མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགན་འཛིན་ས་མིག་གསལ་བསྒྲགས།

བོད་ཀྱི་དུས་བབ།
༢༠༡༣/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང༌།
RADIO FREE ASIA
ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གྱི་ས་མིག་གསལ་བསྒྲགས།

འགན་འཛིན་གྱི་ཞབས་ཞུ་གནང་ས་ཨ་རིའི་རྒྱལ་ས་ཝ་ཤོན་ཊོན་དུ་་རྟེན་གཞི་བྱས་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་ཁུངས་ཡིན།

ཕུལ་བྱུང་འོས་མིའི་ངོ་བོའི་ཁྱད་ཆོས།

            ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་དུ་འོས་པའི་མི་དེའི་རྣམ་དཔྱོད་དང་འཇོན་ཐང་གཞིར་བཟུང༌། བོད་མིའི་སྤྱི་ཚོགས་ནང་མཐོང་དང་ཆ་འཇོག་ཡོད་པའི་མི་ཞིག་དགོས་ལ། འགན་འཛིན་བྱ་རྒྱུར་འདེང་སྤོབས་དང་ཡིད་ཆེས་ལྡན་ཞིང༌། བསྒམ་ནན་དང་འཆར་སྣང་ཕུགས་བསམ་ཡོད་པའི་རང་བཞིན་གྱི་ཁྱད་ཆོས་དག་ཚང་དགོས། དེ་ཡང་གཙོ་བོ་བོད་མིའི་གནད་དོན་ཐོག་ཆོད་སེམས་གཏིང་གཟབ་ཡོད་ཅིང༌། བོད་མིའི་ཆོས་དང་རིག་གཞུང༌།

            ལོ་རྒྱུས་སོགས་ཀྱི་སྐོར་རྒྱུས་མངའ་བཟང་པོ་ཡོད་པ་དང༌། གསར་འགོད་ལས་བྱེད་པར་ཀུན་སློངསྤེལ་བ་དང་སེམས་ཤུགས་སྤྲོད་སྟེ་མིག་དཔེ་བསྟན་ཏེ་འགོ་འཁྲིད་བྱེད་ཐུབ་ངེས་ཞིག་དགོས་པ་ཡིན། ལྷག་པར་དུ་ཕུལ་བྱུང་གི་འོས་མི་དེར་ལྷག་བསམ་དང་རྣམ་དཔྱོད་ལྡན་ཞིང༌། གསར་འགྱུར་བརྒྱུད་ལམ་གྱི་ཁོར་ཡུག་ནང་དཀའ་ངལ་ཇི་འཕྲད་ལ་གདོང་ལེན་བྱེད་ཐུབ་མཁན་ཞིག་དང་དུས་རབས་དང་མཐུན་པའི་གསར་འགྱུར་ལས་རིགས་ཐོག་གསར་གཏོད་ཀྱི་རྣམ་པ་བྱིན་པའི་ནུས་པ་དང་ཆོད་སེམས་ལྡན་པ། འཛིན་སྐྱོང་སྣེ་འཁྲིད་ཀྱི་ནུས་པ་འདོན་ཐུབ་མཁན་ཞིག་ངེས་པར་དགོས་པ་ཡིན། ཨེ་ཤཻ་ཡ་རང་དབང་རླུང་འཕྲིན་ཁངགི་དམིགས་ཡུལ་གཙོ་བོ་ནི་རྒྱ་ཆེའི་གསར་འགྱུར་ཉན་པ་པོ་བོད་ནང་གི་བོད་མི་ཚོའི་མངོན་འདོད་དང་མཐུན་པའི་གསར་འགྱུར་དགོས་མཁོ་དུས་ཐོག་བརྒྱུད་སྒྲགས་བྱ་རྒྱུ་དེ་ཡིན་སྟབས། མཁོ་གནད་དེ་དག་དང་འབྲེལ་བའི་གསར་འགྱུར་ལས་རིགས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང༌། དམིགས་བསལ་བོད་ནང་གི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་དང་ཁོར་ཡུག་སོགས་སྐབས་བབས་ཀྱི་གནས་ཚུལ་ཤེས་ཐབས་སླད་བོད་ནང་འབྲེལ་བ་ཟབ་པོ་ཡོད་པའམ་ཡང་ན་འབྲེལ་བ་དམ་གཟབ་བཟོ་ཐུབ་མཁན་ཞིག་ཀྱང་དགོས་པ་ཡིན།                           

ཆ་རྐྱེན།

༡༽ ཆེ་མཐོང་ལྡན་པའི་ཤེས་ཡོན་བསྟི་གནས་ཁང་གང་རུང་ཞིག་ནས་ཉུང་མཐར་ Bachelor གྱི་ལག་ཁྱེར་ཡོད་པའི་ཐོག་གསར་འགོད་པའམ་རླུང་འཕྲིན་གསར་འགྱུར་དང་འབྲེལ་བའི་ལག་ཁྱེར་ཡོད་ན་འདེམས་འོས་ཆེ་བ་ཡོད་ཅིང༌།མ་མཐར་རླུང་འཕྲིན་ལས་རིགས་ཐད་ལ་དགོས་ངེས་ཅན་གྱི་གཞི་རྩའི་ཤེས་ཡོན་དང་གོ་རྟོགས་ལྡན་ལ། འཛིན་སྐྱོང་གི་ཉམས་མྱོང་ཡོད་པ་ཞིག་དགོས།

༢༽ རབ་བྱུང་ན་རླུང་འཕྲིན་གསར་འགྱུར་དང་སྩོམ་བྲིས། གསར་འགྱུར་དང་འབྲེལ་བའི་ལས་རིགས་ཐོག་དོ་དམ་གཙོ་གཉེར་བྱས་པའི་ཉམས་མྱོང་དང་བྱས་རྗེས་བཞག་པ་ཞིག་དགོས། ཁྱད་ཆོས་འདི་ནི་ཆེས་དམིགས་བསལ་ཅན་དུ་ངོས་འཛིན་བྱ་རྒྱུ་ཡིན།

༣༽ བོད་ཀྱི་སྐད་ཡིག་དང་དབྱིན་ཇིའི་སྐད་ཡིག་གཉིས་ཀར་བྱང་ཆུབ་པའི་ཁར་རྒྱ་ནག་གི་སྐད་ཡིག་གི་ཤེས་ཡོན་ཡོད་ན་ཆ་རྐྱེན་འཕར་མར་ངོས་འཛིན་བྱེད་རྒྱུ་ཡིན།

༤༽ བོད་དང་བོད་མིའི་ཐོག་ཤུགས་རྐྱེན་བཟོ་བའི་བོད་ནང་གི་ད་ལྟའི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་དང་ཁོར་ཡུག་གི་གནས་སྟངས་སྐོར་ཤེས་རྟོགས་གཏིང་གཟབ་ལྡན་པ།

༥༽ རྩོམ་བྲིས་དང་སྩོམ་བྲིས་ཞུ་དག་བྱ་རྒྱུར་ཤེས་སྩལ་ཡོད་པ་དང། རྩ་དོན་རང་བཞིན་ཅན་གྱི་གསར་འགྱུར་དཔྱད་གཏམ་ཐོག་ཕྱོགས་ལྷུངས་མེད་པར་དུས་ཐོག་ལ་ལྟ་ཚུལ་བཟུང་ཐུབ་པའི་ནུས་པ་སྟོན་ཐུབ་པ།

༦༽ ལས་བྱེད་པ་ཚོའི་རང་བཞིན་ལྷན་སྐྱེས་ཀྱི་རྣམ་དཔྱོད་ལས་དོན་ཐོག་ཏུ་བཏོན་ཐུབ་རྒྱུར་བཀོད་སྒྲིགས་ཐུབ་པ་དང༌། གཟེངས་སུ་ཐོན་པའི་རྣམ་དཔྱོད་འདོན་མཁན་གྱི་ལས་བྱེད་པ་ངོས་བཟུང་ཐུབ་ཅིང༌། རྣམ་དཔྱོད་དང་འཇོན་ཐང་ལྡན་པའི་ལས་བྱེད་པ་དེ་དག་བདག་ཉར་དང་བསྐྱེད་སྲིངས་ཐུབ་པ།

༧༽ དེང་དུས་ཀྱི་འཕེལ་རིམ་དང་མགྱོགས་ཚད་མྱུར་པོ་འགྲོ་བཞིན་པའི་དུས་རབས་ ༢༡ པའི་གསར་འགྱུར་བརྒྱུད་ལམ་གྱི་འགྲོ་ཕྱོགས་དང་མཐུན་པའི་ཁ་ཕྱོགས་བསྒྱུར་ཐུབ་པའི་སྙིང་སྟོབས་་དང་ལྡན་པ་ཞིག་དགོས།

ལས་འགན།        

༡༽ བོད་སྐད་སྡེ་ཚན་གྱི་རླུང་འཕྲིན་དང་དྲ་བརྙན་རྒྱང་སྲིང་ལས་རིམ་གྱི་འཆར་གཞི་འགོད་རྒྱུ་དང། ཉིན་རེའི་རླུང་འཕྲིན་ལས་རིགས་ཐོག་སློབ་སྟོན་དང་བཀོད་མངགས། སྟངས་འཛིན་བྱ་རྒྱུ་སོགས་ཡིན།

༢༽ སྩོམ་སྒྲིག་པའི་འགོ་ཁྲིད་ནུས་ཤུགས་ལྡན་པ་བྱ་རྒྱུར་རླུང་འཕྲིན་དང་བརྙན་འཕྲིན་གསར་འགོད་ལས་བྱེད་པ་བདག་གཉེར་དང་སྟངས་འཛིན་བྱ་རྒྱུ།

༣༽ བོད་སྐད་སྡེ་ཚན་གྱི་རླུང་འཕྲིན་དང་ བརྙན་འཕྲིན་རྒྱང་སྲིང་ལས་རིམ་ཁག་གི་སྤུས་ཚད་བཟང་དུ་གཏོང་རྒྱུ།

༤༽ ལུགས་མཐུན་ཐོག་ནས་དོ་དག་གི་རྣམ་དཔྱོད་བེད་དཔྱད་དེ་སོ་སོའི་གནས་རིམ་དང་མཉམ་པའི་སྡེ་ཚན་གཞན་གྱི་འགན་འཛིན་ཁག་དང༌། འཛིན་སྐྱོང་འགན་འཛིན་ལྷན་དུ་རྩོད་གཞིར་གྱུར་ཉེན་ཅན་དང་འཚོར་རྣོར་ཅན་གྱི་གནད་དོན་ཁག་གི་ཐོག་ཡ་རབས་ཀྱི་ལྟ་ཚུལ་བཟུང་ཞིང་དོ་སྣང་བྱ་རྒྱུའི་གནད་དོན་དུ་ངོས་འཛིན་བྱ་རྒྱུ།

༥༽ བོད་ནང་གི་བོད་མི་ཚོའི་གནས་བབ་དང་དམིགས་བཀར་འབྲེལ་བ་ཆགས་པའི་གནས་ཚུལ་དང་ དཔྱད་སྩོམ། རིག་གཞུང་དང་རྒྱལ་རབས་ལོ་རྒྱུས་སོགས་ཀྱི་སྐོར་རྒྱང་སྲིང་བྱ་རྒྱུའི་རྒྱུ་ཆ་ངོ་མ་བཟོ་རྒྱུར་ལམ་སྟོན་བྱ་རྒྱུ།

༦༽ བོད་སྐད་སྡེ་ཚན་གྱི་རྒྱང་སྲིང་ལས་རིམ་ཁག་གི་ནང་དོན་གྱི་གནས་ཚད་གོང་མཐོར་གཏོང་བ་དང༌། ཉན་པ་པོའི་ཡིེད་ཆེས་ཐོབ་རྒྱུར་བོད་གནད་མཁས་དབང་དང༌། ཆེད་ལས་པ། གནས་ཚུལ་ཐོན་ཁུངས་ཁག་དང་འབྲེལ་ལམ་གསར་འཛུགས་རྒྱུན་འཁྱོངས་བྱ་རྒྱུ་དང། ལྷག་པར་དུ་བོད་ནང་གི་ཆབ་སྲིད་དང། ཆོས་དང་རིག་གཞུང༌། སྤྱི་ཚོགས་དང་དཔལ་འབྱོར། མི་འབོར་འཕེལ་རྒྱས་སོགས་དང་འབྲེལ་བའི་ཆེད་ལས་མི་སྣར་འབྲེལ་ལམ་གཟབ་མོ་བཟོ་རྒྱུ།

༧༽ ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ཁོངས་ཀྱི་ལས་བྱེད་པ་དང༌། གསར་འགོད་པ། དེ་མིན་གྱི་ལས་བྱེད་ཆེད་འཛུགས་བྱ་ཕྱོགས་སོགས་ཀྱི་ཐད་འཛིན་སྐྱོང་དོ་དམ་བྱ་རྒྱུ་སོགས་ཡིན།

            ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནི་མི་རིགས་དབྱེ་འབྱེད་མེད་པར་ལས་གླར་འཇུག་རྒྱུར་དམ་བཅས་པའི་ཁྲིམས་མཐུན་སྒྲིགས་འཛུགས་ཤིག་ཡིན་ཞིང༌། དེར་བརྟེན་འོས་ཆོས་ཚང་བའི་མི་ཚོས་སྙན་ཞུ་གཏོང་རྒྱུར་སྐུལ་མ་བྱ་རྒྱུ་ཡིན། གལ་ཏེ་སྙན་ཞུ་བ་ཞིག་ལས་མིར་འདེམས་ཐོན་འབྱུང་ཚེ།

ཨ་མི་རི་ཀའི་ནང་ལས་བྱེད་ཆོག་པའི་ཨ་རིའི་གཞུང་གི་ཁྲིམས་ཐོག་གི་ཡིག་ཆ་དགོས་ཤིང༌། དེ་དོན་ཡིག་ཆ་མེད་པའི་ཞུ་སྙན་བ་ཞིག་ལ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ངོས་ནས་ཨ་མི་རི་ཀའི་གཞུང་ལ་ཞུ་སྙན་བརྒྱབ་སྟེ་ཡིག་ཆ་ཐོབ་རྒྱུར་རོགས་འདེགས་ཞུ་རྒྱུ་ཡིན། དོ་སྣང་དགོས་པ་ཞིག་ལ་ཨ་རིའི་ནང་ལས་ཀ་བྱེད་ཆོག་པའི་ཞུ་སྙན་བརྒྱབ་དང་མི་བརྒྱབ་དང༌། བརྒྱབ་ཟིན་པའི་ཞུ་སྙན་ཕྱིར་བསྡུ་བྱ་མིན་སོགས་ཀྱི་ཐོབ་ཐང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡོད་པ་ཡིན།

སྙན་ཞུ་འབུལ་ཕྱོགས།

སོ་སོའི་ལོ་རྒྱུས་དངམཉམ་དུ་བོད་སྐད་སྡེ་ཚན་འགན་འཛིན་གྱི་ས་དམིགས་ཆེད་ཡིན་པ་གསལ་འཁོད་ཀྱི་སྙན་ཞུ་ཞིག་མདུན་ཤོག་ཏུ་བཀོད་དེ་མགྱོགས་འཕྲིན་ནམ་ Fax དང་ E-mail གློག་འཕྲིན་གང་རུང་བརྒྱུད་གཏོང་དགོས།

FAX ཨང་གྲངས་ 202-530-7797 ཡིན། E-mail ཁ་བྱང་ jobs@rfa.org ཡིན།

 

 

 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese