མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་ནང་བོད་དོན་སྙན་སེང་།

བོད་ཀྱི་དུས་བབ།
༢༠༡༣/༠༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་མིག་དམར་ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཁེ་ན་ཌའི་རྒྱལ་ཡོངས་གྲོས་ཚོགས་སུ་བོད་ནང་གི་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་གཙོས་པའི་ཛ་དྲག་གནས་སྟངས་ཁག་སྙན་སེང་ཞུས་འདུག

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་རྣམ་གཉིས་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་རྒྱལ་ཡོངས་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་མཉམ་ཞུགས་ཀྱིས། དེར་ཡོད་གྲོས་ཚོགས་ཚོགས་མིར་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་དྲག་གནོན་སྲིད་ཇུས། བོད་ནང་ཆོས་དད་དང་སྨྲ་བརྗོད་རང་དབང་མེད་པའི་དཀའ་ངལ་སོགས་སྙན་སེང་ཞུས་ཡོད་པ་མ་ཟད། ཉེ་ཆར་བཀའ་སྤྱི་ཐུན་མོང་གི་སྣེ་འཁྲིད་པའི་ལྡི་ལིའི་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཐོག་རྒྱ་གར་གྱི་གནད་ཡོད་མི་སྣ་མཉམ་ཞུགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་གནང་བ་དང་། རྒྱ་ནག་གནས་སྡོད་ཨ་རིའི་གཞུང་ཚབ་མཆོག་བོད་ཀྱི་ས་གནས་ཁག་ཏུ་ཕེབས་པའི་གནས་ཚུལ་རིམ་པ་བྱུང་ཡོད་སྟབས། མ་འོངས་པར་ཁེ་ན་ཌའི་གཞུང་ཚབ་མཆོག་ཀྱང་བོད་ཀྱི་ས་གནས་སྤྱི་དང་ལྷག་པར་དུ་རང་ལུས་མེར་བསྲེཊ་བཏང་དང་གཏོང་བཞིན་པའི་ས་ཁུལ་ཁག་ཏུ་ཕེབས་ཏེ། བོད་ནང་གི་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་གིས་རྒྱ་ནག་གཞུང་དང་ཁེ་ན་ཌའི་མི་མང་། གྲོས་ཚོགས་བཅས་ལ་དངོས་ཡོད་གནས་ཚུལ་སྙན་སེང་ཞུ་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་དང་། ད་ལྟའི་བར་ཁེ་ན་ཌའི་གཞུང་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་ལྟར། མ་འོངས་པར་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་གནང་ཡོད་འདུག

ཉིན་དེར་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་འཐུས་མིར་བོད་དོན་སྙན་སེང་དང་ཁོང་རྣམ་པའི་དྲི་བར་ལན་འདེབས་གནང་ཡོད་པ་མ་ཟད། ཉིན་རྒྱབ་ཆུ་ཚོད་ ༢།༠༠ པ་ཡས་མས་སུ་ཁེ་ན་ཌའི་སི་ཊི་ཝེ་  (CTV) ཞེས་པའི་བརྙན་འཕྲིན་གྱི་བཅར་འདྲི་དང་ལེན་ཐོག བོད་ནང་བོད་མི་མང་པོས་རང་ལུས་མེར་བསྲེཊ་བཏང་སྟེ་ཛ་དྲག་གི་གནས་སྟངས་ཆགས་ཡོད་པའི་སྐབས་འདིར། ཁོང་གི་ངོས་ནས་ཁེ་ན་ཌའི་གཞུང་ནས་རྒྱ་ནག་ལ་འབོད་སྐུལ་ཞུས་ཏེ། བོད་ནང་གི་དཀའ་ངལ་སེལ་ཆེད་རྒྱ་གཞུང་དང་གྲོས་མོལ་ཡོང་ཐབས་ཀྱི་རེ་བ་ཞུ་བཞིན་ཡོད་པ་དང་། བོད་ནང་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་བཞིན་པའི་རྒྱུ་རྐྱེན་གཙོ་བོ། རྒྱ་ནག་གི་དཔལ་འབྱོར་གྱི་གནས་སྟངས་ཆ་མི་སྙོམས་པ་དང་། ལྷག་པར་དུ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག བོད་མིའི་འགྲོ་འདུག་སྤྱོད་གསུམ་བཅས་ལ་དམ་དྲག་བྱས་པའི་དབང་གིས་བྱུང་བ་ཡིན་སྟབས། བོད་རྒྱའི་དཀའ་ངལ་ཞི་བའི་ལམ་ནས་སེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང་། ཁེ་ན་ཌའི་གཞུང་ནི་མང་གཙོ་དང་འགྲོ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་ཤུགས་ཆེར་གནང་མཁན་གྱི་རྒྱལ་ཁབ་ཅིག་ཡིན་སྟབས། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་སོགས་ཀྱི་སྐབས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་དངོས་ཡོད་གནས་སྟངས་རྟོག་ཞིབ་གནང་རྒྱུར་རེ་བ་ཡོད་སྐོར་གསུངས་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TT
Mobile App

རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་ས་གནས་གཞན་ལ་གནས་སྤོ་བཞིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
ཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༨
Mobile App

བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

༢༠༢༦/༠༨/༢༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༢༠༢༦/༠༨/༢༧
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦

མཆན། 2

  1. འཇམ་གཅེས ། says:
    ལོ་ 14 སྔོན།

    ཡིན་ཡང་རྒྱ་མིའི་སྒོར་མོ་དེ་་་འགྲོ་བ་མིའི་རིན་ཐོང་ལས་ཚད་མཐོ་བ་རེད་་་་ངོ་མ་ཁག་པོ་རེད་་་

    Reply
  2. འཇམ་གཅེས ། says:
    ལོ་ 14 སྔོན།

    མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་སོགས་ཀྱི་སྐབས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་དངོས་ཡོད་གནས་སྟངས་རྟོག་ཞིབ་གནང་རྒྱུར་རེ་བ་ཡོད་གསུངས་འདུག །བཀའ་དྲིན་ཆེ་་་་ངོ་མ་ཁྱེད་ཀྱིས་ལས་དོན་ཧུར་བརྩོན་གནང་བར་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese