མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རང་ལུས་མེར་བསྲེཊ་གཏོང་རྩིས་བྱས།

བོད་ཀྱི་དུས་བབ།
༢༠༡༣/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཞུགས་སྒར་གྱི་མི་མང་སྟོང་ཕྲག་ལྷག་གིས་ངྷ་ས་ནས་ཀ་ཅཱ་རིལ་བར་སྐད་འབོད་གོམ་བགྲོད་བྱས་ཤིང་། སྐབས་དེར་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གཏོང་རྩིས་བྱས་པ་གཞན་གྱིས་མཐོང་སྟེ་བཀག་འགོག་བྱས་ཡོད།

དེ་རིང་ ༢༠༡༣ ཟླ་ ༣ ཚེས་ ༡༠ ཉིན་ཏེ། མི་ལོ་ ༥༤ གོང་གི་བོད་མིའི་སྒེར་ལངས་ཀྱི་དུས་དྲན་ཉིན། ངྷ་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་སྣེ་ཁྲིད་འོག་ངྷ་སའི་ཉེ་འཁོར་གྱི་སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག་དང་། དགོན་སྡེ་ཁག་གི་གྲྭ་བཙུན་སོགས་སེར་སྐྱ་མི་མང་སྟོང་ཕྲག་གཉིས་ཙམ་གྱིས་ཐེགས་ཆེན་གཙུག་ལག་ཁང་ནས་ཀཱ་ཅཱ་རི་ཉེན་རྟོག་ལས་ཁུངས་ཀྱི་ཐང་ཆེན་བར། རང་ལུས་མེར་བསྲེགས་གནང་མཁན་ཚོ་གཙོས་བོད་བསྟན་པ་ཆབ་སྲིད་ཆེད་རང་སྲོག་བློས་གཏོང་གནང་མཁན་རྣམ་ལ་རྗེས་དྲན་དང་གདུང་སེམས་མཉམ་སྐྱེད། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་དྲག་གནོན་བྱས་དང་བྱེད་བཞིན་པར་གོམ་བགྲོད་ཐོག་ངོ་རྒོལ་སྐད་འབོད་གནང་ཡོད།

མི་མང་གི་ལག་ཏུ་བོད་མི་རང་ལུས་མེར་བསྲེགས་གནང་མཁན་རྣམ་པའི་སྐུ་པར་དང་། ངོ་རྒོལ་འབོད་ཚིག་འཕྲེད་དར། བོད་ཀྱི་རྒྱལ་དར་སོགས་འཁྱེར་བཞིན་སྐད་འབོད་ཀྱིས་ཀཱ་ཅཱ་རེ་ཉེན་རྟོག་ཐང་ཆེན་དུ་འབྱོར་སྐབས། བོད་མི་ཞིག་གིས་ལུས་སྟེང་ལ་ས་སྣུམ་བླུག་གི་ཡོད་པ་གཞན་གྱིས་མཐོང་སྟེ་བཀག་འགོག་བྱས་འདུག མི་དེ་བཀག་འགོག་བྱེད་མཁན་བསང་ཆུ་འབྲུག་བྷེ་ལགས་ཀྱིས་ “ངས་མཐོང་སྐབས་ཁོང་གིས་ལུས་སྟེང་ལ་ས་སྣུམ་བླུག་བཞིན་འདུག་ལ། བུ་མོ་འགས་ཁོང་ལ་དེ་འདྲ་མ་གནང་ཞེས་ཞུ་བ་འཐེན་གྱི་འདུག སྐབས་དེར་ང་ཚོས་ཁོང་གི་ལག་པ་ནས་སྣུམ་སྣོད་དང་མེ་ཆ་འཕྲོག་པ་ཡིན། སྐར་མ་གཅིག་ཕྱིས་དྲགས་པ་ཡིན་ན་མེ་སྦར་ཟིན་སོང་།”ཞེས་བརྗོད་བྱུང་། རྗེས་སུ་རྒྱུས་ལོན་བྱས་སྐབས་རང་ལུས་མེར་བསྲེགས་གནང་རྩིས་བྱེད་མཁན་ཁོང་སྟོད་ཏིང་རི་རྫོང་རྡོ་རྗེ་གྲོང་ཚོ་ནས་ཡིན་ཞིང་། རང་ལོ་ ༣༠ དང་། མཚན་ལ་ཟླ་བ་དོན་གྲུབ་ཞུ་བཞིན་ཡོད་འདུག ཁོང་ ༢༠༠༡ ལོར་རྒྱ་གར་དུ་བྲོས་བྱོལ་ལ་འབྱོར་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཞུགས་ཡོད་ཅིང་། ད་ཆར་མེག་གྷན་དུ་བཞུགས་ཡོད་འདུག

གནས་ཚུལ་དེ་བྱུང་འཕྲད་ཁོང་གིས་ས་སྣུམ་འཐུང་ཡོད་པའི་དོགས་གཞིའི་འོག འཕྲལ་དུ་ཛོ་ན་སྨན་ཁང་དུ་ཁྲིད། རྗེས་སུ་ཉེན་རྟོག་པས་ཁོང་གི་གནད་དོན་དེ་ཁྲིམས་གཏུག་བྱས་སྟབས། ཛོ་ན་སྨན་ཁང་ནས་འཇོག་མ་ཆོག་པར་ཀང་རཱ་ཌན་ཊ་སྨན་ཁང་དུ་བརྟག་དཔྱད་བྱེད་པར་ཁྲིད་ཡོད་འདུག གསར་འགོད་པས་ཁོང་དང་ལྷན་དུ་སྨན་ཁང་དུ་འགྲོ་མཁན་རང་དབང་སློབ་ཕྲུག་ཚོགས་པའི་དང་བླང་ལས་བྱེད་བློ་བཟང་ལགས་ཀྱི་ཁ་པར་བརྒྱུད་ཁོང་ལ་གནས་ཚུལ་རྒྱུས་ལོན་བྱེད་སྐབས། བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་སྔོན་མ་ནས་རང་ལུས་མེར་བསྲེགས་གཏོང་རྒྱུར་གྲ་སྒྲིག་ཡོད་སྐོར་དང་། ས་སྣུམ་ལེ་ཊར་(Lit) ༡༥ ཙམ་ཉོས་ཡོད་པ་མ་ཟད་ཁ་ཆེམས་ཀྱང་བཞག་ཡོད་འདུག

ཁོང་གིས་ཁ་ཆེམས་སྐོར་དྲིས་སྐབས་ཁ་ཆེམས་འཇོག་ཡུལ་གྱི་བདེ་འཇགས་ཆེད་སུའི་ལག་ཏུ་ཁ་ཆེམས་བཞག་ཡོད་མེད་མ་བཤད་ཀྱང་། ཁ་ཆེམས་ནང་ད་ནི་བོད་མི་ཚང་མས་དཀའ་ལས་རྒྱག་དགོས་པའི་དུས་ལ་སླེབས་ཡོད་སྐོར། ༧གོང་ས་མཆོག་ཕྱིར་བོད་ལ་གདན་ཞུ་དང་བོད་མིའི་དཀའ་ངལ་སེལ་རྒྱུ་དེ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་འགན་འཁྲི་ཡིན་སྐོར་སོགས་གསལ་ཡོད་འདུག

གཞན། སེར་སྐྱ་མི་མང་རྣམས་ཀཱ་ཅཱ་རེ་ཉེན་རྟོག་ཐང་ཆེན་དུ་འདུ་འཛོམས་བྱས་རྗེས། སྡིངས་ཆའི་སྟེང་རྒྱ་ནག་གི་སྲིད་འཛིན་གསར་པ་ཞཱི་ཅིན་པེན་གྱི་གཟུགས་བརྙན་གདོང་འབག་གྱོན་པ་ཞིག་བསྟན་ཏེ། མང་ཚོགས་ལ་སོ་སོའི་སེམས་ཚོར་རང་བཞིན་གྱི་རྣམ་འགྱུར་སྟོན་བཅུག་རྗེས་བོད་ཁྱིམ་སློབ་ཕྲུག་ཚོས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་གྱེར་འདོན་དང་། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་ངག་བཅད། ཐང་སྟོང་གླུ་གར་ཚོགས་པས་གསུམ་བཅུའི་དྲན་གླུ་བཅས་གྱེར་འདོད་བྱས་མཐར། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲུང་ཆེ་སེར་སྨད་བློ་དགའ་ལགས་ཀྱིས་ཚོགས་པ་ལྔའི་གསུམ་དུས་ཐེངས་ ༥༤ པའི་བསྒྲགས་གཏམ་སྒྲོགས་སྦྱང་གནང་སོང་།

བསྒྲགས་གཏམ་ནང་། འདི་ལོ་ནི་༧གོང་ས་ ༡༣ པས་བོད་རང་བཙན་ཁྱབ་བསྒྲགས་བྱས་ནས་ལོ་ ༡༠༠ འཁོར་པའི་དུས་ཚིགས་ཁྱད་པར་ཅན་ཞིག་ཏུ་འཁེལ་ཡོད་པ། འདི་ལོ་ནི་ཞེས་ཅིན་པེན་རྒྱ་ནག་གི་མགོ་ཁྲིད་གསར་པར་འཕོ་འགྱུར་བྱུང་པ་ནི་བོད་དོན་འཐབ་རྩོད་ཀྱི་གལ་གནད་ཆེ་བའི་དཀྱོག་མཚམས་ཤིག་ཏུ་སླེབས་ཡོད་པ་བཅས་ལ་བརྟེན། བོད་དོན་བདེན་མཐའ་སེལ་ཐུབ་མིན་ནི་བོད་མི་རང་ཉིད་ཀྱི་བྱ་སྤྱོད་དང་ཆབ་སྲིད་ཀྱི་འགུལ་སྐྱོད་བྱེད་སྟངས་ལ་རག་ལས་ཡོད་སྟབས། བོད་ཡུལ་བོད་མིས་སྐྱོང་བའི་སྐལ་བཟང་གི་དུས་སྐབས་ཤིག་གི་དོན་དུ་བོད་པ་ཚོས་ཆབ་སྲིད་ཀྱི་འགུལ་སྐྱོད་ཡོད་ཚད་ཡང་དག་པའི་ལམ་བུར་སྣེ་ཁྲིད་དགོས་སྐོར་གསལ་འདུག

གཞན་བསྒྲགས་གཏམ་དེར་བཀོད་པའི་ཚོགས་པ་ལྔའི་དགོས་འདུན་གསུམ་བཏོན་ཡོད་པ་ནི། དང་པོ། རྒྱ་གཞུང་གིས་རང་ལུས་མེར་བསྲེགས་གནང་མཁན་ཚོའི་ནང་མི་དང་བསྔོ་སྨོན་འདས་མཆོད་བྱེད་མཁན་ཚོར་ཁྲིམས་ཆད་བཙོན་འཇུག་བྱེད་ཀྱིན་པའི་བྱ་སྤྱོད་འཕྲལ་དུ་མཚམས་འཇོག་དགོས་པ། གཉིས་པ། བོད་ཆོལ་ཁ་གསུམ་ནང་རྒྱ་གཞུང་གིས་དྲག་པོའི་ཁྲིམས་གཞི་བསྡམས་ཡོད་པ་འཕྲལ་མར་ཕྱིར་འཐེན་བྱ་དགོས་པ། གསུམ་པ། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དེས་རྒྱ་གར་གྱི་བདེ་འཇགས་ལ་ཐད་གར་ཉེན་ཁ་འཕྲད་ཡོད་པར། རྒྱ་གར་གཞུང་གིས་ཁ་ཡོད་ལག་ཡོད་ཀྱི་སྲིད་ཇུས་གཏན་འབེབས་གསལ་བསྒྲགས་ཡོང་པའི་རེ་སྐུལ་བཅས་བཀོད་འདུག

གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཡིན།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 2

  1. ཨུ་ཚུགས་ཅན། says:
    ལོ་ 10 སྔོན།

    དཔའ་བོ་ཁྱེད་ཀྱི་སྙིང་སྟོབས་དང་མི་རིགས་ལ་བཅངས་པའི་བརྩེ་སེམས་ལ་གུས་འདུད་ཞུ།

    Reply
  2. བདེ་རྒྱལ། says:
    ལོ་ 10 སྔོན།

    ང་ཚོས་གསོན་པོའི་ངང་འབྱུང་བཞི་ས་ལ་མ་འཐིམས་བར་ནུས་ཤུགས་གང་ཡོད་ཀྱིས་མི་རིགས་དང་རྒྱལ་ཁབ་སླར་གསོ་བྱེད། བུ་རྒོད་པོ། ཁྱེད་རང་གསོན་ནས་བོད་མི་གྲངས་གཅིག་གིས་ཇེ་མང་དང་། དེ་ལ་མི་རིགས་སློབ་གསོ་ཡང་དག་པ་ཞིག་སྤྲད་ན། དེའང་རྩ་དོན་ཞིག་མ་རེད་མ་འདོད། ནམ་ཡང་ཁྱེད་རང་གསོན་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist