མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆང་ས་ལོ་དེབ་དབུ་འབྱེད།

བོད་ཀྱི་དུས་བབ།
༢༠༡༣/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་ངྷ་སའི་ཧི་མ་ལ་ཡའི་ཟ་ཁང་དུ་ཆང་ས་ལོ་དེབ་དབུ་འབྱེད་དང་སྦྲགས། བོད་སྤྱི་ཚོགས་ནང་གི་གོམས་སྲོལ་དང་སྐད་ཡིག་སྲུང་སྐྱོབ་སྐོར་ལ་གཏམ་བཤད་གནང་སོང་།

དེ་རིང་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་ངྷ་སའི་ཧི་མ་ལ་ཡའི་ཟ་ཁང་དུ་ཆང་ས་དྲ་ཚིགས་ཀྱིས་རྩོམ་སྒྲིག་བྱས་པའི་ཆང་སའི་སྐོར་གྱི་ལོ་དེབ་ཅིག རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་དབུ་འབྱེད་གནང་སོང་། སྐབས་དེར་ཤེས་རབ་དར་རྒྱས་ལགས་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་ལ་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཟེར་པ་གཉིས་ཡོད་པ་ལས། བོད་སྤྱི་ཚོགས་ལ་མཚོན་ན་དམ་པའི་ལྷ་ཆོས་ཀྱི་ཕྱོགས་ནས་ཕྱག་དཔེ་སོགས་གང་ཅིའི་ཐད་ཧ་ཅང་གི་ཚད་མཐོ་བོར་སླེབས་ཡོད་ཀྱང་། འཇིག་རྟེན་མི་ཆོས་སམ་མི་སྐྱའི་འཚོ་བ་དང་འབྲེལ་བའི་དུས་དེབ་རིགས་ཧ་ལམ་མེད་པའི་གནས་སྟངས་ཤིག་གི་སྐབས་འདིར། ཆང་ས་དྲ་བ་དང་ཚགས་པར། ལོ་དེབ་སོགས་ཀྱི་རིགས་གཉེར་ཡོང་པ་ནི་ལས་དོན་རླབས་ཆེན་ཞིག་ཆགས་ཀྱི་ཡོད་སྐོར་བརྗོད་ཡོད།

ཁོང་གིས་མུ་མཐུད་བོད་པའི་སྤྱི་ཚོགས་ཀྱི་གཤིས་ཀའི་ནང་གསར་པ་ཞིག་སླེབས་ཡོང་པའི་སྐབས་སུ་དང་ལེན་བྱེད་མ་ཐུབ་པ་དང་། ག་དུས་ཡིན་ན་རྙིང་པ་ཞིག་བསྐྱར་ཟློས་བྱེད་སྡོད་པའི་སེམས་གཤིས་ཤིག་ཡོད་སྟབས་གསར་པ་རེ་ཐོན་ཡོང་སྐབས་དེར་སུན་གཙེར་བཟོ་བ་དང་སྐྱོད་བརྗོད་སོགས་མ་དགའ་བའི་རྣམ་པ་ཡོང་གི་ཡོད་པ། ལྷག་པར་དུ་བོད་སྤྱི་ཚོགས་ལ་ལོ་མང་པོའི་རིང་ནས་དམ་པའི་ལྷ་ཆོས་ཀྱི་ཕྱོགས་སུ་གོམས་གཤིས་གཏིང་ཟབ་པོ་ཆགས་ཡོད་པས། མི་སྐྱའི་འཚོ་བ་དང་འབྲེལ་བའི་སྐད་ཆ་ཞིག་བཤད་ཡོང་པའི་སྐབས་སུ་དེར་ཚོར་བ་རྣོ་པོས་དགག་རྒྱག་བྱེད་པའི་བཀག་རྒྱ་ཤུགས་ཆེན་པོ་ཡོད་ཀྱང་། རིམ་བཞིན་ལས་དོན་འདིའི་རིགས་ཆུང་ས་ནས་ཆེ་སར་སླེབས་ཡོང་སྐབས། བཀག་རྒྱ་དེ་དག་ལས་གྲོལ་ཏེ་ད་ཆར་ལམ་ཁ་ཞིག་ཡོད་པར་མཐོང་གི་ཡོད་སྐོར་དང་། རྗེས་ཕྱོགས་ཀྱང་ལས་དོན་འདིའི་རིགས་གང་མང་ཞིག་བོད་པའི་སྤྱི་ཚོགས་ནང་སྤེལ་ཐུབ་པ་ཡིན་ན། བོད་པའི་ཤེས་རིག་གི་བང་མཛོད་ཆེན་མོའི་སྟོང་ཆ་དག་རིམ་བཞིན་བསྐང་ཐུབ་པའི་རེ་བ་མཐོང་གི་ཡོད་པར་བརྗོད་བྱུང་།

མཐར་ཆང་ས་དུས་ལོ་དེབ་ཀྱི་རྩོམ་སྒྲིག་པ་ཨ་རིག་འགྱུར་མེད་ལགས་ཀྱིས་ད་སྔ་བོད་པའི་སྤྱི་ཚོགས་ནང་ཆོས་དང་ཆབ་སྲིད་སོགས་ཀྱི་ཐད་དྲ་རྒྱ་དང་ཚགས་པར། དུས་དེབ་སོགས་ཤུགས་ཆེན་པོ་ཡོད་ཀྱང་། བོད་སྤྱི་ཚོགས་ཀྱང་སྤྱི་ཚོགས་གཞན་དག་ནང་བཞིན་སེམས་ཁམས་སྣ་ཚོགས་ལས་གྲུབ་པའི་མིའི་རིགས་ཀྱི་སྤྱི་ཚོགས་ཤིག་ཡིན་སྟབས། མི་སོ་སོའི་དགའ་ཕྱོགས་དང་མོས་པ་ལ་བསྟུན་པའི་བོད་ཀྱི་སྐད་ཡིག་གི་བརྗོད་བྱ་སྣ་མང་ཅན་དུ་བཏང་སྟེ། བོད་སྐད་ཡིག་འཇིག་ཉེན་ལས་སྐྱོབ་རྒྱུ་དེ་ཡིན་པ་དང་།

དགོས་དམིགས་གཉིས་པ་ནི་དེང་སྐབས་བོད་མི་རྣམས་ཁ་འཐོར་དང་སྤྱི་ཚོགས་འདྲ་མིན་ནང་གནས་ཡོད་པ། མི་རིགས་གཞན་དག་དང་སྲས་ལྷད་ཡོང་གི་ཡོད་པའི་གནས་བབ་འོག བོད་ཀྱི་མི་འབོར་ལ་འཇིག་ཉེན་ཆེན་པོ་ཞིག་འཕྲད་བཞིན་པའི་སྐབས་འདིར། ཆང་ས་དྲ་བ་དང་ཚགས་པར། ལོ་དེབ་སོགས་བརྒྱུད་བོད་པ་ནང་ཁུལ་ལ་འགྲོག་འདྲིས་དང་གཉེན་སྒྲིག་ཡོང་ཐབས་སུ་འབྲེལ་ལམ་གྱི་ཟམ་པ་ལྟ་བུ་ཞིག་ཆགས་རྒྱུར་འབད་བརྩོད་བྱེད་ཀྱི་ཡོད་སྐོར་བརྗོད་སོང་།

ཆང་ས་ལོ་དེབ་ནང་། སེམས་ཀྱི་ཁ་བརྡ་དང་སེམས་ཀྱི་ཕྱི་ནང་། སེམས་ཀྱི་ལམ་སྟོན། སེམས་ཀྱི་སྐྱ་ཡ། སེམས་གཏམ་དམར་པོ་སོགས་ལེ་ཚན་ ༥ ལས་གྲུབ་ཡོད་པ་དང་། དེ་དག་གི་ནང་དུ་བཅར་འདྲི་དང་བསམ་ཚུལ། སྒྱུར་རྩོམ། དཔྱད་བརྗོད། བཟའ་འཚོལ་གྱི་བརྡ་ཁྱབ་སོགས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

སྐར་མ ༨ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

མཆན། 6

  1. ལྷག་པ། says:
    ལོ་ 14 སྔོན།

    ཆང་ས་ལོ་དེབ་ཟེར་བ་འདིར་ལྟ་རྒྱུ་མ་བྱུང་། གཞི་ནས་ཀློག་རྒྱུ་བསྡད་ཡོད་པ་རེད། ཡིན་ནའང་ཨ་རིག་འགྱུར་མེད་ཟེར་བ་འདིས་དེ་སྔོན་མ་དེབ་དང་ཚགས་པར་འགའ་འདོན་སྤེལ་བྱས་ཡོད་པ་དེ་དག་ཧ་ཅང་ཐབས་སྐྱོ་བོ་ཞེ་དྲག་རེད། བོད་དྲི་ཞིག་ག་ནས་བྲོ་དང་མི་དྲི་ཙམ་ཡང་མི་བྲོ་བའི་གནས་སྟངས་ཆགས་ཡོད་པ་ཞིག་ཡིན།

    Reply
  2. ketaka says:
    ལོ་ 14 སྔོན།

    རླབས་ཆེན་གྱི་བྱ་བཞག་ལ་རྟེན་འབྲེལ་ཞུ་་་་་དོན་གྱིས་མི་རིགས་ཀྱི་སྐད་ཡིག་ལ་གཞོགས་འདེགས་རང་རེད་་་་ཐུགས་རྗེ་ཆེ་་་་་་་་

    Reply
  3. བསོད་ནམས། says:
    ལོ་ 14 སྔོན།

    ཟས་ཏེ་ཉལ་ནས་བསྡད་མེད་པ་ཙམ་པོར་བཟང་གི་ཟེར་རྒྱུ་ཡིན། དེ་ཙམ་ཡིན། སྐད་ཡིག་དང་བག་ཆགས། གོམས་གཤིས་སོགས་དང་འབྲེལ་མེད་དོན་གཞན་རེད།

    Reply
  4. རྨ་དུག་ལྕེ། says:
    ལོ་ 14 སྔོན།

    དགའ་བསུའི་ཐལ་མོ་ལྷང་ལྷང་རྡེབ་བཞིན་ཡོད།

    Reply
  5. ཤག་སྒང་པ། says:
    ལོ་ 14 སྔོན།

    ཉིན་རེའི་སྤྱི་ཚོགས་འཚོ་བ་དང་བསྟུན་ནས་དམའ་སར་འབབས་པའི་གསར་འཕྲིན་འདི་ཚོར་རྒྱབ་སྐྱོར་ངེས་པར་དུ་བྱ་དགོས་པ་རེད།

    འདི་བརྒྱུད་ནས་ང་ཚོ་རང་གི་སྐད་ཡིག་དེ་མི་དཀྱུས་མའི་སྤྱི་ཚོགས་དང་འབྲེལ་འདྲིས་གྱུར་ངེས་རེད།

    ཤིན་ཏུ་ལེགས་ཨ་རིག་ལགས། དུས་ཚོད་ཛ་དྲག་ཏུ་གྱུར་བ་ནི་ཁྱེད་ཀྱི་ལམ་བུར་བར་ཆད་ཅིག་ཏུ་མཐོང་།

    རེམས་ཤིག དགའ་མོས་དང་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་རེད།

    Reply
  6. ལུང་རྟོགས། says:
    ལོ་ 14 སྔོན།

    ཡག་པོ་རེད། དགའ་བསུ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese