མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་གཞུང་རང་གི་རྩ་ཁྲིམས་དང་ཉེས་ཁྲིམས་ཀྱི་དགོངས་དོན་དང་འགལ་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་མི་དམངས་ཞིབ་དཔྱོད་ཁང་། དབུས་ཉེན་རྟོག་སྡེ་ཁག་གསུམ་གྱི་ཡིག་ཆ་འཕྱར་ཏེ་བོད་ནང་གི་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་ནང་མི་ཉེ་འབྲེལ་ལ་ཁྲིམས་ཐག་གཅོད་ཀྱིན་པ་དེ་ནི་ཁྲིམས་འགལ་རེད་ཟེར།

ས་བྱི་ཞི་རྒོལ་ཆེན་མོར་རྒྱ་གཞུང་གིས་དྲག་གནོན་དམར་གསོད་བྱས་རྗེས།  ༢༠༠༩ ལོར་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་ཞི་བའི་ངོ་རྒོལ་བྱས་པ་ནས་བཟུང་། ད་ལྟའི་བར་བོད་ནང་སྔ་ཕྱིར་རང་སྲེག་ངོ་རྒོལ་གནང་མཁན་  ༩༩ བྱུང་ཡོད་ལ། དེ་བཞིན།  བོད་མི་སྐྱ་སེར་མང་ཚོགས་ཀྱིས་བོད་མི་རིགས་ཀྱི་གོམས་སྲོལ་ལྟར། ཁོང་ཚོའི་སྐུ་ཕུང་ཞུགས་འབུལ་དང་བསྔོ་སྨོན་མཆོད་འབུལ། ནང་མིར་དངུལ་གྱི་ཞལ་འདེབས་སོགས་ཕུལ་ཏེ་གདུང་སེམས་མཉམ་སྐྱེད་གནང་སྟབས། ཉེ་ཆར་རྒྱ་གཞུང་དབུས་ཁྲིམས་ཞིབ་ཁང་དང་ཞིབ་དཔྱོད་ཁང་། དབུས་ཉེན་རྟོག་སྡེ་ཁག་གསུམ་ཐུན་མོང་ཐོག་བོད་མི་མེར་བསྲེགས་གཏོང་མཁན་ཚོའི་ནང་མི་ཉེ་འབྲེལ་དང་། དེ་ལ་འབྲེལ་བ་འཛུགས་མཁན་ཡོངས་ལ་ཁྲིམས་གཅོད་བྱེད་དགོས་པའི་ཡིག་ཆ་ཞིག་བཀྲམས་རྗེས། དུས་ཐུང་ནང་བོད་མི་མང་པོ་འཇུ་བཟུང་བཙན་ཁྲིད་ཀྱིས་སྲོག་ཁྲིམས་ལ་སོགས་གཅོད་མགོ་བརྩམས་ཡོད་པ་རེད།

རྒྱ་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་མི་དམངས་ཞིབ་དཔྱོད་ཁང་། དབུས་ཉེན་རྟོག་སྡེ་ཁག་གསུམ་གྱི་ཡིག་ཆ་དེ་ནི་རྒྱ་གཞུང་རང་གི་རྩ་ཁྲིམས་དང་མཐུན་གྱི་ཡོད་མེད་ཐད། བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། “ཡིག་ཆ་བོད་མི་ཚོར་རྡུང་རྡེག་ཁྲིམས་གཅོད་གཏོང་ཐབས་ལ་ཁ་གཡར་ས་ཞིག་རེད། རྒྱ་གཞུང་རང་གི་རྩ་ཁྲིམས་ཀྱི་ངོ་བོ་དང་ཉེས་ཁྲིམས་ཀྱི་དགོངས་དོན་དང་རྩ་བ་ནས་མཐུན་གྱི་ཡོད་པ་མ་རེད། བོད་ཀྱི་ས་ཁུལ་མང་པོ་ཞིག་གི་ནང་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་ཕུང་པོ་ཞུགས་འབུལ་བྱེད་པ་དང་། མྱ་ངན་ཞུ་བ། ནང་མིར་ཞལ་འདེབས་སྤྲོད་པ་སོགས་ཀྱི་གནས་ཚུལ་ཐད།  ས་གནས་རྒྱ་གཞུང་གིས་ག་རེ་བྱེད་དགོས་མིན་མ་ཤེས་པ་ཆགས་ཏེ། དབུས་གཞུང་གིས་ཆེད་དུ་བོད་མི་ཚོར་དམིགས་ཏེ་ཁྲིམས་གཅོད་བཙོན་འཇུག་བྱེད་ཆོག་པའི་ཡིག་ཆ་དེ་བཀྲམས་ཡོང་དུས། དེ་ལག་ཆར་བཟུང་སྟེ་བདེན་དཔང་གང་ཡང་མེད་པའི་ཐོག་ནས།  མིའི་ཀུན་སློང་ལ་སྐྱོན་འཛུགས་ཀྱིས་འཇུ་བཟུང་ཁྲིམས་གཅོད་བྱེད་བཞིན་ཡོད་པ་རེད།  མ་གཞི་ཁྲིམས་ནི་ཀུན་སློང་གི་ངོ་བོའི་ཐོག་ནས་འགྲོ་ས་མེད་པར། མི་གསོད་མཁན་ཡིན་ན་མི་བསད་པའི་དཔང་རྟགས་ཐོག་ནས་ཐག་གཅོད་བྱེད་དགོས་ཀྱི་ཡོད” ཅེས་རྩ་བའི་རྒྱ་ནག་གཞུང་ནི་ཁྲིམས་ཀྱི་ངོ་བའི་ཐོག་འགྲོ་གི་མེད་པར། གཞུང་གི་བཀའ་རྒྱ་དང་བཀོད་བྱུས་ཀྱི་ཐོག་འགྲོ་བསྡད་པ་གསལ་བོ་ཆགས་ཡོད་སྐོར་བརྗོད་སོང་།

ཉེ་ཆར་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་ནང་མི་ཉེ་འབྲེལ་དང་། ངོ་ཤེས་གྲོགས་པོ་མང་པོ་འཇུ་བཟུང་ཁྲིམས་ཐག་གཅོད་བཞིན་པའི་བརྒྱུད་རིམ་དེ་ཁྲིམས་མཐུན་ཡིན་མིན་སྐོར་ལ། “ རྒྱ་གཞུང་གིས་མི་ག་ཚོད་བཟུང་ཡོད་ཚུལ་དང་མི་མང་པོ་ཞིག་བརྩད་ཆོད་ཡོད་ལུགས་ཁྱབ་བསྒྲགས་བྱས་རྗེས། ལམ་སང་ཁྲིམས་ཁང་ནས་ཁྲིམས་ཐག་གཅོད་བཞིན་པའི་ཐོག་ནས། ངས་ག་རེ་མཐོང་གི་འདུག་ཟེར་ན།  དང་པོ།  དོགས་གཞི་ཅན་གྱི་ངོ་བོར་སྡོད་མཁན་གྱི་མི་གང་ཞིག་ལ་ཁྲིམས་ཁང་གིས་ཐག་མ་བཅད་གོང་ནས། དེ་ཅིག་བྱེད་མཁན་རེད་ཅེས་ཁྲིམས་ནང་བཤད་ཆོག་གི་མ་རེད། ཡིན་ནའང་། བོད་ནང་གི་བོད་མི་ཚོར་རང་ལུས་མེར་བསྲེགས་ལ་བརྒྱུད་སྐུལ་བྱེད་མཁན་ཡིན་ཚུལ་བསྒྲགས་ཏེ་མི་མང་པོ་འཛིན་བཟུང་བྱེད་ཀྱིན་འདུག དེ་ཁྲིམས་ཐོག་ནས་དྲང་བདེན་ཆགས་ཡོད་པ་མ་རེད། གཉིས་པ།  ཁྲིམས་ཐག་གཅོད་པའི་སྐབས་སུའང་ཁྲིམས་རྩོད་པ་གླ་རྒྱུའི་ཐོབ་ཐང་སྤྲོད་ཀྱིན་ཡོད་པ་མ་རེད།” ཟེར།  

ཡང་ཁོང་གིས།  “རྒྱ་གཞུང་གིས་ཟླ་བ་མང་པོའི་རིང་འཇུ་བཟུང་བཀག་འགོག་སྐབས་བོད་མི་དེ་དག་གིས་ངོས་ལེན་བྱས་ཡོད་ཚུལ་ལབ་ཀྱི་ཡོད་ཀྱང་།  མནར་གཅོད་རྡུང་རྡེག་འོག་བཙན་གྱིས་ངོས་ལེན་བྱེད་འཇུག་གི་ཡོད་པ་ལས།  རང་མོས་ཐོག་ངོས་ལེན་བྱས་ཡོད་པའི་དཔང་རྟགས་གང་ཡང་སྟོན་རྒྱུ་མེད་པ་ཆགས་ཡོད། གལ་སྲིད་རང་ངོས་ནས་ནག་ཉེས་ངོས་ལེན་བྱས་པའི་དཔང་རྟགས་སྟོན་རྒྱུ་ཡོད་ན།  རྒྱལ་སྤྱིའི་རང་དབང་ལྡན་པའི་གསར་འགོད་པ་ཡོང་བཅུག་སྟེ་ཞིབ་འཇུག་བྱེད་འཇུག་དགོས་པ་རེད། ཡིན་ནའང་། རྒྱ་གཞུང་གིས་གསར་འགོད་པ་ཡོང་འཇུག་ཕོད་ཀྱི་མེད་པ་དེ་ནི།  ཁོ་ཚོའི་ངོས་ནས་བཀབ་དགོས་པ་དང་གསང་དགོས་པ་ཞིག་ཡོད་པ་མངོན་ཡོད་སྟབས། བོད་མི་ཚོས་རང་སྟེང་ནས་ངོས་ལེན་བྱས་ཡོད་ཚུལ་ལབ་ཀྱིན་པ་ནི་རྫུན་གཏམ་ཉག་གཅིག་ཡིན་པ་གསལ་བོ་རེད།” ཅེས་བརྗོད་སོང་།  

རྒྱ་ནང་དུའང་ཁང་ཁྱིམ་བཙན་འཕྲོག་སོགས་ཀྱི་རྐྱེན་པས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་བསྲེགས་གཏོང་མཁན་ཁག་ཅིག་བྱུང་ཡོད་ཀྱང་། རྒྱ་གཞུང་གིས་དེ་དག་ལ་གཞན་གྱིས་བརྒྱུད་སྐུལ་བྱས་པའི་ཉེས་འཛུགས་བྱས་ཏེ། ནང་མི་ཉེ་འབྲེལ་འཛིན་བཟུང་ཁྲིམས་གཅོད་བྱེད་ཀྱི་མེད་པའི་ཐད། སྐལ་བཟང་རྒྱལ་མཚན་ལགས་ཀྱིས།  “རྩ་བའི་རྒྱ་ནག་ནང་ལོགས་སུ་བྱུང་བའི་རང་ལུས་མེར་བསྲེགས་དང་། བོད་ནང་གི་རང་ལུས་མེར་བསྲེགས་གཉིས་ཀྱི་ངོ་བོ་རྦད་དེ་ཁ་ཁ་རེད། ད་ལྟའི་རྒྱ་ནག་གི་བྱེད་སྟངས་ཐོག་ནས་ཀྱང་བོད་ནང་རང་ལུས་མེར་བསྲེགས་བྱུང་བཞིན་པ་དེ་ནི། ཆབ་སྲིད་ཀྱི་གནས་སྟངས་ཛ་དྲག་ཅིག་གི་འོག་ཡོང་བཞིན་པའི་བརྡ་ལན་གསལ་བོ་བྱུང་ཡོད་པ་རེད།  རྒྱ་ནག་ནང་ལོགས་ཀྱི་རང་བསྲེགས་གཏོང་མཁན་དེ་ཚོའི་ནང་མི་སྤུན་མཆེད་འཇུ་བཟུང་བྱེད་ཀྱི་མེད་ལ། རང་བསྲེགས་བྱུང་རྗེས་ས་གནས་ས་ཐོག་གི་གནས་སྟངས་ལ་དཔག་སྟེ་མཐོང་ཆེན་བྱས་ཏེ། གནས་ཚུལ་མར་འཇགས་པའི་ཆེད་དུ་གཞུང་གི་དཔོན་པོ་རེ་ཟུང་གོ་གནས་ནས་མར་ཕབ་པ་སོགས་བྱས་ཏེ། གནས་ཚུལ་ཐག་གཅོད་ཀྱི་ཐབས་ཤེས་བྱེད་ཀྱི་ཡོད་རེད། ཡིན་ནའང་། བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་ཚོ་ནི་ཏཱ་ལའི་ཁ་བྲལ་རིང་ལུགས་དང་། ཕྱིའི་དགྲ་འཛིན་སྟོབས་ཤུགས་ཀྱིས་བརྒྱུད་སྐུལ་ལ་བརྩིས་ཏེ།  ས་གནས་དཔོན་རིགས་དང་གཞུང་ལ་འགན་རྩ་བ་ནས་མེད་པར་ཕྱི་ལ་གཡོགས་ཐབས་དང་། གནས་ཚུལ་ཆེ་རུ་བཟོས་ཏེ་ཁོ་ཚོའི་ནང་མི་སྤུན་མཆེད་བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས། བོད་དང་རྒྱ་མི་རིགས་གཉིས་ཐོག་བྱེད་སྟངས་རྦད་དེ་ཁ་ཁ་ཆགས་ཡོད། དེ་ལྟར་བོད་རྒྱ་མི་རིགས་གཉིས་ཐོག་སྲིད་ཇུས་མ་འདྲ་བ་གཉིས་ལག་བསྟར་བྱེད་ཀྱིན་པ་དེས། ཁྲིམས་ཀྱི་མདུན་ནས་མི་རིགས་དབྱེ་འབྱེད་བྱེད་བཞིན་པ་དེ་གསལ་བོ་རེད།”ཅེས་བརྗོད་སོང་།

གསར་འགོད་པ། ཚེ་རིང་རྒྱལ།

བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist