མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་དབང་གི་མེ་རོ་མདོ་ཁམས་སྨད་ནས་གསོ།

བོད་ཀྱི་དུས་བབ།
༢༠༡༣/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

 

________རང་དབང་གི་ཆེད་དུ་མེར་བསྲེགས་བརྒྱར་ལོན་པར་རྗེས་དྲན་དུ་ཕུལ།

མིག་མི་འཛུམ།

བོད་ཀྱི་ལོ་རྒྱུས་དེབ་ཐེར་མང་བོའི་ཁྲོད་སངས་རྒྱས་ཀྱི་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཞེས་བཀོད་ཡོད་པ་མང་དུ་མཐོང་མྱོང་བ་དང་། དེ་ནི་སུས་ཀྱང་བཀའ་དྲིན་དུ་མི་འདོད་པའམ་མི་འཐད་པ་མེད་པ་ནི་ཡི་གེ་ཀློག་མཁན་ ཚང་མར་གསལ་བ་ལྟར་ཡིན་ཏེ། དེང་གི་དུས་ན་ཡང་བོད་རང་དབང་གི་མེ་རོ་དེ་མདོ་ཁམས་སྨད་ནས་གསོ་བཞིན་པའང་གོང་དང་ཅིས་མི་མཚུངས། སྤྱིར་བཏང་གིས་སྟོད་སྨད་བར་གསུམ་གྱི་སྐད་ཆ་བཤད་བདེ་མེད་ཀྱང་། དོན་དངོས་ཀྱི་སྟེང་ནས་སྐད་ཆ་དེ་བཤད་པར་གནོད་པ་གང་ཡང་མེད་པར་མཐོང་སྟེ། ཉིས་སྟོང་བཅུ་གཉིས་ལོ་ནས་རྒྱ་ནག་གི་ཕྱོགས་ནས་མེར་བསྲེགས་རེ་རེའི་མཇུག་ཏུ་བཙོན་འཇུག་དང་ལོ་ཚད་བཟོ་བ། ཚེ་བཙོན་དང་སྲོག་ཁྲིམས་བཅད་པའི་གནས་ཚུལ་རེ་རེ་བཞིན་ཐོན་པ་འདིས། མདོ་ཁམས་སྨད་ན་དཀའ་ངལ་སྡུག་བསྔལ་ཅི་ཙམ་མྱོང་གི་ཡོད་པ་འུ་ཅག་གི་ཆུ་བུར་མིག་གིས་མཐོང་གིན་པས་ན། ཀློག་མཁན་སུ་ཞིག་དང་ཉན་མཁན་གང་འདྲ་ཞིག་ཡིན་ནའང་ཕྱོགས་རིས་དང་ངན་པའི་རང་བསྟོད་དུ་མི་འགྲོ་སྟབས། བདག་གིས་དེ་རིང་ཆེད་དུ་གཤེགས་ཟིན་པའི་དཔའ་བོ་དཔའ་མོ་དག་ལ་དྲན་གསོའི་ཆེད་དུ་རང་དབང་གི་མེ་རོ་མདོ་ཁམས་སྨད་ནས་གསོ་བཞིན་པའི་སྐོར་གྱི་ཁ་བརྡ་ཐུང་ཐུང་ཞིག་བྱ་བར་འདོད། 

བདག་གིས་ཤེས་གསལ་ལྟར། བོད་དབུས་ནས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བའི་ནང་སྟེ་ཕྱི་ལོ་ ༡༩༨༧ ལོ་ནས་རང་དབང་གི་འབོད་སྒྲ་འཛམ་བུ་གླིང་ལ་བསྒྲགས་ཤིང་། དེ་ཡི་ཆེད་དུ་ཕྱི་མའི་འཕྲང་རིང་འགྲིམ་པ་སོགས་རྩིས་ན་གྲངས་ཀྱིས་ག་ལ་ཟིན། བདག་གིས་རྒྱུས་ལོན་བྱས་པ་ལྟར་ན་སྐབས་དེ་དུས་ནས་བཟུང་དེ་རིང་ལ་ཐུག་གི་བར་དུ་བོད་དབུས་ཀྱི་ལྷ་སའི་གྲོང་ཁྱེར་གྱི་བྱང་ངོས་སུ་ཡོད་པའི་གྲྭ་བཞི་བཙོན་ཁང་དུ་ཆབ་སྲིད་བཙོན་པ་(ཕོ་མོ་གཉིས་ཆ་རྩིས་པའི།)བཞི་བརྒྱའི་འོག་ཏུ་ལྷུང་མ་མྱོང་བའང་རང་དབང་གི་ཆེད་དུ་ལོས་རེ་ཡིན། དེ་བས་ཀྱང་འུ་ཅག་གི་དོ་སྣང་གི་ཡུལ་དུ་མ་བྱུང་བ་ཞིག་ནི་བརྒྱད་ཅུ་གྱ་གྲངས་ནས་དེ་རིང་ལ་ཐུག་གི་བར་དུ་ལྷ་སའི་བར་སྐོར་གླིང་ནས་གྲྭ་བ་དང་བཙུན་མ། མི་སྐྱ་དབྱེར་མེད་ཀྱིས་ཕལ་ཆེར་ཟླ་བ་རེར་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་འབོད་སྒྲ་ཆད་མ་མྱོང་བར་བརྗོད་ཀྱང་མི་ཆོག་པ་ག་ལ་ཡོད། དེ་ལ་རྒྱ་གཞུང་གིས་འཇམ་རྩུབ་ཅི་རིགས་ཀྱིས་དཀའ་ངལ་རབས་དང་རིམ་པ་སྤྲད་ཡོད། 

དེའི་རྗེས་ཀྱི་ ༢༠༠༨ ལོར་བོད་ཡུལ་གང་ས་གང་ནས་ངོ་རྒོལ་སྐད་འབོད་དང་ལས་འགུལ་སྣ་ཚོགས་སྤེལ་བས། དགྲ་བོའི་དྲག་གནོན་གྱིས་བོད་ཁ་བ་ཅན་ལ་སྡུག་གི་འཁོར་ལོ་བསྐོར་ཞིང་མིག་ཆུའི་རྒྱ་མཚོ་སྐྱིལ་ཡོད། དེ་བས་ཀྱང་འབུར་དུ་ཐོན་པ་ཞིག་ལ། ཉིས་སྟོང་བརྒྱད་ཀྱི་རྗེས་ནས་བཟུང་མདོ་ཁམས་ཕྱོགས་སུ་མི་མང་དཀྱུས་མ་ནས་ཤེས་ཡོན་པའི་སྡེ་ཡི་བར་དུ་དགྲ་བོའི་མེ་མདའི་ལན་དུ་ཚིག་གི་མེ་ཏོག་གཏོར་བའི་རྒོལ་ལན་སློག་རྒྱུའི་དབུ་བརྙེས་ཤིང་། མིག་གིས་བལྟས་བལྟས་རིག་རིག་ལ་ཤེས་ཡོན་པ་ང་ཡིན་དང་རྩོམ་པ་པོ་ང་ཡིན་ཟེར་མཁན་མང་བོ་ཞིག་ཁྲི་མུན་དོང་ལ་གཡུག་པ་དང་ལོ་ཚད་སྣ་ཚོགས་བཟོས་ནས་ང་ཚོའི་ཆེད་དུ་སྡུག་བསྔལ་མྱོང་གི་ཡོད། དེ་དང་སྟབས་བསྟུན་ནས་དཔའ་བོ་བཀྲ་བྷེས་དབུ་བཙུགས་ནས་འུ་ཅག་གི་ཆེད་དུ་རང་ལུས་མེར་བསྲེགས་གཏོང་རྒྱུའི་མགོ་བཙུགས་ཏེ་ཨ་མདོ་རྔ་པའི་མཁའ་དབྱིངས་ལ་དཔའ་བོའི་རང་སྲེག་གི་དུད་སྤྲིན་གྱིས་སྤྲས་ཤིང་། དེ་ནས་མཆེད་པའི་མེ་སྟག་གི་དུམ་བུ་རེ་རེ་བླ་བྲང་དང་རེབ་གོང་བརྒྱུད་མདོ་སྨད་ཀྱི་ཡུལ་ཕྱོགས་སོ་སོར་མཆེད། (དེའི་བར་ནས་ཁམས་རྟའུ་དང་ནགས་ཆུ་སོགས་ནས་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་མཆེད་མྱོང་།) ན་ནིང་དགྲ་བོས་ཆེད་དུ་མེར་བསྲེགས་ཀྱི་རྗེས་ནས་དེའི་མཚན་གནས་རྗེས་འབྲེལ་ཚང་མ་འཛིན་བཟུང་དང་ཁྲིམས་ཆད་བཏང་བ་མ་ཟད། ཁ་ཤས་ལ་སྲོག་ཁྲིམས་ཚུན་ཆད་བཅད་ནའང་། ཉིས་སྟོང་བཅུ་གསུམ་ཚེས་མ་ཐག་ཡང་བསྐྱར་མེ་ལྕེ་མཆེད་བྱུང་བ་འདིས། འདས་པའི་དཔའ་བོ་དཔའ་མོ་དག་གི་དགོངས་གཞི་མ་འགྲུབ་བར་དུ་ད་དུང་མུ་མཐུད་ནས་ འབར་ངེས་པ་དེ་གསལ་བཤད་གནང་གི་ཡོད། 

ཡ་ཁོག་ན་སྙིང་ཡོད་པ་ཞིག་ཡིན་ཚེ་བསམ་བློ་ཐོངས་དང་། དཔའ་བོ་འདི་དག་གི་བློས་གཏོང་ཆེན་པོ་འདི་ཧ་ལས་པ་དང་ཧོན་འཐོར་བ་ཞིག་མ་རེད་དམ། དེའི་ཕྱིར་བདག་གིས་དེ་རིང་ལོ་རྒྱུས་གསེར་ཡིག་གིས་འབྲི་འོས་ཤིང་རྗེས་དྲན་གསེར་སྡོང་བཞེངས་འོས་པའི་དཔའ་བོ་དཔའ་མོ་འདི་དག་གི་བྱས་པ་ཆུད་ཟོས་སུ་མི་འགྲོ་བའི་སླད་དུ་མ་འོངས་བོད་ཀྱི་ལོ་རྒྱུས་དེབ་ཐེར་གྱི་ཁྲོད་དུ་ཇི་ལྟར་འགོད་འོས་མིན་སྐོར་ནས་བསམ་ཚུལ་ཐུང་ངུ་འདི་ཕུལ་བ་ཡིན། འདི་དག་གི་བཀའ་དྲིན་གྱིས་ད་ལྟའི་བོད་ཀྱི་གནས་བབ་འདི་རྒྱལ་སྤྱིའི་སྒང་ན་ཚད་ཇེ་མཐོར་འགྲོ་ཡི་ཡོད་པ་མ་ཚད། བོད་རང་གི་མཐུན་སྒྲིལ་དང་འཐབ་རྩོད་ཀྱི་རྣམ་པ་ལ་ཡང་ཚད་ཇེ་མཐོར་འགྲོ་ཡི་ཡོད། བདག་གི་ཚོད་དཔག་ནོར་མེད་ན། ད་དུང་བོད་ནང་གི་སྐྱེས་མཆོག་དག་གིས་རང་ཉིད་ཀྱི་ལུས་ལ་སྣུམ་བྱུགས་ནས་མེ་རུ་སྦར་ཏེ་ས་ཡ་དྲུག་གི་མངོན་འདོད་འགྲུབ་པར་རམ་འདེགས་དང་སྡུག་བསྔལ་སེལ་བར་དཀའ་ལས་རྒྱག་རྒྱུ་ཡིན་པ་གདོན་མི་ཟ་བས་ན། རང་གི་རིགས་ལ་ཞེན་པ་དཀར་བའི་རྒྱ་ཆེའི་མི་མང་གིས་དོ་སྣང་དང་གདུང་སེམས་མཉམ་སྐྱེད་གནང་བའི་རེ་བ་དང་བཅས།

ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༦ ལ་བྲིས།

འབྲེལ་ཡོད་གསར་འགྱུར།

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥

མཆན། 1

  1. གཙང་ཞོལ་བདེ་གསལ། says:
    ལོ་ 13 སྔོན།

    ཨ་ཆེན་ཁ་བ། — གཞས་ཚིག་ཏུ་བྲིས།
    སྲོང་བཙན་སྒམ་པོ་ཡི་ཆོས་འཁོར་ཟབ་མོ། ཨ་ཆེན་གྱི་ཁ་བ་དང་འགྲོགས་ཏེ། མདོ་ལ་རིང་མོའི་རི་རྒྱུད་དུ་བབས་དུས། དཀར་འཇམ་ཡུག་གཅིག་གི་ཆོས་ཀྱི་བདག་པོ་ཡིན།
    གསུང་རབ་ཀྱི་ཆོས་གཙིགས་ས་ལ་བརྡབས་པའི་དུས་ཁ་སང་། དད་བརྩོན་གྱི་ཕ་ཁྱིམ་ལ། བསྟན་རྩ་ཡི་མེ་རོ་གསོ་མཁན། མདོ་ཁམས་པ། ངའི་ཕ་ཡུལ་ལགས།

    ཁྲི་སྲོང་ལྡེ་བཙན་གྱི་བཀའ་དབང་གཉན་པོ། ཨ་ཆེན་གྱི་གངས་རྩེ་ནས་མཆེད་དེ། མདོ་ལ་རིང་མོའི་རི་རྒྱུད་དུ་བསྒྲགས་དུས། བཙན་པོའི་བློ་འགེལ་གྱི་ལྕགས་རི་བརྟན་པོ་ཡིན། ལོ་རྒྱུས་ཀྱི་ཀི་སྒྲ་རླུང་གིས་ཁུར་བའི་དུས་དེ་རིང་། གདོང་དམར་བའི་ས་ཞིང་ལ། ང་རྒྱལ་གྱི་སོན་རྩ་འདེབས་མཁན། མདོ་ཁམས་པ། ངའི་ཕ་ཡུལ་ལགས།

    མངའ་བདག་ཁྲི་རལ་གྱི་ཐུགས་རྒྱ་ཡངས་མོ། ཨ་ཆེན་གྱི་ཆར་ཆུ་ཡིས་དྲངས་ཏེ། མདོ་ལ་རིང་མོའི་རི་རྒྱུད་དུ་འཁྱིལ་དུས། མཐུན་སྒྲིལ་གཡུང་དྲུང་གི་ཕྱག་རྒྱ་དམ་པོ་ཡིན། དྲག་དམག་གི་སོ་ཁ་ཤུགས་ཀྱིས་གདེང་བའི་དུས་སང་ཉིན། ཤ་འཁོན་གྱི་གཤིན་ཐང་ལ། རྒྱལ་ཁ་ཡི་དཔའ་དར་ཕྱར་མཁན། མདོ་ཁམས་པ། ངའི་ཕ་ཡུལ་ལགས།
    ༢༠༡༢/༤/༡༣ཉིན་རྡ་རམ་ས་ལར་གཙང་ཞོལ་བདེ་གསལ་གྱིས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese