མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཁ་སྟོབས་ཆེ་ཆུང་ལ་ཐུག་མེད་པར་བདེན་པ་ཡོད་མེད་ལ་ཐུག་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་གར་བོད་དོན་རྒྱབ་སྐྱོར་པ་ཁག་ཅིག་གིས་ངྷ་ས་ནས་གཏམ་བཤད་གནང་སྟེ། རྒྱ་གར་གྱི་རཱ་མ་ཡ་ནའི་གཏམ་བརྒྱུད་ལྟར། ཕར་ཕྱོགས་སྟོབས་ཆེན་ཞིག་ལ་ཚུར་ཕྱོགས་སྟོབས་ཆུང་ཞིག་གིས་འཐབ་རྩོད་བྱས་ཀྱང་། མཐའ་དོན་བདེན་པ་ལ་རྒྱལ་ཁ་འཐོབ་ངེས་ཡིན་པའི་གནས་ལུགས་དེ་མ་བརྗེད་རོགས་ཟེར།

ཁ་སང་ཕྱི་ཚེས་ ༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༣༠ སྟེང་ངྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་ཞབས་ཞུ་ཚོགས་པ་(RSS)ཞེས་པའི་སྤྱི་ཁྱབ་འབྲེལ་མཐུད་པ་ཨིན་ཌི་རེ་ཤཱི་ཀུ་མར་(Indresh Kumar) དང་། ཀང་རཱ་རྫོང་གི་ཚོགས་པ་དེའི་ཡན་ལག་ཚོགས་གཙོ་བྷུ་ཤན་ཇེ་(Bhushan jee)།  ཧི་མ་ལ་ཡ་ཁྱིམ་ཚང་ཚོགས་པའི་(Himalaya Purivaar) ས་གནས་ཧི་མ་ཅཱལ་མངའ་སྡེ་ཡན་ལག་ཚོགས་པའི་དྲུང་ཆེ་རཱེ་ཤཱེ་ཝ་ལེ་ཡ་(Rishiwalia) བཅས་གསུམ་གྱིས། བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་འཛིན་སྟངས་དང་། བོད་མིའི་རང་ལུས་མེར་བསྲེགས་ཐད་རྒྱ་གར་དང་རྒྱལ་སྤྱིར་གླེང་ཤུགས་ཆེ་རུ་གཏོང་ཐབས་བཅས་ཀྱི་ཐོག་གཏམ་བཤད་གནང་སོང་། གཏམ་བཤད་དེར་རྒྱ་གར་བོད་དོན་རྒྱབ་སྐྱོར་པ་ཁག་ཅིག་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་བྱེད་བཅས་ཀྱིས་དྲི་བ་དྲིས་ལན་བཅས་གནང་སོང་། 

བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཟུར་པ་དང་ཧི་མ་ལ་ཡ་ཁྱིམ་ཚང་ཚོགས་པའི་རྒྱུན་ལས་འཆི་མེད་གཡང་དྲུང་ལགས་ཀྱིས་གཏམ་བཤད་དུ་ཕེབས་མཁན་དག་ནི་དུས་རྒྱུན་བོད་དོན་ལ་ཁ་ཞེ་གཉིས་མེད་ཐོག་རྒྱབ་སྐྱོར་གནང་མཁན་ཡིན་པ་དང་། རྒྱ་གར་རྒྱལ་ཡོངས་ཞབས་ཞུ་ཚོགས་པ་དེ་རྒྱ་གར་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་ཤིག་དང་། རྒྱ་གར་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེན་པོ་ཡོད་མཁན་ཞིག་ཡིན་སྐོར། ལྷག་པར་དུ་ཨིན་ཌི་རེ་ཤཱི་ཀུ་མར་ཁོང་ནི་དུས་ཡུན་རིང་པོ་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཞིག་ཡིན་ཞིང་། བོད་པ་དང་རྒྱ་གར་བར་གྱི་འབྲེལ་ལམ་གོང་འཕེལ་དང་རྒྱ་གར་ནང་བོད་དོན་རྒྱབ་སྐྱོར་རྒྱ་སྐྱེད་གཏོང་ཕྱིར་ཆེད་དུ་ཁོང་གིས་འཕགས་བོད་མཛའ་འབྲེལ་ཚོགས་པ་དང་ཧི་མ་ལ་ཡ་ཁྱིམ་ཚང་ཚོགས་པ་གཉིས་གསར་འཛུགས་བྱས་ཤིང་། དེང་སྐབས་ཚོགས་པ་འདི་གཉིས་བརྒྱུད་རྒྱ་གར་སྤྱི་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་ནུས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་སྐོར་ངོ་སྤྲོད་གནང་སོང་།

དེའི་རྗེས་བྷུ་ཤན་ཇེ་ཡིས་གཏམ་བཤད་གནང་བའི་ནང་། དུས་རབས་ ༡༩ ནང་བྱུང་པ་རྒྱ་གར་ཧིན་རྡུ་ཆོས་ལུགས་ཀྱི་ལྟ་གྲུབ་སྨྲ་བ་ཝི་ཝེ་ཀཱ་ནན་ཌ་(Swami Vivekananda) ལགས་རྒྱ་གར་ཙམ་མ་ཡིན་པར་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་གདེང་འཇོག་ཆེན་པོ་ཐོབ་མཁན་ཞིག་ཆགས་ཡོད་ཅིང་། དེ་ནི་ཁོང་གིས་གང་བཤད་པ་དང་གང་བསྒྲུབས་པ་དག་བདེན་དོན་རྐྱང་ཡིན་པ་ལྟར། དེང་སྐབས་ཨིན་ཌི་རེ་ཤཱི་ཀུ་མར་གྱིས་ཁོང་ནང་བཞིན་བདེན་པའི་རྗེས་སུ་འབྲང་སྟེ་སྤྱི་ཚོགས་ནང་ལས་དོན་རླབས་ཆེན་སྒྲུབ་མཁན་ཞིག་ཆགས་ཡོད་སྐོར། གཏམ་བཤད་འདིར་ངོ་བོའི་ཆ་ནས་ཚོགས་པ་འདྲ་མིན་ཆགས་ཡོད་ཀྱང་། ནང་དོན་གྱི་ཆ་ནས་ཚང་མ་བདེན་དོན་ཆེད་ཁ་ཕྱོགས་གཅིག་གི་སྟེང་སྐྱོད་དགོས་པ། རྒྱ་ནག་ཅི་ཙམ་ཆེན་པོ་ཡིན་ཡང་བདེན་དོན་རྩོད་པའི་སྙིང་སྟོབས་ནམ་ཡང་ཞུམ་མི་རུང་བ་དང་། རྒྱ་གར་གྱི་མ་ཧ་བྷ་རཱ་ཊ་(Mahabharata) དང་ར་མ་ཡ་ན་སོགས་རིག་བྱེད་ཀྱི་གཏམ་རྒྱུད་དག་ལ་བལྟས་ཀྱང་། ཕ་རོལ་བ་ཇི་འདྲའི་སྟོབས་དང་ལྡན་པ་ཞིག་ཡིན་ཡང་མཐའ་མའི་རྒྱལ་ཁ་དེ་བདེན་པ་རྩོད་མཁན་ལ་ཐོབ་ཡོད་པ་ལྟར་དུས་ཀྱི་སྔ་ཕྱི་ཙམ་ལས་བོད་ཀྱི་བདེན་པར་རྒྱལ་ཁ་འཐོབ་པའི་ཉིན་ཞིག་འཆར་ངེས་ཡིན་པ་དང་། བོད་ཀྱི་བདེན་དོན་ལ་རྒྱལ་ཁ་འཐོབ་རྒྱུར་ཡིད་ཆེས་བརྟན་པོ་ཡོད་པར་བརྗོད་བྱུང་།

ཉིན་དེའི་མི་སྣ་གཙོ་བོ་ཨིན་ཌི་རེ་ཤཱི་ཀུ་མར་གྱིས་བོད་ནང་གི་རང་ལུས་མེར་བསྲེགས་ཐད། དེང་སྐབས་བོད་མིའི་རང་སྲེག་ལ་རང་ཤི་བརྒྱབ་པར་ངོས་འཛིན་བྱེད་མཁན་ཡོང་གི་ཡོད་པ་དང་། རང་ཤི་ཟེར་པ་ནི་སྒེར་དང་ཁྱིམ་ཚང་སོགས་ཀྱི་དཀའ་རྙོག་འོག་བྱུང་གི་ཡོད་པ་ཞིག་དང་། བོད་མིའི་རང་སྲེག་ནི་རྒྱལ་ཁབ་དང་མི་རིགས། རང་དབང་དང་བདེན་པ་སོགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱས་པ་ཞིག་ཡིན་པ། འདས་པའི་མི་ལོ་ ༥༠ ལྷག་གི་རིང་རྒྱ་ནག་གིས་བོད་མིར་དྲག་གནོན་མནར་གཅོད་བྱས་པའི་ཉེར་ལེན་གྱིས་རྒྱ་ནག་གིས་འགོག་ཐབས་མེད་པའི་ད་ལྟའི་རང་སྲེག་འདི་བྱུང་ཡོད་ཅིང་། དེ་ནི་འཐབ་རྩོད་ཀྱི་ཚད་མཐོ་ཤོས་དང་རིན་ཐང་ཆེ་ཤོས་ཤིག་ཆགས་ཡོད་སྐོར། ཕྱོགས་གཅིག་ནས་མི་ཞིག་གི་ཚེ་སྲོག་མེ་རུ་སྒྲོན་པ་དེ་བསམ་ཡུལ་ལས་འདས་པ་ཞིག་དང་། ཕ་མ་ནང་མི་དང་མི་རིགས་ལ་མཚོན་ན་བོད་མི་གཅིག་གི་ཚེ་སྲོག་ཤོར་ཡང་བློ་འཚབ་ཡོད་ངེས་ཀྱང་། ཕྱོགས་གཞན་ཞིག་ནས་བལྟས་ན་རང་ལུས་མེར་བསྲེགས་ལས་འགུལ་དེ་ནང་ཁུལ་ཆིག་སྒྲིལ་དང་བོད་དོན་རྒྱལ་སྤྱི་ཅན་དུ་འགྱུར་རྒྱུ་བཅས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྟབས། ཁོང་རང་གི་ངོས་ནས་ལས་འགུལ་འདི་བྱུང་པ་ཧ་ཅང་ཡག་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་སོང་།

དྲི་བ་དྲིས་ལན་སྐབས་རྒྱ་གར་རྒྱལ་ཡོངས་ཞབས་ཞུ་ཚོགས་པས། ད་སྔའི་རྒྱ་གར་གྱི་བོད་ཐོག་བཟུང་པའི་སྲིད་ཇུས་ལ་འགྱུར་བ་གཏོང་རྒྱུར་ཤུགས་རྐྱེན་སྤྲོད་ཐུབ་མིན་དྲིས་པར་ཁོང་གིས། དང་པོ་རྒྱ་གར་གཞུང་གི་སྲིད་ཇུས་ལ་འགྱུར་པ་གཏོང་རྒྱུར་༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཐབ་རྩོད་ཀྱི་ལངས་ཕྱོགས་གསལ་བོ་བཟོ་རྒྱུ་གལ་ཆེན་པོ་ཡིན་པ། དེང་སྐབས་བཙན་བྱོལ་བོད་མིའི་མགོ་ཁྲིད་ཚོས་རང་སྐྱོང་བཤད་ཀྱི་ཡོད་པ་དང་མང་ཚོགས་ཁྲོད་རང་བཙན་བཤད་ཀྱི་ཡོད་བཅས་གཉིས་ཆགས་ཡོད་པ་དེ་གཅིག་དང་། གཉིས་ནས་རྒྱ་གར་གཞུང་གིས་བོད་ཐོག་བཟུང་པའི་སྲིད་ཇུས་ནི་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་ལེན་བྱས་ཡོད་ལ། བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་རྒྱ་ནག་གི་རྩ་ཁྲིམས་འོག་གནས་རྒྱུར་ཁས་ལེན་བྱེད་ཀྱི་ཡོད་སྟབས། རྒྱ་གར་གཞུང་གི་སྲིད་ཇུས་དང་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་རྩ་བ་ཐུག་ས་གཅིག་པ་ལྟ་བུ་ཆགས་ཡོད་པས། རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་པ་གཏོང་དགོས་ཟེར་ན་དོན་ལ་འགྱུར་པ་གང་འདྲ་གཏོང་དགོས་པ་ཁ་གསལ་ཆགས་མེད་སྐོར་། གལ་སྲིད་རྒྱ་གར་གཞུང་གི་སྲིད་ཇུས་འགྱུར་པ་གཏོང་དགོས་ཚེ་བཙན་བྱོལ་སྒྲིག་འཛུགས་དང་མི་མང་གི་འཐབ་རྩོད་ཀྱི་ལངས་ཕྱོགས་དེ་སྔ་དང་མ་འདྲ་ཞིག་འཛིན་དགོས་པར་བརྗོད་སོང་།

ཡང་ཁོང་གིས་དེང་སྐབས་གལ་ཆེ་ཤོས་རྒྱ་གར་གྲོས་ཚོགས་ནང་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་ཐད་གླེང་སློང་ཡོང་ཐབས་བྱ་རྒྱུ་དེ་ཡིན་སྐོར། དོན་དངོས་ཐོག་རྒྱ་དཀར་ནག་གི་འབྲེལ་བ་ཡག་པོ་མེད་སྐོར། རྒྱ་ནག་ནི་ཁ་གཏན་ཚིག་ལ་མི་གནས་པ་དང་། རྒྱ་ནག་ནི་སོ་སོའི་ཁེ་ཕན་ཆེད་གཞན་གྱི་ཆེད་མཐོང་དང་ཐོབ་ཐང་སོགས་གང་ལའང་མི་བལྟ་བར་ཧམ་འཛུལ་བྱེད་མཁན་གྱི་རྒྱ་སྐྱེད་རིང་ལུགས་པ་ཞིག་ཡིན་སྐོར་སོགས་བརྗོད།

གསར་འགོད་པ། བནྡེ་སྐྱབས། 

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 4

  1. ཕྱུགས་རྫི says:
    ལོ་ 13 སྔོན།

    འཐབ་རྩོད་ཀྱི་ལངས་ཕྱོགས་གསལ་བོ་བཟོ་རྒྱུ་གལ་ཆེན་པོ་ཡིན་པ་དང་རྒྱ་གར་བས་བོད་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་འགྲོ་བ་སོགས་ལ་ལན་དང་བཀའ་སློབ་དཔེ་ཡག་པོ་གནང་འདུག་སྙམ།

    Reply
  2. དུག་མདུང་རྩེ་དགུ། says:
    ལོ་ 13 སྔོན།

    ཕལ་ཆེར་རྒྱ་གར་སྡོམ་པོ་སྐོར་ཞིག་གིས་ཉིན་གུང་ཟ་མ་ཟ་ཁང་ནས་བཟའ་མ་འདོད་པར་གུང་ཟས་ཆེད་དུ་ཁ་ཡག་བཤད་པ་འདྲ། རྒྱ་གར་བས་བོད་ལ་ད་བར་རྒྱབ་སྐྱོར་བྱེད་མྱོང་མེད་པས་ཡིད་ཆེས་མེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ རྒྱ་ནག་ནི་ཁ་གཏན་ཚིག་ལ་མི་གནས་པ་དང་། རྒྱ་ནག་ནི་སོ་སོའི་ཁེ་ཕན་ཆེད་གཞན་གྱི་ཆེད་མཐོང་དང་ཐོབ་ཐང་སོགས་གང་ལའང་མི་བལྟ་བར་ཧམ་འཛུལ་བྱེད་མཁན་གྱི་རྒྱ་སྐྱེད་རིང་ལུགས་པ་ཞིག་ཡིན་སྐོར་སོགས་བརྗོད། ་་་་ཟེར།

    Reply
  4. རྨ་དུག་ལྕེ། says:
    ལོ་ 13 སྔོན།

    བོད་པ་ཚོ་སྙིང་རྗེ་རྒྱ་གར་ཡུལ་སྐོར་བ་སྐོར་ཞིག་གིས་རིག་བྱེད་གཏམ་རྒྱུད་རྙིང་གོག་ཞིག་དྲུད་ཡོང་ནས་སེམས་གསོ་གཏོང་བའི་ཚད་ལ་སླེབས་ཚར་ཤག། འ་ཡོ་ད་ཡིན་ན་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese