མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྐོག་ཟ་རུལ་སུངས་བྱེད་མཁན་སྐྱ་བོ་ཙམ་མིན་པར་ཆོས་ལུཊ་པའི་ནང་དུའང་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་མཆོག་གིས་བྷང་ལོར་ཊུམ་ཁུར་མཐོ་སློབ་ཏུ་དགེ་སློབ་ ༢༠༠༠ བརྒལ་བར་བཀའ་སློབ་བསྩལ་སྐབས། རྒྱ་གར་མཐོ་སློབ་ཁག་ཏུ་འཚེ་མེད་ཞི་བའི་ལྟ་གྲུབ་སློབ་སྦྱོང་བྱ་དགོས་ཤིང་། རྒྱ་གར་འཚེ་མེད་ཞི་བ་རྒྱུན་འཛིན་བྱེད་པར་བོད་མིས་རྒྱ་གར་ལ་ཞབས་འདེཊ་ཞུ་ཐུབ་སྐོར་བཅས་གསུངས་འདུག

རྒྱ་གར་བྷང་ལོར་ཊུམ་ཁུར་གཙུག་ལག་སློབ་གྲྭ་དང་སེར་བྱེས་གྲྭ་ཚང་གཉིས་ཀྱི་གདན་ཞུ་ལྟར། ཁ་སང་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་ལྷོ་ཕྱོགས་བྷང་ལོར་དུ་རྟེན་གཞི་བྱས་པའི་ཊུམ་ཁུར་ (Tumkur University) གཙུག་ལག་སློབ་གྲྭའི་ཚོགས་ཁང་དུ། སློབ་གྲྭ་དེའི་དགེ་ལས་སློབ་ཕྲུག་ ༢༠༠༠ བརྒལ་བར་༼འགྲོ་བ་མིའི་དཀའ་ངལ་སེལ་ཆེད་བཅོམ་ལྡན་ལྡན་གྱི་བསླབ་བྱ་ཉམས་ལེན་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་འདུག

ཐོག་མར་༸གོང་ས་མཆོག་གིས་འགྲོ་བ་མིའི་རིགས་ལ་སོ་སོའི་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འཚོལ་རྒྱུ་དང་སྡུག་བསྔལ་ཉུང་དུ་གཏོང་རྒྱུའི་ཀླད་པ་དང་ཤེས་ཡོན་ཡོད་ཀྱང་། སྐབས་རེར་རང་གི་རྣམ་དཔྱོད་དང་ཤེས་ཡོན་བེད་སྤྱོད་ལོག་པར་བཏང་བའི་ཉེར་ལེན་གྱིས་སྤྱི་ཚོགས་ཁྲོད་གནོད་པ་ཚབས་ཆེན་འབྱུང་བཞིན་ཡོད་པ་དང་། དུས་རབས་ཉི་ཤུ་པ་ནི་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་གྱུར་ཏེ་མི་ས་ཡ་ ༢༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་ཅིང་། དུས་ད་ལྟ་ཡང་མི་མང་པོ་ཞིག་གིས་ཕྱིའི་དངོས་པོའི་ལོངས་སྤྱོད་ཙམ་དང་། ལྷག་པར་དུ་དཔལ་འབྱོར་ཁོ་ནར་དོ་སྣང་བྱེད་པ་ལས་འགྲོ་བ་མིའི་ནང་སེམས་ཀྱི་བཟང་པོའི་རིན་ཐང་ལ་མཐོང་དང་ཆ་འཇོག་གང་ཡང་བྱེད་ཀྱི་མེད་སྐོར་གསུངས་འདུག

༸གོང་ས་མཆོག་གིས་མུ་མཐུད་དུ་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཨ་རི་གཙོས་ཡུལ་ལུང་མང་དག་ཅིག་གི་ནང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་ཅིང་། ང་ཚོས་འགྲོ་བ་མིའི་སྤྱི་ཚོགས་ནང་དབུལ་ཕྱུག་གི་བར་ཁྱད་ཇེ་ཉུང་དུ་གཏོང་བ་དང་། ཕན་ཚུན་བར་འདྲ་མཉམ་ཡོང་ཆེད་འཁུར་མཉམ་ལེན་གནང་དགོས་ཤིང་། ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ནི་མིའི་སྤྱི་ཚོགས་ཁྲོད་ཀྱི་སྐྲན་ནད་ལྟ་བུ་ཞིག་དང་། དེང་སྐབས་ལྐོག་ཟ་རུལ་སུངས་བྱེད་མཁན་སྐྱ་བོའི་སྡེ་ཙམ་མིན་པར་ཆོས་ལུཊ་པའི་ནང་དུའང་འབྱུང་བཞིན་ཡོད་ལ། བྱེད་སྟངས་དེ་ནི་མིའི་བཟང་སྤྱོད་ཀྱིས་མ་འདང་བ་ཞིག་ཡིན་སྟབས། ང་ཚོས་མ་འདང་བའི་ཆ་དེ་ངོས་འཛིན་བྱས་པའི་ཐོག་སྔར་ནོར་ཡོད་པ་དག་ཡོ་བསྲང་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་གསུངས།

ཡང་༸གོང་ས་མཆོག་གིས་རྒྱ་གར་འཕཊ་པའི་ཡུལ་ནི་ལོ་རྒྱུས་ཐོག་འགྲོ་བ་མིའི་རིཊ་ཀྱི་དཔལ་ཡོན་ཕྱུག་ཤོས་ཀྱི་ལུང་པ་ཞིག་ཆཊ་ཡོད་པ་དང་། ཁོང་གི་ངོས་ནས་རྒྱ་གར་ལུང་པ་དེ་འཛམ་གླིང་ཆོས་ལུཊ་རྣམས་འཆམ་མཐུན་མཉམ་གནས་བྱེད་ཐུབ་སའི་མིག་དཔེ་བཟང་པོ་ཞིག་ཏུ་བརྩི་བཞིན་ཡོད་ཀྱང་། མཚམས་རེར་རྒྱ་གར་ནང་འཚེ་བ་མེད་པ་དང་ཞི་བའི་ལྟ་གྲུབ་བཟང་པོ་དག་ཅུང་ཉམས་ཆག་ཏུ་འགྲོ་བཞིན་སྐོར་གསུངས་ཏེ། “བྷང་ལོར་ཊུར་ཁུར་སློབ་གཉེར་ཁང་གཙོས་རྒྱ་གར་མཐོ་སློབ་ཁག་ཏུ་རྒྱ་གར་འཚེ་མེད་ཞི་བའི་ལྟ་གྲུབ་དང་འབྲེལ་བའི་སློབ་སྦྱོང་སྤྲོད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ལ། སློབ་སྦྱོང་བྱེད་སྟངས་དེའང་འཇིག་རྟེན་སྤྱི་ཡོངས་ལ་དམིགས་ཏེ་སློབ་སྦྱོང་བྱ་དགོས་པ་ཆཊ་ཡོད ” ཅེས་གསུངས།

མཇུག་ཏུ་༸གོང་ས་མཆོག་གིས་གནའ་རབས་རྒྱ་གར་གྱི་འཚེ་མེད་ཞི་བའི་ལྟ་གྲུབ་རྒྱུན་འཛིན་གནང་བར་བོད་མིའི་ངོས་ནས་རྒྱ་གར་ལ་ཞབས་འདེཊ་བསྒྲུབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅིང་། ལྷག་པར་དུ་བྷང་ལོར་ཊུམ་ཁུར་སློབ་གཉེར་ཁང་གིས་དེང་དུས་ཤེས་ཡོན་སློབ་སྦྱོང་གི་ཞོར་དུ། བོད་མིས་གཅེས་འཛིན་བྱེད་བཞིན་པའི་དཔལ་ནཱ་ལེནྡྲའི་ནང་པའི་ལྟ་གྲུབ་སློབ་སྦྱོང་ལས་གཞིའི་ཐོག་སེར་བྱེས་གྲྭ་ཚང་དང་མཉམ་ལས་གནང་བར་ཡི་རངས་བསྔཊ་བརྗོད་དང་། ཁོང་སྒེར་ངོས་ནས་འདས་པའི་མི་ལོ་ ༤༠ གོང་ནས། བོད་ཀྱི་ནང་པའི་བསྟི་གནས་ཁག་དང་དེང་དུས་ཤེས་ཡོན་སློབ་གཉེར་ཁང་བར་ཤེས་ཡོན་ཉམས་མྱོང་བརྗེ་རེས་བྱ་རྒྱུ་འགངས་ཆེན་དུ་བརྩི་བཞིན་ཡོད་ཚུལ་གསུངས།

སྐབས་དེར་བྷང་ལོར་ཊུམ་ཁུར་གཙུག་ལག་སློབ་གྲྭས་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟཊ་ཤིག་འབུལ་བཞེས་གནང་ཡོད་པར་མ་ཟད། མཐོ་སློབ་དེས་རྒྱ་གར་ཚན་རིག་མཁས་པ་གཉིས་དང་མཐོ་སློབ་དེའི་མི་སྣ་རྒན་གྲས་ཁག་ཅིག་ལའང་གཟེངས་རྟཊ་རེ་ཕུལ་ཡོད་འདུག

ཕྱི་ཚེས་ ༩ ཉིན་ལྡི་ལི་བོད་ཁང་དང་ཊོ་ཞེ་ཊ་སྒོམ་སྒྲུབ་ལྟེ་གནས་ཁང་གི་གོ་སྒྲིག་འོག ༸གོང་ས་མཆོག་རྒྱལ་ས་ལྡི་ལིའི་བྷུ་ངྷ་ཇཱ་ཡན་ཏེ་སྐྱེད་མོས་ཚལ་ (Buddha Jayanti Park) དུ། ས་གནས་མང་ཚོགས་སྟོང་ཕྲག་བརྒལ་བར་ནང་ཆོས་ངོ་སྤྲོད་དང་། ཚེས་ ༢༦ ཉིན་འབྲས་ལྗོངས་སུ་ཆིབས་བསྒྱུར་གྱིས་ཁུལ་དེར་གསར་བཞེངས་བྱས་པའི་སྟོན་པའི་སྐུ་བརྙན་ཆེན་པོ་ཞིག་ལ་རབ་གནས་དང་། ཡུལ་སྐོར་སྤྲོ་འཆམ་པར་དམིཊ་ཏེ་འཛུཊ་སྐྲུན་བྱས་པའི་༼ནང་པའི་སྤྱི་གླིང་༽ཞིག་ཀྱང་དབུ་འབྱེད་གནང་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༡༦ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese