང་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་རྣམ་གཉིས་གཙོས་ལྷན་ཁང་གི་དྲུང་ཆེ་ཁག་ཅིག་དང་། གཞུང་ཞབས་སྲི་ཞུ་ལས་བྱེད་ཁག་ཅིག་བཅས་ལྷན་འཛོམས་ཐོག་དཔལ་ལྡན་ལྷ་མོའི་ལོ་གསར་ཚེ་གཏོར་ཚོཊ་སོང་།

དེ་བཞིན། ཚེ་གཏོར་གྱི་ཆོ་ག་ཁག་ལེཊ་པར་གྲུབ་སྟེ་ཆུ་ཚོད་༨།༣༠ སྟེང་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུ་བཞུཊ་ཐོག་བོད་མིའི་སྒྲིག་འཛུཊ་ཀྱི་སྲི་ཞུ་ལས་བྱེད་རྣམས་དང་། བཞུཊ་སྒར་ངྷ་ས་ཁུལ་གྱི་སེར་སྐྱ་མང་ཚོཊ་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འདུ་འཛོམས་ཐོག་ལོ་གསར་ཚེས་གཅིག་གི་གཞུང་འབྲེལ་མཛད་སྒོ་ཚོཊ་ཡོད་ཅིང་། མཛད་སྒོའི་ཐོག་མར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་དང་སྤྱི་འཐུས་ཚོཊ་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཀྱིས། ༸གོང་ས་མཆོག་གི་བཞུཊ་ཁྲི་རིན་པོ་ཆེར་མནྜལ་རྟེན་གསུམ་འདེཊ་འབུལ་དང་འབྲེལ། གདན་ས་ཁག་ནས་ཕེབས་པའི་དགེ་བཤེས་ལྷ་རམས་པ་གཉིས་ཀྱིས་ ཚོཊ་གླེང་དམ་བཅའ་ཕུལ་ཏེ་དེ་རིང་གི་གཞུང་འབྲེལ་མཛད་སྒོ་མཇུག་གྲུབ་པར་བྱས་ཡོད་ཅིང་། མཛད་སྒོའི་སྟེང་བཀའ་སྤྱི་གཉིས་ཀྱིས་དུས་དྲན་དང་འབྲེལ་བའི་དམིཊ་བསལ་གཏམ་བཤད་དང་དགའ་སྟོན་གླུ་གཞས་སོཊ་གང་ཡང་གོ་སྒྲིག་ཞུས་མེད་པ་མ་ཟད། ལོ་གསར་སྐབས་༸གོང་ས་མཆོག་ཀྱང་ཕོ་བྲང་དུ་སྐུ་མཚམས་སུ་བཞུགས་ཡོད་འདུག

གསར་འགོད་པས་བོད་མིའི་སྒྲིག་འཛུཊ་ཕྱི་དྲིལ་ཚན་པའི་གསར་འགོད་འབྲེལ་མཐུད་པ་བློ་བཟང་ཆོས་གྲཊ་ལཊ་སུ་སྲིད་སྐྱོང་མཆོག་ལོ་གསར་སྐབས་གང་དུ་བཞུཊ་ཡོད་མེད་སྐོར་དྲིས་པར་ཁོང་གིས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོས་ཕྱག་རོཊ་བཀའ་བློན་ཁག་ཅིག་ཕྱི་རྒྱལ་དུ་གུང་གསེང་ལ་ཕེབས་ཡོད་སྐོར་བརྗོད་སོང་།

གཞན། ས་རཱ་མཐོ་སློབ་ཀྱི་དང་བླངས་སློབ་ཕྲུག་ཁག་ཅིག་གི་གོ་སྒྲིག་འོག དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཙམ་ལ་གཙུག་ལག་ཁང་གི་དཔའ་བོའི་དྲན་རྟེན་རྡོ་རིང་མདུན་ཐང་དུ། མཐོ་སློབ་ཀྱི་སློབ་ཕྲུག་ ༤༠ ཙམ་གྱིས་བོད་ནང་རང་ལུས་མེར་བསྲེཊ་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུས་ཡུན་ཆུ་ཚོད་ ༢༤ རིང་གི་ཟས་བཅད་ལས་འགུལ་ཞིག་མགོ་འཛུཊ་གནང་ཡོད་པར་མ་ཟད། སྐབས་དེར་ལས་འགུལ་ནང་ཞུཊ་མཁན་ཁག་ཅིག་གིས་རང་གིས་ཟུངས་ཁྲག་བཏོན་ཏེ་མཚན་རྟཊ་བསྡུ་རུབ་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་སོང་།

དེའི་ཐད་ལས་འགུལ་སྣེ་ཁྲིད་མཁན་ས་རཱ་མཐོ་སློབ་སློབ་ཕྲུག་གྲྭ་འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི་ཕྱི་ལོ་ ༢༠༡༢ ལོར་ཁམས་བྲག་མགོ་དང་གསེར་རྟ་ཁུལ་དུ་རྒྱ་གཞུང་གིས་བོད་མི་བཅུ་གྲངས་ཤིག་དམར་གསོད་བཏང་བ་དང་། ལྷག་པར་དུ་ལོ་དེར་བོད་མི་ ༨༣ ཙམ་གྱིས་རང་ལུས་མེར་བསྲེཊ་བཏང་ཡོད་པ། ཨ་མདོ་རེབ་གོང་དང་ཆབ་ཆ་ཁུལ་དུ་སློབ་ཕྲུག་སྟོང་ཕྲག་མང་པོས་རྒྱ་གཞུང་ལ་སྐད་ཡིག་རང་དབང་དང་མི་རིཊ་འདྲ་མཉམ། ༸གོང་ས་མཆོག་བོད་ལ་གདན་ཞུ་དགོས་པའི་ངོ་རྒོལ་བྱས་ཏེ་སློབ་ཕྲུག་མང་པོར་གཅར་རྡུང་དང་ཁག་ཅིག་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ། རང་ལུས་མེར་བསྲེཊ་གཏོང་མཁན་ཚོར་འབྲེལ་བ་ཡོད་མཁན་དག་གང་བྱུང་འཛིན་བཟུང་དང་རང་སྲེག་གཏོང་མཁན་ཚོའི་སྐུ་ཕུང་ལ་བདག་པོ་རྒྱག་མཁན་ཚོར་ཉེས་འགལ་གྱིས་ཁྲིམས་ཐག་གཅོད་བཞིན་པ་བཅས་ཀྱིས། བོད་ནང་གི་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་ནི་ཟླ་བ་རེ་ཟུང་དང་ཉི་མ་རེ་ཟུང་གི་དཀའ་ངལ་ཙམ་མིན་པར། ཉིན་མཚན་དུས་དྲུག་ཏུ་འཕྲད་བཞིན་པའི་དཀའ་ངལ་ཞིག་ཆགས་ཡོད་སྟབས། ང་ཚོས་ཟས་བཅད་ཀྱི་ལམ་ནས་བོད་ནང་གི་བོད་མི་ཚོའི་དཀའ་ངལ་ལ་གདུང་སེམས་མཉམ་སྐྱེད་བྱས་པ་ཞིག་དང་། རྒྱ་གཞུང་གིས་དྲང་བདེན་མིན་པའི་ཁྲིམས་ཆད་དག་ལ་ངོ་རྒོལ་བྱས་པ་ཞིག་ཡིན་ཚུལ་བརྗོད་སོང་།

དེ་བཞིན། སང་ཉིན་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་ཟས་བཅད་ལས་འགུལ་བ་ཚོས་ངྷ་ས་མེག་གྷན་ཁྲོམ་གཞུང་དུ། ཉེ་ཆར་རྒྱ་གཞུང་གིས་མདོ་སྨད་རྔ་པ་དང་བླ་བྲང་། རེབ་གོང་བཅས་སུ་བོད་མི་སྐོར་ཞིག་ལ་ཉེས་མེད་ཉེས་འཛུཊ་ཀྱིས་བཙོན་འཇུག་ཁྲིམས་ཐག་བཅད་པར་པུར་སྒམ་འཁུར་ཏེ་ངོ་རྒོལ་ཁྲོམ་སྐོར་བྱ་རྒྱུ་དང་དགོང་མོར་མེག་གྷན་དུ་མར་མེ་ཁྲོམ་སྐོར་ཞིག་ཀྱང་གནང་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༣ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༥ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 1

  1. མི་བུ། says:
    ལོ་ 13 སྔོན།

    རང་ཉིད་ལ་མཚོན་ན་ལས་འགུལ་ཁྲོད་མཉམ་ཞུགས་
    མ་ཐུབ་ཀྱང་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་ཞུ་
    བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese