མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་ནང་གི་བོད་ཡིག་ཡར་རྒྱས་ཀྱི་བཀག་རྡོ།

བོད་ཀྱི་དུས་བབ།
༢༠༡༣/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྡོ་སྦིས་ཟླ་བ་ཚེ་རིང་།

ཁ་སང་དེ་རིང་གི་དུས་ཚོད་འདི་ལ་སྐད་ཆ་འདི་འདྲ་གླེང་ནས་ནད་ལོག་རྒྱག་པའི་དུས་ཚོད་ཅིག་གཏན་ནས་མིན་ན་ཡང་། འདས་པའི་དུས་རབས་ཕྱེད་ལྷག་རིང་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་སྐད་ཡིག་གི་ལོ་ནག་ལ་ཕྱི་མིག་ཅིག་བལྟས་ཚེ་གནད་དོན་འདི་གླེང་མི་འོས་བ་ཞིག་དང་གླེང་ཚད་མིན་པ་ཞིག་ཀྱང་གཏན་ནས་མིན་པའི་ངེས་ཤེས་རྙེད་ཡོང་གི་འདུག

བོད་སྐད་བོད་ཡིག་གི་སྐུ་དྲིན་ལས་ཁ་རྒྱབ་འཚོ་མཁན་གྱི་མི་བུ་ཞིག་ལ་མཚོན་ན། འདིའི་འཕེལ་འགྲིབ་གནས་གསུམ་ལ་བསམ་གཞིགས་གཏོང་རྒྱུའི་འོས་འགན་ངེས་པར་དུ་ཡོད་པས་ན། ངས་རང་གི་འོས་འགན་གང་ཡིན་པ་དེ་ཕྲག་ཏུ་བླངས་ཏེ་ལྷ་ཕོག་ཀླུ་ཕོག་ལ་མ་འཛེམ་པར། སེམས་ཚབ་ཀྱིས་ཀུན་ནས་བསླངས་པའི་བདེན་པའི་གཏམ་འགའ་འདི་ནས་མི་བཤད་ཐུ་མེད་ཆགས་སོང་།

འུ་ཚོས་ལོ་རྒན་དྲུག་ཅུར་ཉེ་བའི་དུས་ཚོད་འདིའི་ནང་དུ་བོད་སྐད་ཡིག་གི་གཞུང་ལམ་ཕྲེད་དུ་བཅད་དེ་སེམས་ཚོར་ཡན་གར་བ་ཞིག་གི་རྨི་ལམ་ལ་ཤི་འཐམ་རོ་འཐམ་བྱས་ནས་བསྡད་ཡོད་པ་ནི་གཞི་རིམ་སློབ་ཆུང་སློབ་གསོ་ནས་ལྟ་གོན་བྱས་ཡོད། དམའ་རིམ་དང་པོ་ནས་མགོ་བཙུགས་ཏེ་རྩ་བ་བོར་ནས་ཡལ་གར་འཇུས་ཤིང་། ཡིག་གཟུགས་སྐམ་པོ་ཞིག་ལ་གསེར་ལས་དཀོན་པའི་དུས་ཚོད་ཡོངས་རྫོགས་གཏུམ་བཞིན་ཡོད་པ་ནི་སློབ་གསོའི་རྨིང་རྡོ་དོར་བ་རེད།

འཛིན་རིམ་དང་པོ་ནས་གཉིས་པའི་བར་སུག་རིང་དང་། འཛིན་རིམ་གསུམ་པ་ནས་སུག་ཐུང་། བཞི་བ་ལྔ་བ་ནས་འཁྱུག་མ་ཚིགས་དང་འཁྱུག་ཡིག་བཅས་སློབ་མ་ཚོའི་དུས་ཚོད་ཡོངས་རྫོགས་བསམ་བཞིན་དུ་ཡིག་གཟུགས་སྒྱུ་རྩལ་འདིས་འཁྱུར་མིད་གཏོང་དུ་འཇུག་གིན་ཡོད་སྟབས། ང་ཚོའི་སྐད་ཡིག་ཡར་རྒྱས་ཀྱི་ལམ་ཁ་འདི་ནས་ཞིག་རལ་དུ་གྱུར་བ་རེད་ཟེར་བ་དེ་ཡིན།

སྤྱིར་བོད་ལ་ཡིག་གཟུགས་མི་མཁོ་བ་དང་། སློབ་ཕྲུག་ཚོས་ཡིག་གཟུགས་སྦྱང་དགོས་ཀྱི་མི་འདུག་གཏན་ནས་ཞུ་གི་མེད། འོན་ཀྱང་། ཡིག་གཟུགས་ཞེས་པ་འདི་སྒྱུ་རྩལ་གྱི་ཆར་གཏོགས་ཤིག་ཡིན་པས་ན། བོད་པའི་བུ་ཕྲུག་ཚོ་ཆུང་བྱིས་པའི་དུས་ནས་སྒྱུ་རྩལ་ཆེད་མཁས་པ་ཞིག་བྱ་དགོས་པའི་ངེས་པ་མེད་ལ། དེའི་ནང་ནས་ཀྱང་ཡིག་གཟུགས་སྒྱུ་རྩལ་ཆེད་མཁས་པ་ཞིག་ཏུ་སྐྱེད་སྲིང་བྱེད་འདོད་པ་ནི་བླུན་རྟགས་ཡ་ང་བ་ཞིག་མ་ཡིན་ནམ།  

འུ་ཚོས་མགོ་མི་ཤོང་སར་ལུས་འཚང་སྟེ་ཡིག་གཟུགས་སྒྱུ་རྩལ་གྱི་ཆ་འདི་གཞི་རིམ་སློབ་གསོའི་རྨང་རྡོ་རུ་བཞག་ནས་ཡོང་བའི་སློབ་གསོ་འདིའི་བརྒྱུད་རིམ་ནས་བལྟས་ན། ད་བར་འུ་ཅག་ལ་ཐོབ་པ་ལས་ཤོར་བ་མང་ཞིང་། བཙན་བྱོལ་སྤྱི་ཚོགས་ནང་ཤེས་ཡོན་འཐུས་ཤོར་དུ་བཏང་འདུག་ཅེས་པའི་སྡུག་སྐད་ཤོར་བཞིན་པའང་འདི་ལ་ཐུག་ཡོད།  

འཛམ་གླིང་འདིར་མི་རིགས་རེ་ལ་ཡིག་གཟུགས་མཛེས་རྩལ་རེ་ཡོད་པ་བཤད་མ་དགོས་ལ།  རྒྱ་ནག་ལ་མཚོན་ནའང་སྤུ་སྨྱུག་མཛེས་རྩལ་ཞེས་པའི་ཡིག་གཟུགས་ཀྱི་མཛེས་རིས་སྣ་ཚོགས་ཡོད། དེ་བཞིན། དབྱིན་ཡིག་ལའང་ཀུན་གྱི་མིག་ལམ་དུ་བསྟར་ཡོད་པའི་ཡིག་གཟུགས་མཛེས་རྩལ་སྣ་ཚོགས་ཤིག་ཡོད་ཀྱང་། ཁོང་ཚོས་ཡིག་གཟུགས་ཀྱི་མཛེས་རྩལ་འདི་དག་གཞི་རིམ་སློབ་གསོ་རུ་བཞག་མེད་པ་ནི། རྩ་བ་བོར་ནས་ཡལ་གར་འཐམ་ན་སྙིང་བོ་མེད་པ་དང་། བྱིས་པའི་སློབ་གསོ་ཡིག་གཟུགས་ལ་བཅོལ་བའི་སློབ་གསོ་ཕོང་གསུམ་པ་འདིར་རིན་ཐང་ཆུང་བ་ཤེས་ཡོད་པས་རེད།

བཙན་བྱོལ་ནང་གི་གཏམ་བརྗོད་པ་པ་ཚེ་རིང་ལགས་ཀྱིས་ཀྱང་འདི་ལྟར་བཤད་ཡོད། “བཙན་བྱོལ་གྱི་སློབ་ཕྲུག་ཚོས་ཡིག་གཟུགས་རྐང་པ་རིང་པོ་གཅིག་འབྲི་རག་བར། ཨ་མདོ་བ་ཚོས་དཔེ་དེབ་གཅིག་བཀླགས་ནས་ཚར་འགྲོ་ངེས་རེད” ཅེས་ལབ་པ་འདི་ཡང་གནད་དུ་ཁེལ་བའི་གདམ་པའོ།།

ད་ནས་བཟུང་འུ་ཅག་གིས་ཡིག་གཟུགས་ཐོག་གཏོང་བཞིན་པའི་དུས་ཚོད་དང་། དཀའ་སྤྱད་འབད་བརྩོན་དེ་དག་གཞི་རིམ་དཔེ་ཀློག་གི་ངོ་བོར་བསྒྱུར་ཏེ། རྨིང་གཞིའི་སློབ་གསོ་འདི་གཉིས་ཀྱི་གོ་གནས་བརྗེ་ཐུབ་ཚེ། ཚོགས་སྤྱི་འདིའི་བོད་ཡིག་ཡར་རྒྱས་མི་འདུག་ཟེར་བའི་སྡུག་སྐད་རིམ་གྱིས་ཆད་འགྲོ་ངེས་ཡིན་པ། མི་བུ་བདག་གི་བྱིས་དུས་སློབ་སྦྱོང་གི་གོ་རིམ་དང་ད་ལྟའི་དགེ་རྒན་གྱི་མྱོང་བ་མངོན་སུམ་ལས་བྱུང་བའི་མི་སྐད་ཉིད་དོ།།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༣ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 7

  1. རི་བོང། says:
    ལོ་ 13 སྔོན།

    ཏག་ཏག་ཅིག་རེད་མི་བསམ་གི འོན་ཀྱང་བོད་སྐད་ཡིག་གི་ལས་དབང་ལ་སེམས་ཁུར་བྱེད་མཁན་ཅིག་གི་ལྟ་ཚུལ་ཡིན་པས་གུས་བཀུར་ཞུ། ལོ་ཤས་ཀྱི་སྔོན་ལ་ཁ་ཤས་ཤིག་གིས་དབུ་མེད་ཀྱི་སྐོར་ནས་མང་པོ་གླེང་སློང་བྱས་པ་དྲན་གི འདྲ་བོ་རེད།

    Reply
  2. ཀུན་དགའ། says:
    ལོ་ 13 སྔོན།

    རྒྱ་གར་གཙོས་བཙན་བྱོལ་ནང་གི་བོད་ཡིག་ཡར་རྒྱས་སུ་གཏོང་དགོས་ན་སྔོན་ལ་བོད་ཡིག་བཀོད་སྤྱོད་ཀྱི་ཁོར་ཡུག་ཅིག་ངེས་པར་བཟོ་དགོས། དེ་ཡང་བོད་གཞུང་གི་ལྷན་ཁང་ཁག་ནང་ཕྱི་འབྲེལ་དང་རྩིས་ཞིབ་སོགས་གཞན་ཡིག་མ་སྤྱོད་ཐབས་མེད་རིགས་ཕུད། དེ་མིན་ནང་ཁུལ་བཀོད་སྤྱོད་རིགས་གང་ཡིན་རང་གི་ཡིག་གེ་ཁོ་ན་བེད་སྤྱོད་དགོས་པའི་བཅའ་ཁྲིམས་ཤིག་གཏན་འབེབ་བྱ་དགོས་རེད། དེ་མིན་རང་གི་ཡིག་གེ་རང་གིས་བེད་སྤྱོད་མ་བྱས་ན་གཞན་སུས་ལག་ལེན་བྱེད་ཀྱི་རེད། འཛེམ་དོག་མེད་པའི་སྐད་ཆ་བཤད་ན་བཙན་བྱོལ་ནང་རང་གི་ཚེ་སྲོག་རང་གིས་ཨེ་ཆོད་བལྟ་གི་ཡོད་པ་རེད།

    Reply
  3. མྱི་དཀར says:
    ལོ་ 13 སྔོན།

    བཙན་བྱོལ་ནང་གི་བོད་ཡིག་ཡར་རྒྱས་སུ་བཏང་དགོས་ན་སྔོན་ལ་སྐད་ཡིག་དང་ཕ་སྐད་གཙང་མ་ཞིག་ཡར་རྒྱས་བཏང་དགོས་འོན་ཀྱང་དེ་ནི་དུས་ནམ་ཡོང་མི་སྲིད་པ་ཞིག་སྤྱང་ཀའི་བུ་གསོས་ན་སྒོ་ཁྱི་ཁག་པོ་རེད

    Reply
  4. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    བཙན་བྱོལ་གཞི་རིམ་སློབ་གྲྭའི་སློབ་གསོ་ཡིག་གཟུགས་ཀྱིས་ཕོངས་མེད། འོན་ཀྱང་བྱིས་པའི་སེམས་ཁམས་ལས་རྒལ་བའི་སྐྱེ་བ་སྔ་ཕྱི་དང་ལས་འབྲས་རྣམ་གཞག་སོགས་ཆོས་ཚིག་ཁོ་ནས་བྱིས་པའི་སེམས་ཁམས་ལ་མི་གཤོང་བའི་སློབ་གསོ་དེས་འཛིན་རིམ་བཅུ་གཉིས་ལ་སླེབས་པའི་སློབ་ཕྲུག་ཚོའི་བོད་ཡིག་ཤེས་ཚད་ལས་ཤེས་ཐུབ།

    Reply
  5. གླག་ཕྲུག says:
    ལོ་ 13 སྔོན།

    སློབ་ཕྲུག་ཚོས་དབུ་མེད་སྦྱངས་ཀྱང་དཔེ་དེབ་ཀློག་པར་དབུ་ཅན་ཡང་བསྐྱར་སྦྱངས་དགོས་ཀྱི་འདུག་པ་ཨ་མདོ་བ་ཚོས་དབུ་མེད་ཀློག་པར་དབུ་མེད་ཡང་བསྐྱར་སྦྱངས་དགོས་པ་གཉིས་ལ་ཁྱད་པར་མེད་དོ།། གང་ལྟར་གཉིས་ཀ་མཁོ་བས་སྦྱངས་དགོས་སོ།།

    Reply
  6. དྲང་སྲོང་། says:
    ལོ་ 13 སྔོན།

    སྐད་ཆ་འདི་ལ་རྒྱུ་མཚན་ཏིལ་འབྲུ་ཙམ་ཡང་མིན་འདུག དེ་འདྲ་དེ་འདྲ་བྱས་ནས་ཚང་མ་མེད་པ་བཟོ་མཁན་ཡིན་པས། གང་ཡང་ཤེས་ཀྱི་མིན་འདུག

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ “བཙན་བྱོལ་གྱི་སློབ་ཕྲུག་ཚོས་ཡིག་གཟུགས་རྐང་པ་རིང་པོ་གཅིག་འབྲི་རག་བར། ཨ་མདོ་བ་ཚོས་དཔེ་དེབ་གཅིག་བཀླགས་ནས་ཚར་འགྲོ་ངེས་རེད” ་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese