མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་རྒྱལ་དར་འཕྱར་བར་ངོས་ལེན་རྩ་བ་ནས་མེད་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ངྷ་ས་ཉིན་སློབ་ཚོཊ་ཁང་དུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལཊ་ཀྱིས་མང་ཚོགས་དང་བགྲོ་གླེང་གནང་སྟེ། ཁོ་རང་གི་བོད་སྐྱོད་གོམ་བགྲོད་ནང་རྒྱ་ནག་གི་རྒྱལ་དར་འཕྱར་ན་འགྲིག་མིན་ཐོག་བསམ་ཚུལ་བསྡུས་པར། མི་མང་ཕལ་ཆེ་བས་གོམ་བགྲོད་སྐབས་རྒྱ་དར་མི་འཕྱར་རྒྱུར་འབོད་སྐུལ་ཞུས་སོང་།

ཞི་བའི་འཐབ་རྩོད་པ་རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་སྒེར་ངོས་ནས་གོ་སྒྲིག་འོག དེ་རིང་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བཞུགས་སྒར་ངྷ་ས་མེག་གྷན་ཉིན་སློབ་ཚོགས་ཁང་དུ། ཁོང་གི་ཞི་བའི་འཐབ་རྩོད་ཀྱི་ངོ་བོ་ངོ་སྤྲོད་དང་། བོད་སྐྱོད་གོམ་བགྲོད་ལས་འགུལ་བཅས་ཀྱི་ཐོག་མང་ཚོགས་ལ་བསམ་ཚུལ་བརྗེ་རེས་ཀྱི་བགྲོ་གླེང་ཞིག་ཚོགས་སོང་། བགྲོ་གླེང་དེར་དེར་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གཙོས་ངྷ་ས་ཁུལ་གྱི་བོད་རིགས་རྩོམ་པ་པོ་དང་ཤེས་ཡོན་ཅན་སོཊ་ཁྱོན་སེར་སྐྱ་གྲངས་ ༦༠ ལྷག་འདུ་འཛོམས་བྱུང་ལ། བགྲོ་གླེང་དངོས་གཞིའི་སྐབས་བརྗོད་གཞི་རང་གི་ཐོག་ཏུ་དྲི་བ་དྲིས་ལན་དེ་ཙམ་བྱུང་མེད་པར། གླིང་ཚའི་གོམ་བགྲོད་ནང་རྒྱ་ནག་གི་རྒྱལ་དར་འཕྱར་བའི་ཐོག་བསམ་ཚུལ་བཤད་སོང་ལ། མི་མང་ཕལ་ཆེ་བས་གླིང་ཚའི་ལས་འགུལ་ནང་རྒྱ་ནག་གི་རྒྱལ་དར་འཕྱར་བ་དེར་འདོད་པ་མེད་སྐོར་དང་། ཁག་ཅིག་གིས་རྒྱ་ནག་གི་རྒྱལ་དར་འཕྱར་བ་དེ་ནི་ཧ་ཅང་འགྲིག་པ་ཞིག་ཡིན་པ་མ་ཟད། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་རྩོད་ལེན་བྱེད་བཞིན་པའི་དབུ་མའི་ལམ་གྱི་ལངས་ཕྱོགས་ཁ་ཞེ་གཉིས་མེད་ཐོག་མཚོན་ཐུབ་ཚུལ་སོགས་བརྗོད་བྱུང་། ཡང་མི་རེ་ཟུང་ཞིག་གིས་ལས་འགུལ་དེ་འདྲ་སྤེལ་སྐབས་དབུ་དང་རང་བཙན་གང་རུང་གི་ངོ་བོར་སྦྱར་དགོས་དོན་མེད་པར་སོ་སོ་སྒེར་གྱིས་ཐག་གཅོད་དགོས་ཚུལ་ཡང་བརྗོད་བྱུང་།

གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས། ཁོང་གི་ཞི་བའི་འཐབ་རྩོད་ཐོག་རྣམ་པ་ཅི་རིཊ་ཀྱིས་རོཊ་སྐྱོར་གནང་མཁན་བོད་མི་ལྷག་བསམ་ཅན་རྣམས་དང་། དུས་ཡུན་རིང་པོར་བཙན་བྱོལ་བོད་མིར་རོཊ་སྐྱོར་གནང་མཁན་རྒྱ་གར་གཞུང་དམངས་བཅས་ལ་བསྔཊ་བརྗོད་དང་འབྲེལ། ད་བར་ཁོང་གིས་ལས་འགུལ་གང་སྤེལ་བ་དང་སྐད་ཆ་གང་བཤད་པ་དག་གི་ཐོག་མི་མང་ནང་བསམ་ཚུལ་སྣ་ཚོགས་ཡོང་གི་ཡོད་མེད་ལ་མ་ལྟོས་པར། ཁོང་གི་ངོས་ནས་བོད་མི་རིགས་ཀྱི་བདེན་དོན་རྩོད་རྒྱུ་ནི་སོ་སོའི་ཚེ་སྲོག་ལས་ཀྱང་གལ་ཆེན་ཞིག་ཏུ་བརྩིས་ཏེ། རང་གི་ཕ་མ་སྤུན་མཆེད་དང་བཟའ་ཟླ་བུ་ཕྲུག་སོཊ་རྒྱབ་ཏུ་བསྐྱུར་ནས་ལུས་ངག་ཡིད་གསུམ་མི་རིཊ་འདིའི་ཆེད་བློས་གཏོང་བྱ་རྒྱུའི་དམ་བཅའ་བཞག་ཡོད་སྐོར་བརྗོད་སོང་།

ཚོགས་ཐོག་ཏུ་ངྷ་སར་གནས་སྡོད་བོད་མི་ན་གཞོན་ཀརྨ་བསྟན་འཛིན་ལགས་ཀྱིས། བོད་མིའི་སྒྲིག་འཛུཊ་ཀྱི་ལང་ཕྱོགས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་ནང་བོད་མིར་རང་སྐྱོང་གནས་བབ་རྩོད་བཞིན་པའི་ཆ་ནས་སྤྱི་ཚོགས་ནང་རྒྱ་དར་འཕྱར་བར་དགག་བྱ་མི་བྱེད་ཀྱང་། ལོ་སྔོན་མའི་གོམ་བགྲོད་ནང་རྒྱ་དར་འཕྱར་བར་བརྟེན་ཏེ་མང་ཚོགས་ནང་རྩོད་གླེང་བྱུང་ཡོད་སྐོར། ཁོང་སྒེར་ངོས་ནས་ཚེ་རྡོར་ལཊ་ཀྱི་སྙིང་སྟོབས་དང་། ཆོད་སེམས་ལ་བརྩི་བཀུར་ཡོད་ཀྱང་། རྒྱ་དར་འཕྱར་བ་དེས་བོད་པ་ནང་ཁུལ་དུ་བསམ་ཚུལ་མི་མཐུན་པ་ཆཊ་ཏེ་འགལ་ཟླ་བཟོ་བཞིན་ཡོད་སྟབས། གོམ་བགྲོད་ཐེངས་གཉིས་པའི་སྐབས་རྒྱ་དར་མི་འཕྱར་རྒྱུའི་འབོད་སྐུལ་ཞུས་སོང་།  

ནོར་གླིང་མཐོ་སློབ་ཀྱི་སློབ་མ་གྲྭ་རྫ་སྲས་བདེ་ཆེན་ལགས་ཀྱིས། ཚེ་རྡོར་ལགས་ཀྱིས་བོད་བསྟན་སྲིད་ཆེད་སྒེར་ངོས་ནས་ལས་འགུལ་དེ་ལྟ་བུ་ཞིག་སྤེལ་བར་བསྔཊ་བརྗོད་ཡོད་རུང་། གོམ་བགྲོད་ནང་རྒྱ་དར་འཕྱར་བ་དེ་དབུ་མའི་ལམ་གྱི་སྲིད་བྱུས་དང་མཐུན་མིན་བཤད་དཀའ་བ། མ་འོངས་པའི་རྒྱ་ནག་གི་འགྱུར་འགྲོས་ལ་ཚོད་དཔག་བྱེད་དཀའ་ཡང་། ད་ལྟའི་ཆར་རྒྱ་ནག་གི་རྒྱལ་དར་དེས་རྒྱ་ནག་དམར་པོའི་ངོ་བོ་མཚོན་པ་ལས་རྒྱ་ནག་སྤྱི་ཡོངས་ཀྱི་གནས་སྟངས་མཚོན་མི་ཐུབ་ཅིང་། བོད་མིའི་སྒྲིག་འཛུཊ་ཀྱིས་བོད་རང་བཙན་མ་ཡིན་པ་ཞིག་དང་ད་ལྟའི་རྒྱ་ནག་སྲིད་ཇུས་ཀྱང་མིན་པའི་རང་སྐྱོང་གནས་བབ་ཅིག་རྩོད་བཞིན་ཡོད་སྟབས། གོམ་བགྲོད་སྐབས་རྒྱ་དར་འཕྱར་བ་དེ་དབུ་མའི་ལམ་གྱི་དགོངས་དོན་དང་འགལ་ཟླ་ཆཊ་ཡོད་སྐོར། ཡིན་ནའང་གཙོ་བོ་སོ་སོའི་རྣམ་དཔྱད་རྩལ་དུ་བཏོན་ཏེ་ཐག་གཅོད་དགོས་པ་ལས་གཞན་གྱིས་ཟེར་རྗེས་སུ་འབྲང་ན་མི་འགྲིག་ཚུལ་བརྗོད་སོང་།

ན་གཞོན་བོད་མི་བན་དེ་ལགས་ཀྱིས་ཚེ་རྡོར་ལགས་ཀྱིས་རྒྱ་ནག་རྒྱལ་དར་འཕྱར་མིན་ཐོག་མང་ཚོཊ་བསམ་ཚུལ་བསྡུ་རུབ་དགོས་པའི་རྒྱུ་མཚན་མཐོང་གི་མེད་ཅིང་། ཁོང་སྒེར་ངོས་ནས་རྒྱ་ནག་རྒྱ་དར་འཕྱར་བ་དང་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་བོད་མིའི་རང་སྐྱོང་དགོས་འདུན་གཉིས་བར་འགལ་ཟླ་མཐོང་གི་ཡོད་པ་དང་། རྒྱ་གཞུང་གིས་བོད་ལ་དབང་སྒྱུར་བྱས་རྗེས་རྒྱ་དར་དམར་པོ་དེའི་འོག་བོད་མི་མང་པོ་ཞིག་འདས་གྲོངས་སུ་ཕྱིན་ཡོད་པ། རྒྱ་ནག་གི་རྒྱལ་དར་དེ་ཡིས་ད་ལྟའི་རྒྱ་གཞུང་གི་ངོ་བོ་མཚོན་གྱི་ཡོད་པ། གསུམ་བཅུའི་དུས་དྲན་ནི་བོད་ཀྱི་ལོ་རྒྱུས་ཐོག་བོད་མིས་རྒྱ་གཞུང་ལ་ཞི་བའི་སྒེར་ལངས་བྱས་པའི་ཉིན་མོ་གལ་ཆེན་ཞིག་ཆཊ་ཡོད་སྟབས། ཉིན་མོ་དེར་རྒྱ་དར་འཕྱར་ན་ལོ་རྒྱུས་དང་ད་ལྟའི་གནས་བབ་གང་ཐད་ནས་བལྟས་ཀྱང་། རྩ་བ་ཉིད་ནས་ངོས་ལེན་བྱེད་ཐབས་མེད་སྐོར་བརྗོད་སོང་།

མཇུག་ཏུ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས། ཉེ་ལམ་ཁོང་གིས་རང་ཉིད་སྒེར་གྱི་ངོ་དེབ་སྟེང་གལ་སྲིད་ཞི་བའི་གོམ་བགྲོད་སྐབས། རྒྱ་ནག་རྒྱལ་དར་འཕྱར་བ་དེའི་ཐོག་ནས་བོད་མི་རིགས་ཀྱི་སེམས་ལ་ཕོག་ཐུག་འགྲོ་གི་ཡོད་ན། ཁོང་གི་ངོས་ནས་མ་འོངས་པར་རྒྱ་ནག་རྒྱལ་དར་མུ་མཐུད་འཕྱར་དགོས་མིན་ཐོག་བསམ་བློ་གཏོང་རྒྱུ་ཡིན་པ་བརྗོད་ཡོད་སྐོར་དང་། ད་སྔ་ཁོང་གིས་སྒྲུབ་བཞིན་པའི་ལས་འགུལ་གྱི་ངོ་བོ་དང་དམ་བཅའ། བློས་གཏོང་བཅས་ནི་བོད་མི་རིགས་ཀྱི་བདེན་དོན་ཁོ་ནའི་ཆེད་ཡིན་སྟབས། རྒྱ་དར་འཕྱར་རྒྱུ་དེ་ང་གཅིག་པུས་ཐག་གཅོད་བྱས་ན་འགྲིག་གི་ཡོད་མེད་ཐོག་བསྐྱར་དུ་བསམ་བློ་གཏོང་རྒྱུ་ཡིན་ཚུལ་བརྗོད་བྱུང་།

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 9

  1. མངའ་རིས་འཕྲིན་ལས། says:
    ལོ་ 13 སྔོན།

    གལ་སྲིད་རྒྱ་དམར་གྱི་ཁྲག་དར་འཕྱར་བ་དེ་ལམ་དབུ་མ་མཚོན་ཐུབ་ཚེ་ད་བར་རྡ་སའི་ལས་ཁུངས་ཆེ་ཁག་ཐོག་ཏུ་དར་དམར་འཕྱར་བ་མཐོང་ཐོས་ཡོད་དམ། དེ་མིན་ན་ལམ་དབུ་མ་ཡིན་ཟེར་ནས་དར་དམར་འཕྱར་ན་བོད་མི་ནང་ཕན་ཚུན་བསམ་ཚུལ་མི་མཐུན་པ་དང་། རྩོད་གཞི་མང་རུ་འགྲོ་རྒྱུ་ལས་ཕན་པ་གང་ཡང་མེད། དེ་བས་གོམ་བགྲོད་བྱེད་རྒྱུ་མཚམས་འཇོག་བྱས་ན་ཡག་ཤོས་རེད། དར་དམར་ཁྱེར་ནས་གོམ་བགྲོད་དགོས་པ་མེད་གནམ་གྲུ་དང་། རླང་འཁོར་ནང་ལྷོད་ལྷོད་བྱས་ནས་ཁ་བྱང་ཕྱོགས་སུ་འགྱུ་དང་དར་དམར་འོག་སླེབས་ངེས་པ་ཡིན།

    Reply
  2. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ཁྱེད་དངོས་གནས་བོད་པའི་ཆེད་དུ་ལས་འགུལ་སྤེལ་འདོད་ན། རྒྱ་དར་དེ་འཕྱར་རྩ་བ་ནི་མི་རུང་། འོན་ཀྱང་ཁྱེད་ལ་འགན་ཅི་ཞི་ཡོད་མེད་དང་། མངོན་མེད་ཀྱི་ལས་དོན་གང་ཞིག་སྒྲུབ་དགོས་མིན་སུས་ཀྱང་མི་ཤེས། ཁྱེད་ལ་ཡིད་ཆེས་རྦད་དེ་བརླགས་སོང་བས་བློས་འཁེལ་ཐབས་བྲལ།
    ངས་ཁྱེད་ལ་རེ་བ་ཞིག་ཞུ་རྒྱུ་ནི། ཁྱེད་ཀྱིས་ནང་མི་བུ་ཕྲུག་ལ་ལྟ་སྐྱོང་གནང་སྟེ། ཁ་ཁུ་སིམ་མེར་སྡད་དེ། ནང་དཀྲུག་གི་མཚམས་འཇོག་ན་དེ་ལས་དགའ་ས་མི་འདུག་ལགས། བྱུང་མ་མྱོང་། ལས་མ་མྱོང་བ་ཁྱེད་ཀྱིས་ལས་ཚར་ཐལ། ཡིད་ཀྱི་གཏིང་ནས་སྐྱུག་བྲོ་ཞིང་། ཡིད་ཚིམ་སོང་། ད་ནི་ཁྱེད་བོད་ལ་སླེབ་འདུག་ཟེར་ན། དགའ་སྡུག་གི་ཚོར་བ་ཅི་ཡང་སྐྱེ་ས་མ་རེད།

    Reply
  3. Ngawang Norbu says:
    ལོ་ 13 སྔོན།

    ༄༅། །གོང་དུ་ལུང་རྟོགས་ལགས་ནས་གསུངས་དོན་ལྟར། ད་ལྟ་ང་ཚོའི་རྩ་དོན་ཐབས་རྩོད་ཀྱི་ལས་འགུལ་གང་ཅིར་རྒྱ་དམར་གྱི་དར་ཆ་དམར་པོ་ཁྲག་མདོག་ཅན་དེ་འཕྱར་རྒྱུ་ཏན་ཏན་སྔ་དྲགས་པ་རེད། ཉེ་ལམ་བཀའ་སྤྱི་བཟུང་འབྲེལ་གྱིས་རྒྱ་གར་རྒྱལ་ས་ནིའུ་ལྡི་ལིར་བོད་མིའི་གདུང་སེམས་མཉམ་སྐྱེའི་ལས་འགུལ་ཆེན་མོར་ཡང་རྒྱ་ནག་གི་རྒྱ་དར་འཕྱར་མེད་པ་དང་བཙན་བྱོལ་གཞུང་གི་སྟི་གནས་༧བཞུགས་སྒར་དུ་ཡང་བཀའ་ཤག་དང་སྤྱི་འཐུས་ལྷན་ཁང་སོགས་ཀྱི་སྒོ་ཁར་ཡང་རྒྱ་དར་འཕྱར་མེད་པ་མཁྱེན་གསལ་རེད། མ་འོངས་པར་ཡང་རྒྱ་ནག་གཞུང་ནས་རང་དོན་མཚུངས་པའི་རང་སྐྱོང་ཞིག་མ་སྤྲད་བར་རྒྱ་དར་ལ་བརྩི་བཀུར་དང་ལས་འགུལ་ག་འདྲ་ཞིག་ནང་འཕྱར་ན་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ངོས་ལེན་བྱ་ཐབས་མེད་པ་གསལ་པོ་རེད།

    Reply
  4. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    བོད་མི་སྤྱི་བོ་གནམ་བསྟན་སུ་ཡིན་རུང་བོད་སྤྱི་པའི་རྩ་དོན་སྨན་པའི་ལས་འགུལ་བྱེད་རྒྱུར་གཞན་འདྲི་དགོས་དོན་མེད་ལ་ལས་འགུལ་མི་སྤེལ་སྔོན་ནས་དེའི་སྐོར་བགྲོ་གླེང་བྱ་དགོས་དོན་གང་ཡང་མེད་པས་རྒྱུ་མཚན་ནི་མི་སྒེར་ཞིག་གིས་ལས་འགུལ་ཡིན་པས་པྱིར། ཡིན་ན་ཡང་ད་ལྟའི་ལས་འགུལ་སྤེལ་དགོས་པའི་དོན་མཚན་ལྔ་ཅན་དེ་འགྲུབ་པར་རྒྱ་དམར་གྱི་རྒྱལ་དར་འཁྱེར་རྒྱུའི་རྒྱུ་མཚན་མི་འདུག་ལ། མི་འཁྱེར་ན་ལེགས་པ་འདུག། དེ་ལ་དབུ་མ་དང། རང་བཙན། ད་ལྟའི་གནས་སྟངས། ཚོགས་པ་ཁག་གི་འགྲེལ་བརྗོད་གང་བྱུང་བྱ་དགོས་པའི་རྒྱུ་མཚན་ཁ་སྤུ་ཙམ་མི་འདུག ཡིན་ནའི་རྡ་སའི་བདག་མེད་ཀྱི་སྦྲ་དང། སྤྲེའུ་དེ་ཚོ་ཡང་ཟས་ཉལ་གཏང་རྒྱུའི་ལས་ཀ་མེད་པས་ཁ་སྟོང་མ་འཇོན་པའི་སྐད་རྒྱབ་བཞིན་འདུག་ན་དེ་ཁུལ་མི་དེ་ཚོར་བརྗོད་མི་དགོས་པ་ཡིན།

    Reply
  5. རྒྱང་མིག says:
    ལོ་ 13 སྔོན།

    གླིང་ཚ་ལགས་ཀྱིས་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རང་དང་བསྔགས་བརྗོད་ཞུ།
    ཡང་སྐྱར་འཐབ་རྩོད་རྒྱུན་བསྐྱངས་སྐབས་རང་ཐག་རང་གཅོད་བྱེད་རྒྱུ་ལས་སྐབས་འཚོལ་བའི་ལག་ཆ་མི་ཆགས་པར་ཡིད་གཟབ་གནང་རོགས་ཞུ་འདོད་བྱུང་། ཐུག་རྗེ་ཆེ།

    Reply
  6. སྟག་ཚང་རིག་རྒོད་། says:
    ལོ་ 13 སྔོན།

    དྲང་པོ་བཤད་ན་དང་པོ་རྒྱ་ནག་གི་རྒྱལ་དར་ཁྱེར་བའི་དམིགས་ཡུལ་གང་ཡིན་ཁོང་རང་ཉིད་ཀྱིས་གསལ་པོ་གསུང་དགོས་པ་རེད་འདོད།
    རང་ཉིད་ཀྱི་བསམ་ཚུལ་ཙམ་བཤད་ན་དེ་ནི་བོད་མི་སྤྱི་ཡོངས་ཀྱི་འདོད་པ་དང་མི་་མཐུན་པ་ཞིག་རེད།
    ང་ཚོའི་འགོ་ཁྲིད་ངོ་མ་ནི་བོད་ནང་གི་བོད་མི་ཚོ་ཡིན་པ་སོང་ཙང་ཁོང་ཚོས་རྒྱ་ནག་གི་རྒྱལ་དར་སློབ་གྲྭ་དང་དགོན་པ་སོགས་ཀྱི་ནུང་འཇོག་རྒྱུར་ངོ་རྒོལ་གནང་གི་ཡོད་པ་རེད།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ བོད་མིའི་སྒྲིག་འཛུཊ་ཀྱིས་བོད་རང་བཙན་མ་ཡིན་པ་ཞིག་དང་ད་ལྟའི་རྒྱ་ནག་སྲིད་ཇུས་ཀྱང་མིན་པའི་རང་སྐྱོང་གནས་བབ་ཅིག་རྩོད་བཞིན་ཡོད་སྟབས། གོམ་བགྲོད་སྐབས་རྒྱ་དར་འཕྱར་བ་དེ་དབུ་མའི་ལམ་གྱི་དགོངས་དོན་དང་འགལ་ཟླ་ཆཊ་ཡོད་སྐོར།
    ཡིན་ནའང་གཙོ་བོ་སོ་སོའི་རྣམ་དཔྱད་རྩལ་དུ་བཏོན་ཏེ་ཐག་གཅོད་དགོས་པ་ལས་གཞན་གྱིས་ཟེར་རྗེས་སུ་འབྲང་ན་མི་འགྲིག་ཚུལ་བརྗོད་སོང་། ་་་་ཟེར།

    Reply
  8. ཤག་སྒང་པ། says:
    ལོ་ 13 སྔོན།

    ཁྱེད་རང་རང་གིས་ཐག་གཅོད་དགོས་པ་ལས་བགྲོ་དྲིས་པ་ནི་དོན་མེད་རེད།

    Reply
  9. ལུང་རྟོགས། says:
    ལོ་ 13 སྔོན།

    མི་ལ་ལས་དབུ་མའི་ལམ་ནས་རང་སྲིད་རང་སྐྱོང་ཐོབ་ཀྱང་རྒྱ་ནག་གི་རྒྱལ་དར་འོག་ལ་འགྲོ་དགོས་པས་གླིང་ཚས་རྒྱལ་དར་འཕྱར་བ་དེ་མི་འོས་པ་མིན་ཚུལ་བཤད་ཀྱི་འདུག འོན་ཀྱང་ང་ཚོ་ལ་ད་ལྟ་རང་སྐྱོངས་ཐོབ་མེད་ལ་རང་སྐྱོངས་རྩོད་ཀྱི་ཡོད་པ་རྒྱ་གཞུང་གིས་ཁས་ཀྱང་ལེན་ཀྱི་མེད་པས་རྒྱ་དར་འཕྱར་བའི་དུས་ལ་གཏན་ནས་སླེབས་མེད། ནམ་ཞིག་ང་ཚོ་ལ་རང་སྲིད་རང་སྐྱོང་ཐོབ་སོང་ན་དེ་དུས་རྒྱ་དར་འོག་ལ་འགྲོ་དགོས་ཀྱང་ང་ཚོའི་དམིགས་ཡུལ་འགྲུབ་སོང་བ་ཡིན་པས་འགྲོ་རིན་ཆོག་པ་རེད། ད་ལྟ་རྒྱ་གཞུང་གིས་རྣམ་པ་འགྱུར་བའི་རང་བཙན་རྩོད་ཀྱི་འདུག་སོགས་བཤད་ནས་རང་སྐྱོངས་རྩོད་ཀྱི་ཡོད་པ་ཁས་ཀྱང་ལེན་གྱི་མེད་པའི་དུས་འདི་འདྲ་ལ་རྒྱ་དར་འཕྱར་ནས་འགྲོ་བ་ནི་མགོ་སྒུར་དུ་འགྲོ་བ་ལྟ་བུ་ལས་འཐབ་རྩོད་བྱེད་དུ་འགྲོ་བ་ལྟ་བུ་ཞིག་གཏན་ནས་མཐོང་གི་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese