མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བླ་མ་དབུ་མཛད་ཁྲི་འདོན།

བོད་ཀྱི་དུས་བབ།
༢༠༡༣/༠༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ཉི་མའི་ཉིན་བཞུགས་སྒར་ཉེ་འཁྲིས་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཕྱོགས་ཀྱི་མཛད་སྒོ་ཞིག་ཚོགས་ཏེ། མཁན་ཟུར་བྱ་ཏོ་རིན་པོ་ཆེ་མཆོག་གྲྭ་ཚང་གི་བླ་མ་དབུ་མཛད་དུ་ཁྲི་འདོན་གནང་སོང་།

ཁ་སང་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་བཞུགས་སྒར་ཉེ་འཁྲིས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་དགོན་པའི་བླ་མ་དབུ་མཛད་ཁྲི་འདོན་གྱི་མཛད་སྒོ་ཞིག་ཚོགས་སོང་ལ། དེར་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་གཙོས། རྡ་ས་ས་གནས་མགོ་འཛིན་དང་བཞུགས་སྒར་ཉེ་མཁྲིས་དགོན་སྡེ་ཁག་དང་ཁམས་ཚན་ཁག་གི་སྐུ་ཚབ། རྒྱུད་སྟོད་གྲྭ་ཚང་གི་མཁན་པོ་དབུས་པའི་དགེ་འདུན་འདུས་མང་ཡོངས་དང་སེར་སྐྱ་མི་མང་བཅས་འདུ་འཛོམས་ཐོག  གྲྭ་ཚང་གི་མཁན་པོ་ལས་སྣེ་སོགས་ཀྱིས་སྤོས་སྣེས་གདན་དྲངས་ཏེ་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་བཞུགས་ཁྲིར་མངའ་གསོལ་དང་། ཆོས་རིག་དྲུང་ཆེ་མཆོག་དང་རྒྱུད་སྟོད་གྲྭ་ཚང་གི་ལས་སྣེ་བཅས་ཀྱིས་མནྜལ་རྟེན་གསུམ་འདེགས་འབུལ་བཅས་གནང་སྟེ། མཁན་ཟུར་བྱ་ཏོ་རིན་པོ་ཆེ་མཆོག་རྒྱུད་སྟོད་གྲྭ་ཚང་གི་དབུ་མཛད་བླ་མར་ཁྲི་འདོན་གནང་སོང་།

ཐེངས་འདིའི་ཁྲི་འདོན་མཛད་སྒོའི་ཐད་གསར་འགོད་པས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཤེས་ཡོན་དང་འཕྲོད་བསྟེན་འགན་འཛིན་གྲྭ་འཇམ་དཔལ་རྒྱ་མཚོ་ལགས་སུ་བཅར་འདྲི་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དེ་ནི་གྲྭ་ཚང་གི་ཁྲིམས་ཀྱི་བདག་པོ་ཆགས་ཡོད་འདུག་ལ། བླ་མ་དབུ་མཛད་ཀྱི་གང་ཟག་དེ་གདན་སར་ལྷ་རམས་དགེ་བཤེས་དང་། གྲྭ་ཚང་དུ་ཆོས་ཞུགས་ཀྱིས་ལོ་གཅིག་རིང་ཆོས་ཕྱོགས་ཀྱི་བྱེད་སྒོ་རྣམ་གསུམ་སྤེལ་རྗེས། དགེ་བསྐོས་དང་སྔགས་ཀྱི་དམ་བཅའ་ཆེན་མོ་འཇོག་དགོས་ཀྱི་ཡོད་པ་དང་། དེའི་རྗེས་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་འོས་གཞིའི་ཁོངས་སུ་འཛུལ་ཏེ། གྲྭ་ཚང་གི་ངོས་ནས་འོས་ཆོས་ཚང་བའི་མཚན་ཤར་བྱང་ཆོས་རྗེ་རྣམ་གཉིས་ལ་ཕུལ་བ་དང་། ཆོས་རྗེ་རྣམ་གཉིས་ཀྱིས་འོས་མི་གཉིས་དང་གསུམ་ལས་མ་མང་བ་ཞིག་འདེམས་སྒྲུག  དེ་ནས་དགའ་ལྡན་ཁྲི་རིན་པོ་ཆེས་འོས་མི་འདེམས་སྒྲུག་བཅས་གནང་རྗེས། ༸གོང་ས་མཆོག་ལ་ཕུལ་ཏེ་མཐའ་མའི་ཕྱག་རྟགས་ཕུལ་བ་ལྟར་ཁྲི་འདོན་གནང་བཞིན་པ་ཞིག་ཡིན་འདུག དུས་ཡུན་ལོ་ ༣ གྱི་རྗེས་སུ་རྒྱུད་སྟོད་གྲྭ་ཚང་གི་མཁན་པོར་བཞུགས་ཆོག་གི་ཡོད་འདུག

ཡང་གྲྭ་འཇམ་དཔལ་རྒྱ་མཚོ་ལགས་ཀྱི་བརྗོད་པ་ལྟར་ན། བླ་མ་དབུ་མཛད་ནི་དགའ་ལྡན་ཁྲི་པར་ཕེབས་པའི་ལམ་ཁ་དང་པོ་དེ་ཆགས་ཡོད་འདུག་ལ། བླ་མ་དབུ་མཛད་ཀྱི་རྗེས་སུ་མཁན་པོ་དང་། དེ་ནས་ཤར་བ་ཆོས་རྗེའི་གསེར་ཁྲི་བཅས་རིམ་པ་བརྒྱུད་རྗེས་དགའ་ལྡན་གསེར་ཁྲིར་བཞུགས་ཆོག་གི་ཡོད་འདུག ད་ལྟའི་བར་རྒྱུད་སྟོད་གྲྭ་ཚང་གིས་ལོ་ ༥༠༠ སྔོན་གྱི་བོད་ཀྱི་སྲོལ་རྒྱུན་གྱི་ལུགས་སྲོལ་ལྟར་ཁྲི་འདོན་གནང་གི་ཡོད་སྟབས། གདན་ས་ཁག་ཏུ་བླ་བྲང་ཡོད་མཁན་སུ་ཡིན་ཡང་། རྒྱུད་གྲྭ་སྟོད་སྨད་གཉིས་སུ་ཐོག་མའི་ཆོས་ཞུགས་ཀྱི་གྲུབ་མཚམས་ལྟར་བཞུགས་དགོས་པ་ལྟར། མཁན་ཟུར་ཁོང་ཡང་ཁ་སང་ཞོགས་པའི་བར་གྲྭ་བ་དཀྱུས་མ་ལྟར་བཞུགས་ཡོད་འདུག ཁ་སང་ཞོགས་པར་ཆོས་ཕྱོགས་ཀྱི་འགྲོ་ལུགས་ལྟར། རིན་པོ་ཆེ་མཆོག་གིས་རང་གི་གཟིམ་ཤག་ནས་ལྷུང་གཟེད་དང་ཤོ་ཀ་ལི་རྒྱབ་ལ་བསྣམས་ཏེ་འདུ་ཁང་དུ་ཕེབས་རྗེས། གྲྭ་ཚང་གི་སྲོལ་རྒྱུན་གྱི་ཆོལ་ཁ་ལྟར་ཁྲི་འདོན་གནང་རྗེས་ཕྱིར་གཟིམ་ཤག་ཏུ་ཕེབས་ཏེ་མཇལ་ཁ་དང་མཇལ་དར་བསྒྲོན་འབུལ་གནང་སྲོལ་ཡོད་འདུག   

དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་མཁན་ཟུར་བྱ་ཏོ་རིན་པོ་ཆེ་མཆོག་ནི། སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་དགེ་བཤེས་ལྷ་རམས་པ་ཐོན་རྗེས། སྐུ་གོང་མའི་མཛད་པ་ལྟར་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་པ་དང་། ཞོར་དུ་༸གོང་ས་མཆོག་གིས་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེར་བསྐོ་བཞག་གནང་བ་ལྟར་མཁན་པོའི་ལས་འགན་བཞེས་ཡོད་འདུག་ལ། ཁོང་བཙན་བྱོལ་སྤྱི་ཚོགས་ཀྱི་བླ་སྤྲུལ་ཆུང་བའི་ནང་༸གོང་ས་མཆོག་གི་གམ་དུ་དབང་ལུང་མན་ངག་སོགས་ཀྱི་ཐད་ནས་གནད་འགག་ཅན་གྱི་བླ་མ་ཞིག་ཆགས་ཡོད་འདུག  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese