མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཚོ་གནས་དང་བསམ་བློ།

བོད་ཀྱི་དུས་བབ།
༢༠༡༣/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp

གཉན་པོ།

མིའི་རིགས་ནི་འགྲོ་བ་སེམས་ཅན་ཡོད་རྒུ་ལས་འཚོ་གནས་རྩོད་སྒྲུབ་བྱེད་པར་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་ཡིན་པ་རེད། ལྐོག་གྱུར་ལྷ་ཀླུ་སོགས་ངར་རབ་དང་རྒྱན་ཚུལ་མ་བཤད།  བདག་གིས་མིག་མཐོང་མངོན་འགྱུར་གྱི་དོན་དག་ལས་གཞན་གླེང་རྩིས་མེད། འཚོ་གནས་ཞེས་པ་ནི་མི་ཞིག་འཇིག་རྟེན་འདི་ནས་འཚོ་ཞིང་གནས་ལ།    དེ་ཡི་ཆེད་དུ་ཇི་ལྟར་རྩོད་སྒྲུབ་བགྱི་བའི་ཚུལ་ལ་ཟེར་བ་རེད། དུས་རབས་འདི་ནི་འཚོ་གནས་འགྲན་རྩོད་ཆེ་ཞིང་།     འཇིག་རྟེན་འཕེལ་རྒྱས་མགྱོགས་པའི་སྐབས་ཤིག་ཡིན་པ་བརྡ་འཕྲིན་དང་འཕྲུལ་རིགས་ཁོ་ནས་ཀྱང་མཚོན་པ་རེད།    དེ་ཡང་རྒྱལ་རྒྱུད་རིང་ལུགས་དང་སྒེར་གཅོད་པ་མང་བོའི་ལས་སྐལ་ཁད་ཀྱིས་རྫོགས་ཏེ་འཇིག་རྟེན་འདི་ཡིས་རང་གི་ངོ་གདོང་ལ་ལྟ་ཤེས་ཤིང་། མིག་ལྡན་འགྲོ་བ་དག་གིས་དམངས་གཙོ་དང་། འགྲོ་མིའི་ཐོབ་ཐང་སོགས་ཀྱི་སྐད་སྒྲ་གླིང་ལ་བསྒྲགས་ཏེ་འཛམ་གླིང་དཔལ་ཡོན་གྱི་ཕྱོགས་སུ་འགྲོ་བར་གྲ་སྒྲིག་སྟ་གོན་བགྱི་བཞིན་འདུག  

     ཡིན་ན་ཡང་། རྒྱལ་ཁབ་རེ་རེ་དང་།  མི་རིགས་རེ་རེ།  ཡང་ན་མི་སྒེར་རེ་རེར་མཚོན་ན་སོ་སོའི་གཙོ་རྒྱུག་རིག་གནས་མི་འདྲ་བ་དང་།  འཚོ་བའི་གནས་བབ་མི་འདྲ་བ།  མཛེས་དཔྱོད་ཀྱི་བསམ་བློ་དང་འཇིག་རྟེན་གྱི་ལྟ་ཚུལ་བཅས་མི་མཚུངས་པས་ན་ཁོ་ཚོས་འཚོ་གནས་དོན་གཉེར་བྱེད་སྟངས་ཀྱང་འདྲ་མིན་སྣ་ཚོགས་ཤིག་འབྱུང་གིན་ཡོད་པ་དངོས་ཚུལ་རེད།   བྱ་བ་གང་ཞིག་སྒྲུབ་རུང་།  དེ་ལ་རྒྱུས་མངའ་ཡོད་ཅིང་གནས་ཚུལ་ཤེས་མཁན་དག་གིས་ལས་དེ་སྒྲུབ་པར་གཞན་དང་བསྡུར་ན་དཀའ་ལས་ཆེན་པོ་མེད་པ་འདྲ།  དེ་བས་འགྲོ་བ་མིའི་རིགས་ལ་མཚོན་ན་འཚོ་གནས་གཉེར་བའམ་འཚོ་བ་ཇི་ལྟར་ཕུན་སུམ་ཚོགས་པོ་ཞིག་ཡོང་བའི་ཆེད་དུ་འཚོ་བའི་ཐད་ནས་ཤེས་རྟོགས་མང་བོ་ཞིག་ཡོད་དགོས་པར་མ་ཟད།  འཚོ་བ་ཞེས་པ་འདི་ལ་ངོས་འཛིན་དང་ལྟ་སྟངས་ཡང་དག་པ་ཞིག་དགོས་པ་རེད།   ད་དུང་འཚོ་གནས་ཀྱི་དོན་སྙིང་དང་རིན་ཐང་ཐད་ལ་མཐོང་སྣང་ལེགས་པོ་ཞིག་ཡོད་ན། དགའ་སྐྱོ་ཆགས་སྡང་གིས་གྲུབ་པའི་མི་ཞིག་གི་འཚོ་གནས་ལ་ངེས་པར་དུ་འགྱུར་ལྡོག་གསར་བ་འབྱུང་ངེས།

འཚོ་གནས་ལེགས་པོ་ཞིག་ཡོང་དགོས་ན།  མི་དེ་ལ་བསམ་བློའི་སྤུས་ཚད་ལེགས་པོ་ཞིག་ཡོད་དགོས་པ་རེད།       ཅིས་ཕྱིར་ཟེར་ན།  འཚོ་གནས་ནི་འགྲོ་མིའི་བདེ་སྐྱིད་ཀྱི་ས་བོན་འདེབས་སའི་གཤིན་ས་ཡིན་ཞིང་།   མི་སུ་ཡིན་རུང་བསམ་བློ་ཡག་པོ་ཞིག་མེད་ཚེ་འཚོ་གནས་ཀྱི་དོན་སྙིང་ངོས་ཟིན་དཀའ་བ་རེད།  དེ་བས་བདག་འདྲ་བས་བལྟས་ན་བསམ་བློ་ནི་ཡོད་ཚད་རེད་ལ། བསམ་བློ་ནི་འཚོ་གནས་རྩོད་སྒྲུབ་ཀྱི་གཙོ་བོ་རེད། འུ་ཚོས་ཤེས་བྱ་ཡོན་ཏན་མང་བོ་ཞིག་སྦྱང་བའི་དགོས་པ་ཡང་རགས་བཤད་རྒྱབ་ན་འཚོ་གནས་དང་བསམ་བློའི་ཆེད་དུ་མ་རེད་དམ། འོན་ཏེ།  འུ་ཚོའི་ལོ་རྒྱུས་སུ་ཕྱི་མིག་འཕངས་ན་འཚོ་བ་ནི་སྐྱོ་གར་འབའ་ཞིག་རེད་ཅིང་། དངོས་གནས“དུག་སྦྲུལ་གྱི་ཚང”དུ་བཟོས་ཡོད་པ་རེད།  

  གོང་དུ་གླེང་བ་བཞིན་འཚོ་གནས་ཀྱི་ལེགས་ཉེས་ནི་མི་རང་རང་གི་རིག་གནས་དང་གནས་བབ་ལ་འབྲེལ་བ་ངེས་ཅན་ཡོད་པ་རེད།  བོད་རང་གི་རིག་གནས་བང་མཛོད་ཁྲོད་དུ་ཡང་མིའི་རིགས་ལ་འཚོ་བ་རོལ་བྱེད་ཀྱི་རིག་གནས་ཡོད་པ་རེད།   ཡིན་ན་ཡང་།  འཚོ་བ་ལ་ངོས་འཛིན་བྱེད་སྟངས་དང་།  འཚོ་གནས་ཀྱི་དོན་སྙིང་ལ་ལྟ་སྟངས་གཞན་དང་མི་འདྲ་ས་མང་རྒྱུ་རེད།  འུ་ཚོ་ཕལ་མོ་ཆེའི་སེམས་ནས་མི་ཚེ་འདི་གཅིག་པུའི་བདེ་སྐྱིད་དང་འཚོ་བ་ནི་དེ་འདྲའི་དོན་སྙིང་ཅན་ཞིག་ཏུ་མི་བསམ།  འཇིག་རྟེན་འདིའི་བདེ་སྡུག་ནི་ལྟར་སྣང་དང་ཡུན་བརྟན་མིན་པ།  འགྱུར་སླ་ཞིང་ཤོར་སྐྱེན་པ་བཅས་ཡིན་ཚང་། གཏན་གྱི་བདེ་བ་དང་།  ཡང་ན་ཐར་བའི་གོ་འཕང་། དེ་མིན་ཚེ་ཚེ་རབས་རབས་ཀྱི་བསམ་པའི་འཚོལ་སྙེག་སོགས་ལ་བསྡུར་ཚེ་སྔ་མ་དག་དོན་དག་ཆུང་ཆུང་འབའ་ཞིག་ཡིན་པ་རེད།  

འདི་ལྟ་བུ་རྒྱང་རིང་བའི་འཇིག་རྟེན་ལྟ་ཚུལ་ཞིག་བོད་མི་ཀུན་པོར་ཡོད་མི་སྲིད་རུང་།  མི་རང་ཉིད་ཇི་ལྟར་གསོན་པའི་སྐབས་ཀྱི་འཚོ་གནས་ཙམ་ལས་ཇི་ལྟར་འཆི་བའི་རྗེས་ཀྱི་རྣམ་སྨིན་ཐད་ལ་སེམས་ཁྲལ་དང་འདང་རྒྱག་ཆེ་བའི་གཤིས་དེ་སྒང་ཚང་གི་སྐྱེ་བོ་རེ་རེར་ཁྱབ་མཉམ་དུ་ཡོད་ཨང་། དེ་བས་འུ་ཚོ་ནི་ཁ་ནས་མ་ཎི་མི་འདོར་ལ།  ལག་ནས་ཕྲེང་ཀོག་མི་གཏོང་བའི་མི་སྡེ་དམིགས་བསལ་བ་དེ་ཡིན་ཞིང་།  ཁོམ་དུས་ཕྱག་འཚལ་ཞིང་དལ་དུས་སྐོར་བར་འགྲོ་དགོས་པའི་རིགས་གཅིག་པུ་དེ་ཡང་ལོས་ཡིན་འདོད།  དེང་གི་སྐབས་སུ་ཤར་ནུབ་རིག་གནས་ཀྱི་ཚ་རླབས་དང་འཇིག་རྟེན་འཕེལ་འགྱུར་གྱི་སྒུལ་ཤུགས་ཀྱིས་འུ་ཚོ་འགའ་ཞིག་གི་འཚོ་གནས་ཀྱི“རིགས” སད་ཀྱི་ཡོད་ན་མ་གཏོགས་འུ་ཚང་ཁྱོན་ཡོངས་ནས་དེ་དང་འདྲ་བོ་འདྲ་བོ་རེད། 

འཚོ་གནས་རིག་པ་ཟེར་བ་ཞིག་ཡོད་རུང་མེད་རུང་།  རིག་གནས་མང་བོ་ཞིག་ནི་དོན་གྱིས་མི་ཡི་འཚོ་གནས་ལ་ཉེར་བར་འབྲེལ་བའི་ཤེས་བྱ་རྐྱང་ཡིན་པ་རེད།  འདི་ཡི་ཐད་ནས་ནུབ་ཕྱོགས་པ་ཚོར་རིག་གནས་ཕུན་སུམ་ཚོགས་པོ་རེད་ཅེས་ན་ཐལ་ཆ་མེད་པར་སྙམ།  ཆེ་བ་རྒྱལ་ཁབ་སྐྱོང་ལུགས་ནས། མི་རིགས་དར་ཚུལ།  ཡང་ན་མི་སྒེར་རེ་རེའི་འཚོ་བ་དང་ཆགས་འཇིག་བདེ་སྡུག་བཅས་ནི་ཁོ་ཚོའི་རིག་གནས་སུ་ཤིན་ཏུ་གལ་ཆེན་ཡིན་པར་མ་ཟད།       འདི་དག་གི་ཆེད་དུ་གསར་གཏོད་བྱས་ཤིང་གསར་བརྗེ་བསླངས།  ཞིབ་འཇུག་བགྱིས་ཤིང་དཔྱད་བསྡུར་གནང་སྟེ་ལོ་ཡི་འཕྲེང་རིང་རྒྱུད་ནས་ཡོང་ཡོད་པ་རེད།  འདི་ཡི་ཐད་ནས་ཁོང་ཚོར་བྱས་པ་བགྲང་དུ་རུང་བ་ཡིན་ཏེ།  དེང་གི་དུས་འདིར་ནུབ་ཕྱོགས་པའི་འཇིག་རྟེན་དཔལ་ཡོན་གྱི་རྨང་རྡོ་ཚན་རྩལ་རིག་གནས་དང་། ཤར་ཕྱོགས་པའི་ཚེ་སྲོག་སེམས་ཁམས་ཀྱི་བླ་སྲོག་ཐུབ་བསྟན་རིག་གནས་གཉིས་པོ་ནི་སྲིད་ན་མངོན་པར་མཐོ་བའི་མིའི་རིགས་ཀྱི་ལོངས་སྤྱོད་ཉག་ཅིག་ཏུ་ལྟ་བ་རེད། 

འོན་ཀྱང་།  འུ་ཚང་གི་སྨྱོན་པ་སྐོར་ཞིག་གིས་ང་ཚོ་རབས་གསར་བ་འདི་ཤར་དང་ནུབ་ཀྱི་གད་སྙིགས་ཁོ་ན་འཐུ་བའི་བྱེད་པོར་འགྱུར་ཀྱིན་འདུག་ཅེས་གཟུ་ལམ་གྱི་གཏམ་སྨྲ་བར་ཡོད་མོད།  ང་ཚོ་འཇིག་རྟེན་སྲིད་ལུགས་ཀྱི་མཚོན་རྟགས་དམངས་གཙོ་དང་།  མི་སྡེ་འདྲ་མཉམ།  འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ཀྱིས་མཚོན་པའི་མི་སྡེ་སྤྱི་ཚོགས་ལ་ངེས་པར་མཁོ་ཞིང་།  འཇིག་རྟེན་འཚོ་གནས་ཐད་མེད་ཐབས་བྲལ་བའི་རིག་གནས་དག་ལ་འགྲམ་ཆུ་ལྡིང་གིན་ཡོད་པ་ལས་ཅི་ཞིག་རྒྱུ་མཚན་མེད་པར་གཏོར་རྒྱུ་དང་།  གང་དག་གནས་ལུགས་མེད་པར་སྣུབ་རྒྱུར་དགའ་སོང་བ་ནི་གཏན་ནས་ཡིན་མི་སྲིད།  ཀུན་ལ་བཤད་སྲོལ་ཡོད་པ་བཞིན།  རིག་གནས་གང་ཞིག་ཡིན་རུང་མི་ཡིས་སྐྲུན་པ་ཡིན་ངེས་པས་དེ་ལ་བཅོས་བསྒྱུར་གདམས་གསེས་བྱེད་རྒྱུ་ནི་མི་ཡི་འོས་འགན་ཞིག་ཅི་ལ་མིན་ཨང་། 

དེང་སང་འུ་ཚོའི་སྤྱི་ཚོགས་འདི་རུ་བགྲོ་གླེང་གྲོས་བསྡུར་ཅི་ཞིག་བྱས་རུང་།  མང་ཆེ་བས་ནི་དོན་དག་འགའ་ཞིག་བསྐྱར་ཟློས་ཡང་ཟློས་བྱས་ནས་བསྡད་ཡོད་པ་རེད།  ཡང་ན་ཆབ་སྲིད་མ་ཡིན་པའི་ཆབ་སྲིད་དང་ཚོགས་པ་ཁག་གི་ལངས་ཕྱོགས་ཟེར་བ་ཞིག་གླེང་གི་རེད།   དེ་དག་གླེང་བར་དགེ་མཚན་གཏན་ནས་མེད་པ་དེ་འདྲ་ཡིན་མི་སྲིད་མོད།  འུ་ཚོས་མི་ཆོས་བསམ་བློ་དང་།  རིག་གནས་ཁ་ཕྱོགས།  ཤེས་ཡོན་སློབ་གསོ། འཚོ་བའི་དགའ་སྣང་སོགས་ནི་ཕལ་བར་བཞག་སྟེ་ཡལ་བར་འདོར་གྱིན་ཡོད།  འདི་དག་གི་ཆེད་དུ་བགྲོ་གླེང་སྦྱང་བཤད་བགྱིས་ན་ཅིས་མི་ཆོག་གམ། ཉན་མཁན་མེད་རུང་ངས་སྔོན་ཆད་ནས་གླེང་མྱོང་། ད་ནི་ང་ཚོས་འུ་ཚོ་མི་རེ་རེ་ཡི་འཇིག་རྟེན་བསམ་བློ་དང་སྤྱི་ཚོགས་འགན་འཁྲི།  འཚོ་བའི་གོ་རྟོགས་བཅས་ཡར་རྒྱས་གོང་འཕེལ་དུ་གཏོང་བའི་སློབ་གསོ་ཞིག་ལ་རེ་སྙེག་བྱེད་དགོས་ཀྱིན་འདུག  བསམ་བློ་དང་ཤེས་ཡོན།  དཔལ་འབྱོར་སོགས་ཀྱིས་ཀུན་ནས་འཕུང་བའི་མི་རིགས་ཤིག་གིས་དུས་ཀྱི་འགྲན་རྩོད་དྲག་པོའི་ཁྲོད་ནས་ཅི་ཞིག་སྒྲུབ་ཐུབ་བམ།

བོད་མི་རིགས་ལ་མཚོན་ན་འཚོ་གནས་རྩོད་སྒྲུབ་ཀྱི་བསམ་བློའི་འདུ་ཤེས་ཞན་པ་དང་།  འཇིག་རྟེན་རིག་གནས་ཀྱི་དཔལ་ཡོན་ཡོངས་དར་བྱས་མེད་པས།  ང་ཚོས་ད་དུང་སུ་ཞིག་སྐྱབས་སུ་འབོད་ཀྱིན་ཡོད་པ་རེད།  གང་དག་གི་ལོངས་སྤྱོད་ལ་སྒུག་ནས་བསྡད་ཡོད་པ་རེད།  ད་དུང་འུ་ཚོར་འཇིག་རྟེན་མི་ཆོས་རིག་གནས་ཀྱི་བསམ་བློའི་འདུ་ཤེས་ལེགས་པོ་ཞིག་སྐྲུན་ཐུབ་མེད་པས་ན། ང་ཚོ་མི་ཡི་སྒེར་ཚུགས་ཀྱི་སྟེང་ནས་ལངས་ཐུབ་ཀྱིན་མེད་པ་རེད།       དེ་བས་ང་ཚོའི་མིག་ལམ་དུ་འཇིག་རྟེན་པ་ཞིག་གི་ཁྱད་ཆོས་ལས་ཆོས་པ་ཞིག་གི་ཁྱད་ཆོས་མཐོང་ན་གུས་སྨོན་སྐྱེ་བཞིན་ཡོད་པ་རེད།  འདི་ནི་འུ་ཚོའི་ཤེས་ཡོན་པར་ཁས་འཆས་པ་དེ་ཚོའི་བསམ་བློའི་འདུ་ཤེས་ཀྱི་ངོས་སུ་ཡང་ཡོད་པ་རེད།      

འུ་ཚོ་བོད་མི་རིགས་ཀྱང་འཛམ་གླིང་མི་རིགས་གཞན་དག་དང་དཔུང་བ་མཉམ་གཤིབ་བྱས་ནས་འགྲོ་དགོས་པ་རེད།  འཚོ་བའི་འཕེལ་ཤུགས་དང་དུས་རབས་ཀྱི་འགྱུར་འགྲོས་ལ་བསྟུན་ནས་འགྲོ་དགོས་པ་རེད།  དེ་དག་ལ་བསམ་ན་མི་ཆོས་རིག་གནས་དང་།  འཚོ་གནས་ཐད་ཀྱི་གོ་རྟོགས། ཤེས་ཡོན་སློབ་གསོ།   དཔལ་ཡོན་དང་སྲིད་ལུགས་སོགས་ལ་འུ་ཚོའི་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་རྩོད་ལེན་བྱེད་རྒྱུ་དེ་དོན་ཆེན་ནང་གི་འགངས་ཆེན་རེད།               ང་ཚོ་ནམ་ཡང་རྨོངས་དད་ཅན་དང་བྲན་འབངས་བྱས་ནས་སྡོད་ཐབས་མེད་པ་རེད།  འདི་འདྲའི་གནད་འགག་མང་བོ་ཞིག་བདོག་པའི་ཆ་ནས་གསར་གཏོད་དང་།  ཆིག་སྒྲིལ།  རང་མགོ་རང་ཐོན་བཅས་ཀྱི་ལམ་ཡང་སྟོན་བཞིན་པ་དེ་ལྟར་རེད།  དེ་བས་ད་ནི་ང་ཚོའི་ལས་འགན་ཆེན་པོ་ཞིག་ནི་མི་རང་རང་གི་ངོས་ནས་སམ།  ཡང་ན་འུ་ཚོའི་སྤྱི་ཚོགས་འདིས་མི་ཆོས་རིག་གནས་ཀྱི་བསམ་བློ་འཚོལ་རྙེད་བྱེད་རྒྱུ་དེ་རེད་ཅིང་།  འཚོ་གནས་དཔལ་ཡོན་དང་ལྟ་བ་མཉམ་གནས་བཅས་ཀྱི་ཕྱོགས་སུ་གོམ་པ་རིམ་སྤོ་བྱེད་རྒྱུ་དེ་རེད།

མི་རིགས་མང་བོའི་བར་དུ་འཚོ་གནས་དང་བསམ་བློའི་ཁྱད་པར་ཆེན་པོ་ཤོར་སོང་བའི་རྐྱེན་གྱིས། ཤར་དང་ནུབ་ཀྱི་མི་སྡེ་སོ་སོའི་འཚོ་བའི་གནས་བབ་དང་འཇིག་རྟེན་དར་ལུགས་མ་འདྲ་བ་རེད་ལ། དེང་གི་ཆར་ནུབ་ཀྱི་མགོ་སེར་མང་བོས་ཆབ་དཔལ་རིག་གསུམ་གྱི་ངོས་ཐད་ནས་འཛམ་གླིང་གི་ཡུལ་གྲུ་མང་བོེར་རོགས་དན་མཛད་དེ།    འགྲོ་བ་མིའི་ཐོབ་ཐང་ཞེས་པ་དང་།   དམངས་ཀྱི་སྲིད་དབང་ཞེས་པ། ལྟ་བ་མཉམ་གནས་ཞེས་པ་སོགས་མི་སྡེ་སྤྱི་ཚོགས་སུ་དགོས་གལ་ཆེ་བའི་རིག་གནས་དག་དར་སྤེལ་ཆེད་བརྟུན་པ་གནང་གིན་ཡོད། དེ་བས་མགོ་སེར་ཚོས་རྒྱལ་ཁབ་གཞན་གྱི་དོན་དག་ཁོ་ཚོས་རོགས་འདེགས་བཀོད་འདོམས་བྱས་ཏེ་སྒྲུབ་ཀྱིན་པ་མང་ལ། འུ་ཚོའི་མཐོ་དམའ་བར་གསུམ་གྱི་མི་མང་བོ་ཞིག་གིས་ཀྱང་མགོ་སེར་ཚོའི་གཞིས་ཁྱིམ་སྙེག་ཏེ་དགའ་དགའ་དུངས་དུངས་ཀྱིས་ཕེབས་བཞིན་ཡོད།

བོད་མིའི་སྤྱི་ཚོགས་འདི་ནི་གནའ་ནས་ད་བར་སེར་མོ་བ་དང་ཆོས་ལུགས་པ་འབའ་ཞིག་གིས་དབང་བསྒྱུར་བྱས་ཏེ་ཡོང་བ་འུ་ཚོ་རང་རང་གི་སེམས་སུ་ཡོད་ལེ་ཆེ། སངས་རྒྱས་ཀྱི་གསུང་རབ་ལ་ཐོས་བསམ་སློབ་སྦྱོང་བྱེད་པ་དང་།   ཐུབ་པའི་བསྟན་པ་དར་སྤེལ་རྒྱས་གསུམ་གནང་བ་འུ་ཚོ་ལས་ལྷག་ཅིག་མེད་པས།  དེའི་ངོས་ནས་མི་རིགས་འདི་ལ་བྱས་པ་ཡོད་པ་གསལ་བོ་རེད། འོན་ཀྱང་འུ་ཚོར་མཚོན་ན་འཚོ་གནས་བསམ་བློ་དང་མི་ཆོས་རིག་གནས་ཀྱིས་ཤིན་ཏུ་འཕུང་ནས་ཡོད་པར་མ་ཟད།  འཛམ་གླིང་གི་འཕེལ་ཤུགས་དང་།  དུས་རབས་ཀྱི་འགྱུར་འགྲོས་ལ་ཞིབ་ཏུ་གཞིག་ནས་བསམ་ན།  ང་ཚོ་ད་དུང་གང་ཞིག་ན་དལ་ལྷོད་དང་ཧད་འཐོམ་གྱི་ངང་དུ་ལུས་ཡོད་པ་རེད།     

ཉེ་སྔོན་ཕྲན་གྱིས་རྒན་པ་སྐོར་ཞིག་ལ་ཁ་བརྡ་བྱས་པ་ཡིན།  ཁོང་རྣམས་ཀྱིས་གསུང་ན།  འུ་ཚོའི་གཞོན་སྐྱེས་ཚོར་ཨ་གསར་ཆེ་བ་མང་དྲགས་འདུག   དེང་སང་རྩོམ་ཡིག་མང་བོ་ཞིག་ཏུ་ལུང་དང་ཁུངས་ཤིག་འདྲེན་ཚེ་ཡང་ནུབ་ཕྱོགས་པའི་བཤད་སྲོལ་ཞིག་དྲུད་ནས་ཡོང་གི་ཟེར།   ངས་བལྟས་ན་དེ་ཨ་གསར་ཙམ་མ་ཡིན་པར། རབས་གསར་བ་འདིའི་སེམས་སུ་འཚོ་གནས་འདུ་ཤེས་དང་འཇིག་རྟེན་པའི་རིག་གནས་ལ་སྔོན་མ་ལས་ཅུང་གོ་ས་ཆེ་བ་ཡོད་སོང་བ་རེད།  ཁོ་ཚོས་འཚོ་གནས་བསམ་བློའི་སྐོར་ནས་དོན་དག་ཅིག་གླེང་དགོས་སྐབས། ནུབ་ཕྱོགས་པའི་གཙོ་རྒྱུག་རིག་གནས་སམ།   མི་ཆོས་རིག་གནས་ཀྱི་བདག་པོ་དང་འཚོ་གནས་སྨྲ་བ་ཚོའི་སྲོག་ཤིང་དག་གི་གསུང་དང་རིན་ཐང་ཁྱེར་ནས་ལོས་ཡོང་།  དེ་མ་གཏོགས་འཚོ་གནས་ཀྱི་དོན་སྙིང་གླེང་སྐབས། ཡང་ན་མི་ཆོས་ཀྱི་གནད་འགག་བཤད་དུས།   འཁོར་བ་དུག་སྦྲུལ་གྱི་ཚང་ལྟ་བུ་ཡིན་ཚུལ་དང་། འཁོར་བ་ཁབ་ཀྱི་རྩེ་མོ་ན།  བདེ་བ་ནམ་ཡང་ཡོད་མ་ཡིན།།  སོགས་བཤད་ན་ག་འདྲ་ཡོང་ངམ། 

                                                                                            ༢༠༡༣  ། ༠༣ ། ༠༣ ལ་གྲུབ།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༩ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 2

  1. མཉམ་ཞུགས says:
    ལོ་ 13 སྔོན།

    དངོས་ཡོད་གནས་ཚུལ་དང་དོན་སྙིང་ལྡན་པའི་རྩོམ་ཡིག་ཅིག་བྲིས་འདུག འདི་འདྲའི་རྩོམ་ཡིག་ནི་ད་ལྟའི་དུས་ལ་ངེས་པར་མཁོ་བ་མ་ཟད་ད་དུང་འཕྱི་དྲག་པའི་སྐྱོན་འདུག འཚོ་གནས་རྩོད་སྒྲུབ་ཀྱི་འགག་སྒོ་གཙོ་བོ་གཅིག་ནི་གཞན་རྟེན་གྱི་བསམ་བློ་དེ་རེད། དེ་ཕྱིར་ང་ཚོ་བོད་མི་ཚོས་ངེས་པར་དུ་གང་མགྱོགས་ཐོག་གཞན་རྟེན་གྱི་བསམ་བློ་དེ་མེད་པ་བཟོ་བ་ལ་འབད་བརྩོན་བྱེད་དགོས་པ་ཡིན། འོན་ཀྱང་ཡིད་སྐྱོ་བའི་གནས་ཚུལ་ཞིག་ལ་མི་སྐོར་ཞིག་གིས་སོ་སོའི་གཞན་རྟེན་གྱི་བསམ་བློ་དེ་མེད་པ་བཟོ་རྒྱུ་ཕར་ཞོག ད་དུང་སོ་སོའི་བུ་ཕྲུག་རྣམས་ལའང་ལ་གཞན་རྟེན་གྱི་བསམ་བློ་དེ་རྒྱུད་སྤེལ་བྱེད་ཀྱི་འདུག འདི་ནི་ང་ཚོའི་སྤྱི་ཚོགས་ཀྱི་ཞན་ཆ་ཆེ་ཤོས་ཤིག་རེད་ལ། འདི་འདྲའི་གནས་ཚུལ་དེ་བཙན་བྱོལ་བོད་མི་ནང་མང་པོ་བྱུང་གི་ཡོད། འོན་ཀྱང་བོད་དུ་ནང་དུ་དེ་འདྲའི་གནས་ཚུལ་གོ་རྒྱུ་མེད་པ་འདྲ་བོ་འདུག

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ དེང་གི་དུས་འདིར་ནུབ་ཕྱོགས་པའི་འཇིག་རྟེན་དཔལ་ཡོན་གྱི་རྨང་རྡོ་ཚན་རྩལ་རིག་གནས་དང་། ཤར་ཕྱོགས་པའི་ཚེ་སྲོག་སེམས་ཁམས་ཀྱི་བླ་སྲོག་ཐུབ་བསྟན་རིག་གནས་གཉིས་པོ་ནི་སྲིད་ན་མངོན་པར་མཐོ་བའི་མིའི་རིགས་ཀྱི་ལོངས་སྤྱོད་ཉག་ཅིག་ཏུ་ལྟ་བ་རེད། ་་་ཅེས་དང་།
    ་་་་་་ དེའི་ངོས་ནས་མི་རིགས་འདི་ལ་བྱས་པ་ཡོད་པ་གསལ་བོ་རེད། འོན་ཀྱང་འུ་ཚོར་མཚོན་ན་འཚོ་གནས་བསམ་བློ་དང་མི་ཆོས་རིག་གནས་ཀྱིས་ཤིན་ཏུ་འཕུང་ནས་ཡོད་པར་མ་ཟད། ་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese