མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲ་ཐོག་གསང་ཉུལ་རྐུ་འཁྱེར།

བོད་ཀྱི་དུས་བབ།
༢༠༡༣/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རིར་རྟེན་གཞི་བྱས་པའི་དྲ་ཐོག་བདེ་འཇགས་ལྟེ་གནས་ཁང་ཞིག་གིས་འཛམ་གླིང་གི་དྲ་ཐོག་གསང་ཉུལ་རྐུ་འཁྱེར་གྱི་སྡེ་ཚན་ཆེ་ཤོས་རྒྱ་ནག་ཏུ་ཡོད་ཚུལ་བསྒྲགས་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཨ་རིར་རྟེན་གཞི་བྱས་པའི་དྲ་ཐོག་བདེ་འཇགས་ལྟེ་གནས་ཁང་མན་ཌེ་ཡན་ (Madiant)  གྱིས་སྙན་ཐོ་ཞིག་ཕྱིར་བསྒྲགས་ཏེ། འཛམ་གླིང་ནང་གི་དྲ་ཐོག་གསང་ཉུལ་རྐུ་འཁྱེར་བྱེད་མཁན་གྱི་སྡེ་ཚན་ཤུགས་ཆེ་ཤོས་རྒྱ་ནག་ནང་ཡོད་པ་དང་། དེ་ནི་རྒྱ་ནག་གི་དམག་དོན་གསང་ཉུལ་ཁང་གི་གཙོ་འགན་དང་རྒྱ་ནག་གཞུང་གིས་མཐུན་འགྱུར་བྱེད་བཞིན་པའི་དྲ་ཐོག་གསང་ཉུལ་རྐུ་འཁྱེར་སྡེ་ཚན་ཞིག་ཡིན་ཚུལ་བསྒྲགས་འདུག

དེ་སྔོན་ཨ་རིའི་ཕོ་བྲང་དཀར་པོ་དང་རྒྱ་གར་གྱི་བདེ་སྲུང་ལས་ཁུངས་སོགས་རྒྱལ་སྤྱིའི་སྟེང་གི་གཞུང་འབྲེལ་ལས་ཁུངས་མང་པོ་ཞིག་དང་། གཞན་ཨ་རིའི་ནེའུ་ཡོག་དུས་བབ་སོགས་གསར་ཁང་ཁག་མང་པོ་ཞིག་གི་ལས་ཁུངས་ཀྱི་གློག་ཀླད་དུ་རྒྱ་ནག་གི་དྲ་ཐོག་གསང་ཉུལ་པའི་འཇབ་རྒོལ་ཐེབས་ཏེ། གསང་པའི་གནས་ཚུལ་རིགས་རྐུ་འཁྱེར་བྱས་པའི་གནས་ཚུལ་རིམ་པར་བྱུང་བ་ལྟར།གོང་གི་ལྟེ་གནས་ཁང་དེས་ ༢༠༠༤ ནས་རྒྱ་ནག་གི་དྲ་ཐོག་གསང་ཉུལ་པའི་མཐིལ་བརྟོལ་བར་ཞིབ་འཇུག་བྱས་ཡོད་འདུག

ཐེངས་འདིའི་སྙན་ཐོའི་ནང་རྒྱ་ནག་གི་དྲ་ཐོག་གསང་ཉུལ་རྐུ་འཁྱེར་སྡེ་ཚན་དེ་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་པུ་ཌོང་ (Pudong) ས་ཁུལ་གྱི་ཁང་རྩེག་ ༡༢ ཅན་ཞིག་ཏུ་ཡོད་པ་མ་ཟད། དེ་ནི་རྒྱ་ནག་བཅིངས་གྲོལ་དམག་ཨང་སྡེ་ ༦༡༣༩༨ ཅན་གྱི་རྟེན་གཞི་ས་ཁུལ་དང་གཅིག་མཚུངས་ཆགས་ཡོད་ཚུལ་དང་།  སྡེ་ཚན་དེ་འབྲེལ་ཡོད་རྒྱག་ནག་དམག་དོན་ཁང་གི་གཙོ་གཉེར་འོག་དབུས་གཞུང་གིས་མཐུན་འགྱུར་བྱེད་ཀྱི་ཡོད་ཚུལ། སྡེ་ཚན་དེར་སྐད་ཡིག་འདྲ་མིན་དང་གློག་ཀླད་ཆེད་མཁས་པ། དྲ་ཐོག་གསང་ཉུལ་དང་གཞན་གྱི་གནས་ཚུལ་རྐུ་འཁྱེར་ཁྱད་ལས་པ་སོགས་ལས་བྱེད་སྟོང་ཕྲག་ལྷག་ཡོད་པའི་ཚོད་དཔག་བྱས་ཡོད་འདུག་ལ། ད་ལྟའི་བར་འཛམ་གླིང་གི་གཞུང་དང་ཚོགས་པ།ཁེ་ལས་སྡེ་ཚན་ ༡༤༡ ཙམ་གྱི་གནས་ཚུལ་རྐུ་འཁྱེར་བྱས་ཡོད་སྐོར་བཀོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese