མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀིརྟི་རིན་པོ་ཆེ་མཆོག་གིས་ཡུ་རོབ་ཁུལ་དུ་བོད་དོན་ཞུ་གཏུག་གནང་།

བོད་ཀྱི་དུས་བབ།
༢༠༡༣/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

གཟའ་མིག་དམར་ཉིན་ནས་བཟུང་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ཏུ་ཕྱོགས་སྐྱོད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་གྱིན་པ་ལྟར། ཁ་སང་སུད་སིའི་གནད་ཡོད་མི་སྣར་མཇལ་འཕྲད་གནང་རྗེས་ར་བྷ་སུ་བེར་ས་གནས་ཀྱི་བོད་མི་སུམ་བརྒྱ་ལྷག་ལ་ལམ་སྟོན་བཀའ་སློབ་གནང་ཡོད་འདུག 

ཟླ་འདིའི་ཕྱི་ཚེས་ ༢ ཉིན་ནས་བཟུང་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ཡུ་རོབ་རྒྱལ་ཁབ་ཁག་སུད་སི་དང་ཧྥ་རན་སི། འཇར་མན། བྷེལ་ཇེམ། ནེར་རྡུ་ལེན་ཌི།  དབྱིན་ཡུལ་བཅས་རྒྱལ་ཁབ་ཁག་ཅིག་ནང་བོད་དོན་ཞུ་གཏུག་ཆེད་ཕྱོགས་སྐྱོད་གནང་བཞིན་པ་ལྟར། ཁ་སང་ཕྱི་ཚེས་ ༣ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་སུད་སི་ར་བྷ་སུ་བེར་ས་གནས་སུ་ཆིབས་བསྒྱུར་བསྐྱངས་ཡོད་འདུག  འདུ་འཛོམས་དེའི་ཐོག་སུད་སི་བོད་རིགས་ཚོགས་པའི་ཚོགས་གཙོ་གངས་གཞོན་ཚང་བློ་བཟང་ལགས་ཀྱིས། ད་ལྟའི་ཆར་སུད་སིར་བོད་མི་ ༤༠༠༠ ལྷག་ཡོད་ཚུལ་དང་། ད་ལྟའི་བར་བོད་པའི་ཚོགས་པའི་ཚོགས་པ་ཆེ་ཆུང་ ༢༣ ལྷག་གིས་བོད་དོན་དང་འབྲེལ་བའི་ལས་དོན་གང་དག་བསྒྲུབས་ཡོད་མེད་ངོ་སྤྲོད་དང་། སུད་སི་སྐུ་ཚབ་དོན་གཅོད་ཚེ་བསྟན་བསམ་འགྲུབ་ལགས་ཀྱིས། ཐེངས་འདིའི་ཀིརྟི་རིན་པོ་ཆེ་མཆོག་གི་ཕྱོགས་སྐྱོད་གནས་ཚུལ་དང་མཛད་རིམ་ངོ་སྤྲོད། བོད་རིཊ་ཚོགས་པའི་ཚོགས་གཞོན་བསམ་པའི་དོན་འགྲུབ་ལགས་ཀྱིས་རིན་པོ་ཆེ་མཆོག་གི་མཛད་རྣམ་ངོ་སྤྲོད་བཅས་གནང་རྗེས། རིན་པོ་ཆེ་མཆོག་གིས་དེར་ཡོད་བོད་མི་ ༣༠༠ ལྷག་ལ་བཀའ་སློབ་གསུང་བཤད་དང་མིོ་མང་གི་དྲི་བར་ལན་འདེབས་གནང་ཡོད་འདུག

སྐབས་དེར་བཀའ་ཟུར་ཀིརྟི་རིན་པོ་མཆོག་གིས་བོད་ནང་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་རིམ་པ་བྱུང་དགོས་པའི་རྒྱུ་རྐྱེན་གཙོ་བོ། རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་དང་མི་རིཊ་རྩ་མེད་གཏོང་བའི་སྲིད་ཇུས་དང་། དགོན་སྡེ་དང་སློབ་གྲྭར་དམ་དྲག་གིས་བོད་མིའི་སྐད་དང་ཡི་གེ་གཙོས་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་སྤྲོད་ཀྱི་མེད་པ། བོད་མིའི་ས་ཐོག་རྒྱ་རིགས་གནས་སྤོར་གྱིས་བོད་མི་ཚོ་གྲངས་ཉུང་མི་རིགས་ཆགས་བཞིན་པ་དང་། བོད་མི་ཚོར་དམ་དྲག་གིས་གང་བྱུང་འཛིན་བཟུང་བཙོན་འཇུག་བྱེད་ཀྱིན་པའི་དབང་གིས་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་འབྱུང་བཞིན་པའི་སྐོར་གསུངས་ཏེ། སུད་སིར་གནས་སྡོད་བོད་མི་ཚོར། “  སུད་སི་ནི་བོད་མི་སྐྱབས་བཅོལ་དུ་ཕེབས་ནས་ཕྱིའི་རྒྱལ་ཁབ་ཏུ་སླེབས་པའི་གཞི་ཆགས་ཐོག་མ་དེ་ཆགས་ཡོད་ལ།  ད་ཆར་བོད་ནས་འབྱོར་བའི་མི་རབས་གཉིས་པ་ཡང་གང་འཚམ་ཞིག་བསླེབ་ཐུབ་ཡོད་པ་རེད། ཁྱེད་རང་ཚོའི་ངོས་ནས་༧གོང་ས་མཆོག་གིས་བཀའ་སློབ་གང་གནང་བ་དེར་བསམ་བློ་ཡག་པོ་ཞིག་བཏང་སྟེ། རང་ངོས་ནས་ཅི་ཞིག་ལག་ལེན་ཏུ་བསྟར་ཐུབ་མིན་ཐོག་བསམ་བློ་གཏོང་རྒྱུའི་དུས་ལ་བསླེབས་ཡོད་པ་རེད། བོད་ནང་རྒྱ་གཞུང་གིས་ཐབས་ལམ་འདྲ་མིན་བཏང་སྟེ་བོད་འདི་ཐ་སྙད་ཙམ་ལམ་མི་ལྷག་པའི་གནས་སུ་སྐྱེལ་ཐབས་བྱེད་ཀྱི་ཡོད་པ་རེད། བོད་ཕྱི་ཕྱོགས་ལ་མཚོན་ན། ༧རྒྱལ་བ་རིན་པོ་ཆེ་དགུང་ནའི་བབ་དང་ཕྱོགས་ཡོངས་ནས་ཧ་ཅང་གཉན་འཕྲང་གི་དུས་སྐབས་ཤིག་ཏུ་བསླེབས་ཡོད་པ་རེད། ཕྱིི་རྒྱལ་ཁག་ཁག་ལ་མཚོན་ན། ད་སྐབས་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གི་བོད་པའི་སྤྱི་ཚོགས་ནང་བོད་སྐད་བཤད་མི་ཤེས་པའི་བོད་ཕྲུག་མང་ནས་མང་དུ་འགྲོ་བཞིན་ཡོད་པ་སོགས་ཕྱོགས་ཡོངས་ནས་གཉན་འཕྲང་གི་དུས་སྐབས་ཤིག་ཏུ་བསླེབས་ཡོད་སྟབས། མ་འོངས་པར་བོད་པ་མི་རེ་ངོ་རེས་ཧུར་ཐག་འབད་ཐག་སྔར་ལས་ཆེ་རུ་གཏོང་རྒྱུའི་དུས་ལ་བབ་འདུག ” ཅེས་སོགས་གསུངས་འདུག 

ཡང་རིན་པོ་ཆེ་མཆོག་གིས་ཁོང་རང་ཉིད་ཀྱི་ངོས་ནས་རང་ལུས་མེར་བསྲེཊ་ཀྱི་ལས་འགུལ་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་མེད་དང་། རང་སྲེག་ལས་འགུལ་གྱི་ནུས་པ་གང་འདྲ་ཞིག་ཐོན་ཡོད་མེད་ཐད།“ ང་ཚོས་ལས་དོན་གང་འདྲ་ཞིག་བསྒྲུབ་ཀྱང་གཙོ་བོ་གཙོ་བོ་སེམས་ཀྱི་ཀུན་སློང་ལ་རག་ལས་ཡོད་པ་རེད། སྟག་མོ་ལུས་སྦྱིན་གྱི་སྐབས་སུ་ཡང་སྟག་མོ་མ་བུ་ལྔའི་ཆེད་དུ་སངས་རྒྱས་ཀྱིས་རང་ལུས་སྦྱིན་པར་བཏང་བར་ཆ་བཞག་ན་བོད་མི་ས་ཡ་དྲུག་གི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བ་དེ། འཚེ་བའི་ལས་ཀ་མ་རེད་ལ་ནང་བ་སངས་རྒྱས་པའི་དགོངས་པ་དང་འགལ་ཡོད་པ་རེད་བསམ་གྱི་མེད། ད་ཆར་བོད་མི་མང་པོ་ཞིག་གིས་མེར་བསྲེགས་ལས་འགུལ་ལ་ནུས་པ་མི་འདུག་ཟེར་མཁན་ཡོང་གི་འདུག གནས་སྟངས་ལ་བལྟ་རྒྱུ་གལ་ཆེན་པོ་རེད། ལས་འགུལ་གྱི་ནུས་པ་ཟེར་དུས་ཀྱང་བློ་གཟུ་བོར་གནས་བའི་ཐོག་ནས་དབྱེ་བ་འབྱེད་དགོས་པ་རེད། རྒྱ་ནག་ད་ལྟའི་ཆར་འཛམ་གླིང་ནང་སྟོབས་ཤུགས་ཆེན་པོ་ཆགས་བསྡད་ཡོད་སྟབས། ལམ་སེང་ནུས་པ་ཤུགས་ཆེན་པོ་འཐོན་རྒྱུ་དཀའ་ལས་ཡོད་རུང་། བོད་ནང་ཁུལ་གྱི་མཐུན་སྒྲིལ་ལ་བསམ་བློ་བཏང་བ་ཡིན་ན། ཧ་ལས་པའི་ནུས་པ་ཆེན་པོ་རེད་བསམ་གྱི་ཡོད། བོད་ཀྱི་ལོ་རྒྱུས་ཀྱི་ཁྲོད་དུ་བོད་མིའི་རྡོག་རྩ་གཅིག་སྒྲིལ་གྱི་ནུས་པ་མེ་བསྲེགས་ཀྱི་ལས་འགུལ་འདི་བརྒྱུད་ནས་ཐོན་ཡོད་པ་ལྟ་བུ་ཞིག་ང་ཚོའི་ལོ་རྒྱུས་སུ་མཐོང་རྒྱུ་མེད་པ་གསལ་བོ་རེད། དེ་ཡང་ལས་འགུལ་འདིའི་ནུས་པ་རེད་བསམ་གྱི་ཡོད། ”ཅེས་གསུངས་ཡོད། 

ཐེངས་འདིའི་ཁོང་གི་ཕྱོགས་སྐྱོད་དེ་ནི། བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་ཐོག་གོ་སྒྲིག་གནང་བ་ཞིག་ཡིན་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༡ ནས་བཟུང་རིན་པོ་ཆེ་མཆོག་གིས་སུད་སིར་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་རྗེས། དེ་རིང་ཧྤ་རན་སིར་ཆིབས་བསྒྱུར་གནང་ཡོད་འདུག་ལ། དེའི་རྗེས་བྷེལ་ཇེམ་དང་འཇར་མན། དབྱིན་ཇི་སོགས་རྒྱལ་ཁབ་ཁག་ཏུ་བོད་དོན་ཞུ་གཏུག་ཆེད་ཕྱོགས་སྐྱོད་གནང་རྒྱུ་ཡིན་འདུག

 གནས་ཚུལ་མཁོ་གཏོང་བ། ཀླུ་རྒྱལ་དོན་འགྲུབ།

འབྲེལ་ཡོད་གསར་འགྱུར།

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ དང་ ༢༦ ཉིན་དབུས་སྣེ་ལེན་ཁང་དུ་འཚོགས། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༣ སྔོན་ལ།
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

ཆུ་ཚོད་ ༡༤ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤

མཆན། 12

  1. lobsang says:
    ལོ་ 13 སྔོན།

    ཀིརྟི་རིན་པོ་ཆེ་མཆོག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀིརྟི་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གཉིས་ནས་ཀྱང་བོད་ནང་གི་གནས་ཚུལ་བསྡུ་ལེན་ཐད་དཀའ་ལས་མང་པོ་བརྒྱབ་སོང་ཁྱེད་རྣམ་པ་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང། ལྷག་པར་དུ་བོད་ནང་གི་རང་ལུས་མེ་སྲེག་སྐོར་གྱི་དཔེ་དེབ་བོད་རྒྱ་དབྱིན་གསུམ་ནང་དཔར་སྐྲུན་གནང་སོང་བས་ཀིརྟི་གྲྭ་ཚང་གིས་འགྲོ་གྲོན་གནང་བ་ལ་ཡང་ཐུགས་རྗེ་ཆེ་ཞུ།

    Reply
  2. lobsang says:
    ལོ་ 13 སྔོན།

    ངས་ཟིན་བྲིས་ག་ཚོད་བྲིས་ན་གཏོང་གི་མི་འདུག་ག་རེ་ཡིན་ནམ།

    Reply
  3. ཀླུ་སྨྱོན། says:
    ལོ་ 13 སྔོན།

    བོད་དོན་ཞུ་གཏུགས་ཟེར་བའི་ཐ་སྙད་འདི་མགོ་ཚོས་ཀྱི་མི་འདུག ཞུ་གཏུགས་བྱེད་རྒྱུའི་བོད་དོན་ཞིག་ཡོད་ན་དེ་ཞུ་ས་དང་གཏུགས་ས་དེ་རྒྱལ་སྤྱིའི་ཁྲིམས་ཁང་དང་རྒྱ་ནག་གཞུང་གི་ཁྲིམས་ཁང་གཉིས་ལས་འགྲོ་ས་མེད། རྒྱ་ནག་གི་ལྟོ་མ་ཟོས་ཤིང་གོས་མ་གྱོན་པར་ཁ་མི་སོས་པའི་ཡོ་རོབ་རྒྱལ་ཁབ་ཆུང་ཆུང་དེ་ཚོ་འདུག་གི་ཆུགས།

    Reply
  4. མྱི་དཀར says:
    ལོ་ 13 སྔོན།

    བཀའ་ཟུར་རིན་པོ་ཆེ་མཆོག་སྐུ་ཚག་ལ་མ་འཛེམ་པར་ཕྱི་རྒྱལ་ཁག་དུ་ཕེབས་ནས་བདེན་པ་དངདངོས་ཡོད་ར་སྤྲད་པ་མ་ཟད་བོད་མི་རིགས་ཀྱི་འདས་མ་ད་གསུམ་ལ་ཡང་དཔྱོད་ཤེས་དངཐུགས་བསམ་བཞེས་བ་སྙིང་ཁུངས་རུས་པའི་གཏིང་ཐུགས་རྗེ་ཆེ་ཞུ་བ་ཡིན།

    Reply
  5. ལུང་རྟོགས། says:
    ལོ་ 13 སྔོན།

    སྲིད་དོན་བཤད་སར་ཆོས་བཤད་མ་ཡོང་ཀླུ་སྨྱོན་ལོ་ལོ། མེར་སྲེག་གཏོང་མཁན་ཚོའི་སེམས་ལ་ཞེ་སྡང་ཡོད་མེད་ཀྱི་སྐད་ཆ་མ་རེད། ཁོང་ཚོས་གང་གི་ཆེད་དུ་རང་སྲེག་བཏང་བ་རེད་ཤེས་དགོས། ངས་བལྟས་ན་ཁོང་ཚོས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཆེད་མེར་སྲེག་ལས་འགུལ་སྤེལ་བ་མ་རེད་བསམ།

    Reply
  6. གསེར་སེར་པོ། says:
    ལོ་ 13 སྔོན།

    ཡང་འདི་ན་ཀླུ་སྨྱོན་སོགས་ཁག་ཅིག་གིས་ཤེས་མདོག་མཁྱེན་མདོག་བྱས་ནས་བསོར་འདུག་ཡོད་ཀ།ཁྱེད་ཅག་གིས་སྐད་ཆ་བཤད་སྐབས་གཟུ་བོར་གནས་ཏེ་བཤད་ཀྱི་ཡོད་ན་ནོར་འཆུག་བྱུང་མིན་ལ་མི་བཤད་པར་མངོན་པར་བསྟོད།དོགས་པའི་བསམ་མནོ་དེ་ཡང་མེད་པར་ཤོད།གཞན་ཡང་།སོ་སྐྱེས་འཚོ་སྒྲུབ་པ་དག་གིས་གང་ནས་བཤད་ཀྱང་རང་ཉིད་དོར་ཏེ་བཤད་མཁན་ཞིག་དཀའ་མོ་རེད།ཁྱོད་ཀྱི་ཐོག་མར་ཁྱོད་རང་ཉིད་རྟོགས་པར་མཛོད།ཁྱོད་ཀྱིས་འདིར་ནག་མཆན་ཞིག་བཞག་ན་དེ་ནི་སུའི་ཆེད་ཡིན།

    Reply
  7. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    བཀུར་འོས་དྲ་གྲོགས་རྣམ་པ་ལགས།

    བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ཏུ་ཕྱོགས་སྐྱོད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་གྱིན་པའི་སྐུ་པར་ཁག་ལ་གཟིགས་རོགས་ཞུ།
    པར་བ། Yewa Sherab
    དྲ་བྱང་ལ་གཟིགས་རོགས་ཞུ། https://www.facebook.com/media/set/?set=a.523691151014756.1073741825.100001216281406&type=1

    Reply
  8. གནས་ཚང་། says:
    ལོ་ 13 སྔོན།

    རིན་པོ་ཆེ་མཆོག་གིས་གོ་སླ་བོ་དང་དངོས་ཡོད་གནས་ཚུལ་ལ་མཐུན་པའི་བཀའ་སློབ་བསྩལ་འདུག འདི་ནི་ད་ལྟའི་བར་བྲོས་བྱོལ་སྤྱི་ཚོགས་ཁྲོད་ནས་ཐོན་པའི་གསུང་སྐད་དྲང་པོ་དེ་རེད། ་དེ་མིན་མེར་བསྲེག་ལས་འགུལ་ནང་ཆོས་དང་མཐུན་མིན་ཡང་ལྟོས་ས་བལྟས་འཇོག་གིས་བཤད་དགོས་པ་ཞིག་རེད་མ་གཏོགས། ཕྲ་བའི་དབང་དུ་བཏང་ན྄། ད་ལྟའི་སྐྱེས་ཆེན་དམ་པ་ཚོའི་འཛད་པའང་ནང་ཆོས་མཐུན་མིན་ཧ་ཅང་གི་བཤད་ཁག་པོ་མ་རེད་དམ། དྲང་པོར་ཞུས་ན། སུ་ཞིག་གི་སེམས་ནང་དུ་གཞན་ཕན་ལས་རང་དོན་དོར་ཡོད་དམ།

    གང་ལྟར་མེར་བསྲེག་ལས་འགུལ་གྱིས་དོ་ཆེན་མང་པོ་ཞིག་གི་སྒོ་མོ་འབྱེད་སོང་། ༡ མི་རིགས་ཀྱི་སྟོབས་ཤུགས་གཅིག་བསྡུའི་ལམ་ནང་ཞུགས་སོང་། ༢ རང་དབང་ལ་མཆོད་པ་མི་རིགས་སུ་གང་གིས་ཕུལ་མ་མྱོང་བ་ཞིག་ཕུལ་སོང་། ༣ མི་རིགས་མདུན་ལམ་བགྲོ་གླེང་གི་སྒོོ་མོ་འབྱེད་སོང་། ༤ ནང་ཆོས་དག་ཐེར་གྱི་གོ་སྐབས་བསྐྲུན་སོང་། ༥ མི་རིགས་ལ་ཤ་ཚ་ཡོད་མེད་ཀྱི་ཚད་གཞིའི་བགྲོ་གླེང་ཐོལ་བརྒལ་རང་བཞིན་གྱི་མཐོ་སར་སླེབས་སོང་།

    Reply
  9. རྭ་རྒྱ་བློ་དབང་། says:
    ལོ་ 13 སྔོན།

    ཀླུ་སྨྱོན་ལགས་ལ་ཀུན་སློང་ལ་སྐྱོན་ཡོད་པར་བརྩི་གི་མེད་ལ། རང་ལུས་མེར་བསྲེགས་ལ་མོས་མཐུན་མེད་པར་ཡང་གོ་བ་མི་ལོན་རྒྱུ་ཅི་ཡང་མི་འདུག འོན་ཀྱང་། དུས་རྒྱུན་དུ་དག་སྣང་དང་མོས་གུས་ཀྱི་གསུང་སྐད་བརྗིད་པོ་དག་འགག་མཚམས་རེ་ནས་རྐང་གཅིལ་རྙིང་པ་ཞིག་ལྟར་འདོར་རྐྱང་བྱེད་པ་མ་ཟད། རང་ལུས་མེར་བསྲེགས་འདི་ཚོ་ཁྱེད་ལྟར་སྡིག་ལས་ཡིན་པར་བྱས་ཀྱང་། ཁྱེད་རང་སོགས་འགའ་ཞིག་གིས་འཛེམས་སོན་ཙམ་མེད་པར་བོད་མི་མང་མང་གིས་དད་མོས་དང་ཡིད་ཆེས་བྱ་སའི་སྐྱེས་ཆེན་ཚོར་ཟུར་ཟ་དང་དམའ་འབེབས་པའི་སྐད་ཆ་འདི་ཚོ་ཡང་སྡིག་པའི་ངོས་ནས་འདི་ལས་ཐུ་བ་མེད་པའི་ཁར་འཇིག་རྟེན་གྱི་ཆ་ནས་ཀྱང་དབྱེན་དཀྲུག་གི་མཐུ་མི་ཆུང་བ་ཞིག་གནས་པ་མངོན་སུམ་ཡིན་ཐོག མི་རིགས་ཀྱི་ལོ་རྒྱུས་ལ་འགན་ཁུར་མེད་པའི་རྒྱགས་གཏམ་ལས་མ་འདས་པས། བདག་གི་རེ་བར་དེ་འདྲ་མི་གནང་བར་ཞུ།

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ བོད་ནང་ཁུལ་གྱི་མཐུན་སྒྲིལ་ལ་བསམ་བློ་བཏང་བ་ཡིན་ན། ཧ་ལས་པའི་༼རང་ལུས་མེར་བསྲེགས་ཀྱིས་༽ནུས་པ་ཆེན་པོ་རེད་བསམ་གྱི་ཡོད། ་་་་་ཟེར།
    ཡང་ཅིག་གིས། ་་་་་ ཡིན་ཡང་ང་ཚོའི་མེར་སྲེག་པ་ཚོར་མཚོན་ན་དགྲ་ཁ་གཏད་ཅིག་གི་མདུན་དུ་རང་ལུས་མེར་སྲེག་གཏོང་གི་ཡོད་པས་དེ་ཚོ་ཚང་མའི་ཀུན་སློང་ན་ཞེ་སྡང་མེད་ཟེར་རྒྱུ་ཧ་ཅང་ཁག་པོ་རེད། ་་་་་ཟེར།

    Reply
  11. ཀླུ་སྨྱོན། says:
    ལོ་ 13 སྔོན།

    ངས་སྔོན་ཆད་མེར་སྲེག་ལས་འགུལ་འདི་སྟག་མོ་ལུས་སྦྱིན་ལ་སྦྱར་ནས་རྩོམ་ཡིག་ཅིག་དུས་བབ་སྟེང་སྤེལ་བ་ཡིན། ད་ཆ་བསམས་ན་ང་ནོར་འདུག སྟག་མོ་ལ་ལུས་སྦྱིན་མཁན་རྒྱལ་སྲས་དེ་ལ་དགྲ་ཁ་གཏད་དེ་འདྲ་གང་ཡང་མི་འདུག་པས་ཁོང་གི་ཀུན་སློང་ལ་བརྒྱ་ཆའི་བརྒྱ་ཞེ་སྡང་མེད་པ་གཏན་ཁེལ་རེད། ཡིན་ཡང་ང་ཚོའི་མེར་སྲེག་པ་ཚོར་མཚོན་ན་དགྲ་ཁ་གཏད་ཅིག་གི་མདུན་དུ་རང་ལུས་མེར་སྲེག་གཏོང་གི་ཡོད་པས་དེ་ཚོ་ཚང་མའི་ཀུན་སློང་ན་ཞེ་སྡང་མེད་ཟེར་རྒྱུ་ཧ་ཅང་ཁག་པོ་རེད། དེ་བས་སྟག་མོ་ལུས་སྦྱིན་ལྟ་བུའི་ཆོས་ལུགས་ཀྱི་ལུས་སྲོག་སྦྱིན་པར་གཏོང་སྟངས་དང་སྲིད་དོན་གྱི་གནོན་ཤུགས་འོག་རང་ལུས་མེར་སྲེག་གཏོང་མཁན་གཉིས་མཉམ་དུ་སྦྱོར་རྒྱུ་མི་འདུག་བསམས་སོང་།

    Reply
  12. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    སྐུ་ན་བགྲེས་ཡང་བོད་པའི་རྩ་དོན་དང་། གཞིས་ལུད་བོད་པའི་དངོས་ཡོད་བདེན་པའི་གནས་ཚུལ་ཞུ་གཏུགས་བྱེད་པར་ཕེབས་པར་བཀའ་དྲིན། ཡིན་ནའི་ཞུ་གཏུགས་དང། བདེན་པ་ར་སྤྲོད་བྱ་ཡུལ་གཙོ་བོ་ནི་ཡོ་རབ་ཡུལ་གྲུ་ཁག་གི་གཞུང་འབྲེལ་དང། གཞུང་འབྲེལ་མིན་པའི་ལས་སྣེ་ཚོ་དང། དེ་ཁུལ་མི་མང་ནང་བོད་མིའི་ད་ལྟའི་མེ་བསྲེགས་ཀྱི་ཡིད་སྐྱོ་བའི་གནས་སྟངས་ཡོང་བཞིན་དེ་དག་ངོ་སྤྲོད་དགོས་པ་ལས། བོད་མིའི་ཚོ་ཁག་ནང་གནས་ཚུལ་གང་ཡིན་ཤེས་ཀྱི་ཡོད་པས་དགོངས་འཇགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese