མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ལུས་མེར་བསྲེཊ་དང་འབྲེལ་བའི་ལོ་རྒྱུས་ཡིག་ཚགས་ཀྱི་དཔེ་དེབ་གསར་པ།

བོད་ཀྱི་དུས་བབ།
༢༠༡༣/༠༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་འཕགས་ཡུལ་ཀིརྟི་བྱེས་པ་གྲྭ་ཚང་གིས་པར་དུ་བསྐྲུན་པའི་རང་ལུས་མེར་བསྲེགས་དང་འབྲེལ་བའི་ལོ་རྒྱུས་ཡིག་ཚགས་ཞེས་པའི་བོད་དབྱིན་རྒྱ་གསུམ་གྱི་དཔེ་དེབ་ལྔ་དབུ་འབྱེད་དང་འགྲེམས་སྤེལ་བྱས་ཡོད།

དེ་རིང་ཞོགས་པ་ཆུ་ཚོད་ ༡༠ སྟེང་། གངས་སྐྱིད་སྤྱི་ཐབས་ཚོགས་ཁང་དུ། ངྷ་སའི་ཀིརྟི་བྱེས་པ་གྲྭ་ཚང་གིས་དཔར་བསྐྲུན་བྱས་པའི་༼རང་ལུས་མེར་སྲེག་དང་འབྲེལ་བའི་ལོ་རྒྱུས་ཡིག་ཚགས།༽ཞེས་པའི་བོད་དབྱིན་རྒྱ་གསུམ་གྱི་དཔེ་དེབ་ ༥ དབུ་འབྱེད་གནང་སོང་། སྐུ་མགྲོན་གཙོ་བོར་སྲིད་སྐྱོང་སྐུ་ཚབ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་དམིགས་བསལ་སྐུ་མགྲོན་དུ་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་རྣམ་གཉིས་གཙོས། སྤྱི་འཐུས་རྒྱུན་ལས་རྣམ་པ་དང་ལྷན་ཁག་ཅིག་གི་དྲུང་ཆེ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་འཐུས་མི་བཅས་མཛད་སྒོར་ཞུགས་སོང་།

མཛད་སྒོའི་ཐོག་མ་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་གྱེར་འདོན་དང་། དེ་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་དང་ད་ལྟ་རྒྱའི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་མྱ་ངན་བཀུས་འདུད་མཚོན་ཕྱིར་སྐར་མ་གཅིག་རིང་ངག་བཅད་མྱ་ངན་ཞུས་མཐར། སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་མཆོག་དང་དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཚོགས་གཞོན་རྣམ་གཉིས་ཀྱིས་དཔེ་དེབ་རྣམས་དབུ་འབྱེད་གནང་སོང་།

དཔེ་དེབ་དབུ་འབྱེད་གནང་རྗེས་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་ཀྱིས་དཔེ་དེབ་དག་ངོ་སྤྲོད་གནང་པ་ལྟར་ན། དེབ་པོ་དང་གཉིས་པ། གསུམ་པ་བཅས་བོད་ཡིག་ནང་ཡོད་པ་དང་། དེབ་དེ་དག་ནང་ ༡༩༩༨ ལོའི་ཟླ་ ༤ ཚེས་ ༢༧ ནས་ ༢༠༡༢ ལོའི་ཟླ་ ༩ ཚེས་ ༢ བར་བྱུང་པའི་བོད་ཕྱི་ནང་གཉིས་ཀྱི་བོད་མི་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་ལོ་རྒྱུས་དང་། ༢༠༡༡ ཟླ་ ༣ ཚེས་ ༡༦ ནས་ ༢༠༡༢ ཟླ་ ༩ ཚེས་ ༢ བར་རྒྱ་ནག་གཞུང་གིས་བོད་མི་དམར་གསོད་བཏང་པ། བོད་མི་ཚོས་རྒྱ་གཞུང་གི་དྲག་རྩུབ་སྲིད་ཇུས་བཟོད་ཐབས་བྲལ་ཏེ་རང་ཤི་བརྒྱབ་པ། བོད་མི་མང་པོ་བཙོན་འཇུག་ཁྲིམས་ཐག་བཅད་པ། དགོན་གྲོང་མང་པོར་དམ་དྲག་དང་ཁྲིམས་ལུགས་སློབ་གསོ་ཟེར་པའི་ལས་འགུལ་སྤེལ་པ། དེ་དག་ལ་བོད་མི་ཚོས་མགོ་བོ་མ་བསྒུར་པར་དུས་ནས་དུས་ཞི་རྒོལ་བྱས་པ་་སོགས་བཀོད་ཡོད་འདུག

དེ་བཞིན། དཔེ་དེབ་དེ་དག་ནང་བོད་རྒྱལ་ཁབ་དང་མི་རིགས་ཆེད་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་འཕྲལ་རྒྱ་གར་གཙོས་རང་དབང་ལུང་པར་ཡོད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག བོད་མི་དང་བོད་དོན་རྒྱབ་སྐྱོར་སོགས་ཀྱིས་ལས་འགུལ་ཅི་སྤེལ། རྒྱལ་སྤྱིའི་སྲིད་གཞུང་དང་གྲོས་ཚོགས་ཁག་གིས་རྒྱབ་སྐྱོར་གྱི་གཞུང་འབྲེལ་བསྒྲགས་གཏམ་དང་གྲོས་ཆོད་རིགས། གལ་ཆེ་བའི་གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་དང་དཔྱད་གཏམ་རྩོམ་ཡིག གོང་གསལ་ཟླ་ཚེས་རྗེས་སུ་བྱུང་པའི་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཁག་ཟུར་དུ་བཀོད་པ་བཅས་འདུས་ཡོད་འདུག་ལ། དེབ་བཞི་བ་དང་ལྔ་བ་གཉིས་བོད་ནང་གི་རང་ལུས་མེར་བསྲེགས་གནས་ཚུལ་དང་འབྲེལ་བའི་དབྱིན་ཡིག་དང་རྒྱ་ཡིག་སོགས་སུ་ཐོན་པའི་གནས་ཚུལ་རྣམས་བསྡུ་བསྒྲིགས་གནང་ཡོད་འདུག

ཁོང་གིས་བཙན་བྱོལ་གྱི་དུས་སྐབས་འདི་ཡང་བོད་མི་རིགས་ཀྱི་རང་དབང་འཐབ་ཁྲོད་དུ་གནས་བབ་གལ་ཆེན་ཞིག་ཡིན་སྟབས། བོད་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ནི་ཇི་སྲིད་བསྐལ་བ་ནམ་གནས་ཀྱི་བར་དུ་མིའི་རིགས་ཀྱི་ལོ་རྒྱུས་ནང་གནས་དགོས་པ་ཞིག་ཡིན་སྟབས། གསར་དུ་དབུ་འབྱེད་བྱས་པའི་དཔེ་དེབ་འདི་དག་ནི་བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་འདུས་པའི་རང་སྲེག་ལས་འགུལ་གྱི་ལེའུ་ཞིག་དང་ལོ་རྒྱུས་ཡིག་ཚགས་ཤིག་ཏུ་གྲུབ་པར་བྱས་ཡོད་སྐོར་བརྗོད་སོང་།

དེའི་རྗེས་སྤྱི་འཐུས་ཚོགས་གཞོན་མཆོག་གིས། དཔེ་དེབ་བསྡུ་བསྒྲིགས་དང་དེ་དག་གི་བརྗོད་བྱ་བཅས་ཀྱི་ཐད་བསྔགས་བརྗོད་དང་འབྲེལ། བོད་ནང་གི་གནས་སྟངས་ཛ་དྲག་ཇེ་ཆེར་འགྲོ་བཞིན་པར་བརྟེན། བཙན་བྱོལ་བོད་མི་ཚོས་བོད་ནང་གི་གནས་ཚུལ་རྒྱལ་སྤྱིའི་སྟེང་བསྐྱལ་ཐུབ་པ་དང་རྒྱལ་སྤྱིའི་རྒྱབ་སྐྱོར་འཚོལ་རྒྱུ་སོགས་ཀྱི་ཐད་སྔར་བས་ཤུགས་གནོན་རྒྱག་དགོས་པ་དང་། ད་སྔ་བོད་མི་ ༡༠༧ ཀྱིས་རང་ལུས་མེ་རུ་སྒྲོན་ཡོད་པ་ཁོང་ཚོ་འགྲོ་བ་མི་གཞན་དག་དང་གཅིག་མཚུངས་ཡིན་ཡང་། རྒྱ་གཞུང་གི་དྲག་གནོན་འོག་རང་ལུས་མེར་བསྲེགས་གཏོང་དགོས་པའི་ཛ་དྲག་གནས་སྟངས་ལ་རྒྱལ་སྤྱིའི་སྲིད་གཞུང་ཁག་གི་སྲིད་འཛིན་དང་སྲིད་བློན་ཚོས་མིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་གཙི་སྲུང་གི་བསམ་བློ་ཡོད་ཚེ་ཁ་རྐམ་པོས་སྐད་ཆ་བཤད་མ་བསྡད་པར་ཁ་ཡོད་ལག་ཡོད་ཐོག བོད་དོན་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེན་པོ་སྟོན་དགོས་པ་དང་རྒྱ་ནག་ལ་གནོན་ཤུགས་སྤྲོད་པའི་དུས་ལ་སླེབས་ཡོད་སྐོར་གསུངས་སོང་།  

ཡང་ཁོང་གིས་རྒྱ་གཞུང་གིས་རང་ལུས་མེར་བསྲེགས་ཐད་དྲག་གནོན་བྱ་རྒྱུ་ལས། བོད་མིའི་རང་ལུས་མེར་བསྲེགས་ཀྱི་རྒྱུ་རྐྱེན་ལ་ཞིབ་འཇུག་བྱས་ཏེ་དཀའ་ངལ་སེལ་ཐབས་བྱ་དགོས་པ་དང་། དེ་ལྟར་མ་བྱས་བར་དུ་བོད་མིའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་མཚམས་འཇོག་ཐུབ་པ་ཞིག་མིན་པ། བོད་རྒྱུའི་དཀའ་རྙོག་འདི་ཅི་འདྲ་ཞིག་ཏུ་འགྱུར་མིན་རྒྱ་ནག་གཞུང་གི་བྱེད་སྟངས་ལ་རག་ལས་པ་ཞིག་ཡིན་སྟབས། དེང་སྐབས་རྒྱ་ནག་གི་བཀའ་ཤག་རྙིང་པར་འཕོ་འགྱུར་ཐེབས་ཏེ་བཀའ་ཤག་གསར་པའི་མགོ་ཁྲིད་ཚོ་སླེབས་པའི་སྐབས་འདིར། ཁོང་ཚོས་ད་ལྟའི་བོད་ནང་གི་ད་དྲག་གནས་བབ་དང་བོད་རྒྱའི་དཀའ་རྙོག་སེལ་ཆེད་པེ་ཅིན་དང་ངྷ་རམ་ས་ལའི་བར་ཞི་འགྲིག་གི་གྲོས་མགོ་འདོན་དགོས་པའི་འབོད་སྐུལ་གནང་སོང་།

མཐར་ནང་སྲིད་བཀའ་བློན་མཆོག་གིས། རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་བོད་དང་བོད་མི་ཟེར་བ་རྩ་མེད་གཏོང་པའི་སྲིད་ཇུས་ལག་བསྟར་བྱས་ཀྱང་། ད་ཆར་བོད་རྩ་མེད་བཟོ་རྒྱུ་ཟེར་པ་དེ་ཡོང་ཐབས་མེད་པ་ཞིག་ཡིན་པ་ཁ་གསལ་བོ་ཆགས་ཡོད་པ་དང་། བོད་དང་བོད་མིའི་རྣམ་དཔྱོད་ལ་དྲག་གནོན་གྱིས་རྩ་མེད་གཏོང་ཐུབ་པ་ཞིག་མིན་སྐོར། རྒྱ་གཞུང་གིས་༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས། ཚོགས་པ་དགོན་སྡེ་སོགས་ལ་བོད་ནང་གི་རང་ལུས་མེར་བསྲེགས་ཐད་བརྒྱུད་སྐུལ་བྱས་པའི་བསྙོན་འཛུགས་བྱས་དང་བྱེད་བཞིན་པ་དེས་ཕན་འབྲས་གང་ཡང་མི་འཐོན་པར། རྒྱ་ནག་མགོ་ཁྲིད་ཚོའི་ངོས་ནས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་ཇུས་མཚམས་འཇོག་བྱ་དགོས་ཚུལ་གསུངས་སོང་།  

ཡང་ཁོང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ངོས་ནས། བོད་ནང་གི་བོད་མི་ཚོས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཆེད་དྲང་བདེན་དང་འཚེ་བ་མེད་པའི་སྒོ་ནས་ལས་འགུལ་སྤེལ་མཁན་ཚོར་ཡི་རངས་དང་། ཁོང་ཚོའི་དགོས་འདུན་རྣམས་སྒྲུབ་ཐབས་བྱ་རྒྱུ་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་འཁྲི་པའི་ལས་འགན་ཞིག་ཏུ་ངོས་འཛིན་ཐོག མུ་མཐུད་བོད་ཀྱི་བདེན་མཐའ་མ་སེལ་པར་དུ་ཁོང་ཚོའི་དགོས་མདུན་བསྒྲུབ་ཐབས་ཀྱི་འགན་འཁུར་ངེས་ཡིན་ཞེས་གསུངས་སོང་།

དེབ་དང་པོར་ཤོག་གྲངས་ ༦༩༩ དང་། དེབ་གཉིས་པར་ཤོག་གྲངས་ ༨༢༧། དེབ་གསུམ་པར་ཤོག་གྲངས་ ༧༩༩། དེབ་བཞི་བར་ཤོག་གྲངས་ ༧༦༧། དེབ་ལྔ་བར་ཤོག་གྲངས་ ༣༩༡ བཅས་འདུག

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 5

  1. འདྲེ་མེ་འབུད། says:
    ལོ་ 13 སྔོན།

    དུས་ཐོག་ཆར་བ་ལྟ་བུའི་རླབས་ཆེ་བའི་བྱ་གཞག་འདི་ལྟ་བུའི་བྱེད་པོ་སྟེ་རྩོམ་སྒྲིག་པ་དག་ལ་གུས་པ་ལན་བརྒྱར་ཞུ།

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    དྲི་བ། ལོ་གཅིག་གཉིས་ནང་རང་སྲེག་གི་གྲངས་ཚད། མི་ལོ་བརྒྱ་ཕྲག་སྔོན་གསར་གཏོད་བྱས་པའི་དགའ་ལྡན་ཁྲི་པ་རིམ་བྱོན་གྱི་གྲངས་ཚད་ལས་ཀྱང་བརྒལ་སོང། ད་ག་རེ་བྱས་ན་དྲག་གམ།

    ལན། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་རང་སྲེག་མཚམས་འཇོག་རོགས་ཞེས་ཞུ་རྒྱུའི་གོ་སྐབས་ཡོལ་ཟིན་པ་རེད། སྤྱི་ཡོངས་ནས་ཞུས་ན་བཀའ་ཤག་གི་གསལ་བསྒྲགས་རིམ་བྱས་ཀྱི་ཚོད་དཔག་དང་བོད་ནང་གི་དོན་རྐྱེན་བྱུང་ཚད་གཉིས་རྦད་དེ་ཁ་ཁར་ཕྱིན་ཡོད། ”ཉེན་འཚབ་ཆེ་བའི་ལས་འགུལ་མ་སྤེལ་”ཞེས་དང་”འུ་ཐུག་ཐབས་ཟད”། ”འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་རིགས་མ་སྤེལ་ཞུས་ཀྱང་བོད་ནང་མཚམས་བཞག་མ་སོང་”ཟེར་བ་སོགས་ནི་བཀའ་ཤག་ནས་ཐོན་པའི་རང་སྲེག་ངོས་འཛིན་དང། ཡང་ན་དེའི་གནས་བབ་ཛ་དྲག་ལ་གདོང་ལེན་གནང་ཕྱོགས་ཀྱང་རེད། ད་ལྟ་རིམ་པ་འདི་དག་ཚང་མའི་བྲོ་བ་བརླག་ཟིན་པ་མ་ཟད། ཕྱི་རྒྱལ་ཤིག་ནས་མགོ་སེར་ཞིག་ལ་ཐུག་གི་ཡོད་རབ་ཀྱི་གནས་སྟངས་དེའང་ཚིག་ཙམ་གྱི་ངོ་བོར་མི་གནས་བའི་འབོད་སྐུལ་ང་ཚོའི་དཔོན་རིགས་ཚོའི་ཁ་ནས་གསལ་བོར་ཐོན་ཡོད། རྒྱུ་མཚན་འདིས་ད་ནི་ཐེ་ཚོམ་ངང་གནས་མི་རུང་བ་དང། གདེང་ཚོད་མེད་པར་འདུག་མི་ཉན་པའི་གནས་སྟངས་གསལ་རྗེན་བྱེད་ཀྱི་ཡོད་སྟབས། ཆབ་སྲིད་འགན་དབང་རྩིས་སྤྲོད་ཀྱི་ལོ་གཅིག་ལྷག་རིང་དོན་དངོས་པོར་ང་ཚོས་འགན་འཁྱོག་ཡོད་མེད་གནས་སྟངས་འདིས་གསལ་བཤད་བྱེད་ཐུབ་པས། དངོས་གནས་རང་བཀའ་ཤག་གིས་ཕྱིའི་རྣམ་པ་ལས་ནང་དོན་གཙིགས་སུ་འཛིན་གྱི་ཡོད་ན། རང་སྲེག་གི་གནས་སྟངས་ཐད་ཞིབ་འཇུག་ཚད་ལྡན་ཞིག་བྱས་ནས་ས་གནས་སོ་སོའི་རང་སྲེག་བྱུང་རྐྱེན་གྱི་དངོས་རྒྱུ་གསལ་སྟོན། རང་སྲེག་བྱུང་ཡུལ་སོ་སོར་ད་བར་རྒྱལ་སྤྱིའི་སྟེང་ཡོངས་གྲགས་མ་ཆགས་པའི་གནས་ཚུལ་ག་རེ་བྱུང་ཡོད་མེད། མ་འོངས་པར་རང་སྲེག་འདི་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ནང་རྣམ་པ་ཅི་ལྟར་གནས་མིན་དང་དེའི་ཐད་བཀའ་ཤག་ལ་གྲ་སྒྲིག་ག་རེ་ཡོད་མེད། རྒྱལ་སྤྱི་ཟེར་བའི་ནང་དོན་དངོས་རྒྱབ་སྐྱོར་ག་ཚོད་ཐོབ་ཡོད་མེད་དང་དེར་ནུས་བ་ཅི་ཙམ་ཐོན་མིན་བཅས་ཁ་གསལ་བོ་ཞིག་བོད་ནང་གསལ་བཤད་མ་གནང་དུས། རང་སྲེག་ཁྱབ་བསྒྲགས་ལ་འུར་ཆེ་བ་ཙམ་གཅིག་པུས་རང་སྲེག་གི་ཞུ་འབོད་ཐད་འགན་འཁུར་ཐུབ་ཡོད་པ་མ་རེད་ལ། ག་དུས་ཡིན་ན། མི་མང་གི་རྗེས་སུ་རྒྱུགས་པའི་དབུ་ཁྲིད་ཅིག་ཆགས་པ་ཡིན་ན་དེར་སྔ་ཕྱི་མ་གཏོགས་ལོ་རྒྱུས་ནང་དབུ་ཁྲིད་ཀྱི་ཁྱད་ཡོན་མེད་པའི་ནག་ཉེས་ཕོག་རྒྱུ་ཡིན་པ་གསལ་བོ་རེད།

    Reply
  3. ཨ says:
    ལོ་ 13 སྔོན།

    བཀའ་དྲིན་ཆེ། ཁྱེད་ཚོས་ང་ཚོར་གནང་བ་ཉུང་ཉུང་རྩ་ནས་མིན། མིག་ཅན་ཚོས་རིག་ནས་བསྡད་ཡོད། སེམས་ཡོད་ཚོས་དྲན་ནས་བསྡད་ཡོད། སྐུ་དྲིན་ཆེ།

    Reply
  4. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    དཔལ་ལྡན་བཀའ་ཤག་གིས་གནང་དགོས་པ་ཞིག་༧བྱེས་པ་གྲྭ་ཚང་ནས་གནང་བ་འདི་བོད་མི་རིགས་ཀྱིས་ནམ་ཡང་བརྗེད་མི་སྲིད་པས། སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ང་ཚོ་གཞུང་སྒེར་སུ་ཡིན་ཡང། ༧གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་ལྟར་དོན་དམ་པའི་བོད་དོན་ལས་ཀ་ཞིག་བྱེད་ཀྱི་ཡིན་མིན་ཐདལས་དོན་རླབས་ཆེན་འདིས་དྲི་རྟགས་གནམ་སའི་བར་ལ་མི་ཤོང་བ་ཞིག་བཏང་འདུག སླར་ཡང་ཐུགས་རྗེ་ཆེ་ཞུ་བ་དང། བོད་ནང་གི་སྤུན་ཟླ་འབྲེལ་ཡོད་ཚོ་ལའང་ཁྱེད་ཅག་གི་བྱས་རྗེས་འདི་རྣམས་ངོ་སྤྲོད་བྱ་ངེས་ཡིན།།

    ང་རང་གཞུང་འབྲེལ་མིན་སྒྲིག་འཛུགས་ཤིག་གི་སྣེ་མོ་ཡིན་པའི་ཆ་ནས་ནོངས་འགྱོད་དང་བཅས་ལས་དོན་ཉེ་འཚེ་བ་ཞིག་གིས་ཉི་མ་བསྐྱལ་བཞིན་པའི་གནས་བབ་ངོས་ལེན་ཞུ་འདོད་བྱུང་ལ་དཔའ་བོ་དཔའ་མོ་དེ་ཚོར་འགྱོད་གཤེགས་ཀྱང་ཞུ་འདོད་བྱུང། །

    Reply
  5. རྒྱང་ལྟ། says:
    ལོ་ 13 སྔོན།

    ཀིརྟིའི་བྱེས་པ་གྲྭ་ཚང་ལ་ཐུགས་རྗེ་ཆེ་ཞུ། མ་གཞི་དཔེ་དེབ་འདི་བུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ངོས་ནས་བསྒྲིགས་དགོས་པ་ཞིག་ཡིན་ནའང་། གནད་དོན་འདི་འདྲའི་ཐད་ཁ་ཡོད་ལག་ཡོད་ལྟ་བུ་ག་ནས་ཡིན་ཡང་གཞུང་ལས་སྒེར་བ་ནུས་པ་ཆེ་བ་ཞིག་ཆགས་ཡོད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡ། སྒྲིག་འཛུགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese