མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཞུགས་སྒར་དུ་སྐད་འབོད་ཁྲོམ་སྐོར།

བོད་ཀྱི་དུས་བབ།
༢༠༡༣/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་སྤེན་པའི་ཕྱི་དྲོ་བཞུགས་སྒར་ངྷ་རམ་ས་ལར་བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་སྐད་འབོད་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་།  

དེ་རིང་ཕྱི་ཚེས་ ༡༦ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤།༠༠ བའི་ཐོག ངྷ་ས་ས་གནས་གཞོན་ནུའི་གོ་སྒྲིག་འོག བཞུགས་སྒར་ངྷ་རམ་ས་ལའི་སེར་སྐྱ་མི་མང་ ༥༠ མ་ཟིན་ཙམ་གྱིས། མེག་ལོར་ཁྲོམ་གཞུང་དུ་སྐད་འབོད་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་ལ། དེ་ནི། ཕྱི་ལོ་ ༢༠༠༩ ལོ་ནས་ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༢ བའི་ཚེས་ ༡༣ བར་བོད་ནང་གི་བོད་མི་ཚོས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་ནག་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ། བོད་མི་  ༡༠༡ ལོན་པའི་སྐབས་དང་སྟབས་བསྟུན་ཏེ་སྤེལ་བ་ཞིག་ཡིན་འདུག

ལས་འགུལ་སྐབས་ངྷ་ས་ས་གནས་གཞོན་ནུའི་ཚོགས་མི་བཀྲ་ཤིས་ལམ་བཟང་ལགས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྣམ་རྒྱལ་ལགས་ཀྱིས་རང་ལུས་མེར་བསྲེཊ་དང་། ཕྱི་ཚེས་ ༡༣ ཉིན་རྒྱལ་གཅེས་དཔའ་བོ་སྒྲུབ་ཚེ་དང་རྒྱལ་གཅེས་དཔའ་བོ་འབྲུག་པ་མཁར་བཅས་ཀྱིས་སྔ་ཕྱིར་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ། རྒྱལ་གཅེས་དཔའ་བོ་འབྲུག་པ་མཁར་ལགས་ནི་བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་ ༡༠༡ པ་དང་།  རྒྱལ་གཅེས་དཔའ་བོ་སྒྲུབ་ཚེ་ལགས་ནི་བཙན་བྱོལ་ནང་རང་ལུས་མེར་བསྲེཊ་གནང་མཁན་  ༣ པ་ཆགས་ཡོད་པ་མ་ཟད། ཁོང་གཉིས་ཀྱི་རང་ལུས་མེར་བསྲེཊ་གནང་བའི་དུས་ཚེ་དེ་ ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་གྱི་གསལ་བསྒྲགས་སྤེལ་ནས་ལོ་ཧྲིལ་བོ་ ༡༠༠ འཁོར་བའི་དུས་ཚེས་དང་ཏག་ཏག་ཁེལ་ཡོད། ཅེས་བཀོད་ཡོད་པ་དང་།

ཡང་བསྒྲགས་གཏམ་དེའི་ནང་། རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་དང་། གསོད་རྡུང་འཇུ་གསུམ་སོགས་མི་སྤྱོད་ལས་འདས་པའི་དམ་དྲག་དང་མནར་གཅོད་ཇི་ལྟར་བྱས་ཀྱང་། གཞིས་བཞུགས་སྤུན་ཟླ་ཚོས་འཇིགས་ཞུམ་སྤུ་ཙམ་མེད་པར་སྔར་ལས་ལྷག་པའི་མཐུན་སྒྲིལ་དང་ལར་ཞེན་ཆེན་པོས་བོད་རྒྱལ་ཁབ་དང་མི་རིཊ་ཀྱི་ཆེད་དུ་གཅིག་རྗེས་གཉིས་མཐུད་ཀྱིས་ལུས་སྲོག་མཆོད་མེར་ཕུལ་ནས། རྒྱ་གཞུང་ལ་ངོ་རྒོལ་གནང་བའི་སྙིང་སྟོབས་འདི་ནི་འཛམ་གླིང་ལོ་རྒྱུས་ནང་བྱུང་མ་མྱོང་བའི་མི་རིཊ་ཞིག་གི་སྙིང་སྟོབས་མཚོན་པ་མ་ཟད། མི་རིགས་དང་རྒྱལ་ཁབ་ཀྱི་འཐབ་རྩོད་ནང་དགྲ་བོའི་བཙན་གནོན་ཇི་ལྟ་ཆེ་ནའང་། འཚེ་བ་མེད་པའི་ལས་འགུལ་གྱི་རྒྱ་ལས་མ་འགལ་བར་འབྱུང་འགྱུར་གྱི་འཛམ་གླིང་ལོ་རྒྱུས་ནང་དཔེ་མཚོན་དུ་འདྲེན་འོས་པའི་འཚེ་མེད་ཞི་བའི་ལས་འགུལ་ཚད་མཐོ་ཤོས་ཞིག་ཆགས་ཡོད་སྟབས།  ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་རྩམ་ཟན་ཡོངས་ནས་གནས་སྐབས་ཀྱི་ཚ་གྲང་གི་དཀའ་ངལ་དང་། གནས་སྐབས་ཀྱི་འཚོ་བའི་དཀའ་ངལ་ཙམ་ལ་མགོ་འཁོར་ནས་མ་བསྡད་པར། མི་རིགས་དང་རང་དབང་འཐབ་རྩོད་ཀྱི་འགན་འཁུར་ཕྲག་ཏུ་བླངས་ནས་གཤིན་པོའི་ཁ་ཆེམས་དང་གསོན་པོའི་རེ་འདོད་སྟེ། བོད་རང་བཙན་སླར་གསོ་དང་༸གོང་ས་མཆོག་གང་མགྱོགས་ཕ་ཡུལ་གངས་ཅན་ལྗོངས་ལ་གདན་འདྲེན་ཞུ་ཐབས་ལ་འབད་དགོས་པ་དང་། རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་བཅས་ནས་ཀྱང་བོད་དོན་བདེན་མཐའ་སེལ་ཐབས་ལ་རྒྱབ་སྐྱོར་གནང་དགོས་པའི་དུས་ལ་བབ་ཡོད། རྒྱ་ནག་གཞུང་གིས་ཀྱང་དངོས་ཐོག་བདེན་འཚོལ་གྱིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་བསྐྱར་ཞིབ་ཀྱིས། བོད་ཀྱི་དངོས་ཡོད་དཀའ་ངལ་ཁས་ལེན་དགོས་པའི་དུས་ལ་བབ་ཡོད། ཅེས་སོགས་འཁོད་འདུག

མཇུག་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་རིག་གཞུང་འགན་འཛིན་འཇིགས་མེད་ལགས་ཀྱིས། བོད་ནང་འདི་ལོའི་ལོ་སར་ཚེས་ ༣ བར་བོད་མི་ ༡༠༠ ལྷག་གིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དང་། ལྷག་པར་དུ་༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་ཆེད་རང་ལུས་མཆོད་མེར་ཕུལ་ཏེ་བློས་གཏོང་བྱས་དང་བྱེད་བཞིན་ཡོད་སྟབས། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་དགོངས་བཞེས་དང་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད་པ་དང་། འདས་པའི་ལོ་རྒྱུས་ལ་ཕྱིར་བལྟས་བྱེད་སྐབས་ཆུ་སྦྲུལ་ལོའི་ལོ་འདི་ནི། ཆོས་སྲིད་གཉིས་ཀྱི་ཐད་ནས་གལ་ཆེན་གྱི་ལོ་ཞིག་ཆགས་ཡོད་པ་ལྟར། ལོ་འདིའི་ནང་བོད་མི་ཚོས་རང་ངོས་ནས་བོད་ཀྱི་འཐབ་རྩོད་ལ་འགན་འཁུར་ཏེ་འབད་བརྩོན་བྱ་རྒྱུ་དང་། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་གང་ཡིན་ཡང་། ཚང་མ་བོད་སྤྱི་བའི་ལས་དོན་འགྲུབ་ཐབས་ལ་འབད་པ་བྱེད་མཁན་ཡིན་སྟབས། མ་འོངས་པར་བོད་མི་ཚོ་སེམས་ཤུགས་མི་ཆགས་པར་ལས་འགུལ་ཁག་ཏུ་མཉམ་ཞུགས་ཀྱིས་༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་རྒྱུ་དང་བོད་གཞིས་བྱེས་ལྷན་འཛོམས་ཡོངས་ཐབས་ལ་འབད་བརྩོན་གནང་དགོས་པའི་འབོད་སྐུལ་སོགས་གནང་སོང་།

དེ་རིང་ངྷ་ས་ས་གནས་གཞོན་ནུས་ཆར་བ་འབབ་བཞིན་པའི་གནམ་གཤིས་ལ་མ་འཛེམ་པར་སྐད་འབོད་ཁྲོམ་སྐོར་གྱི་སྣེ་འཁྲིད་ཡོད་ཅིང་། ཕྱི་ ༡༨ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་སྣེ་འཁྲིད་དེ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་ཀཱ་ཅཱ་རི་བར་སྐད་འབོད་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese