མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡེ་ཤུ་བླ་ཆེན་གསར་འདེམས།

བོད་ཀྱི་དུས་བབ།
༢༠༡༣/༠༣/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ལྷག་པའི་ཕྱི་དྲོར་ཡེ་ཤུའི་ཆོས་པ་ཇོར་ཇི་མ་རོ་བྷིར་གྷོ་ལོ་(Jorge Mario Bergoglio)མཆོག་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་ཁྲི་འཛིན་ ༡༧ པར་བདམས་ཐོན་བྱུང་ཡོད་པ་དང་། འདི་ནི་ཡེ་ཤུའི་ཁྲི་རབས་ལོ་རྒྱུས་ནང་གི་ཟིན་ཐོ་གསར་བ་ཞིག་ཆགས་ཡོད་འདུག

ཚེས་ ༡༣ ཉིན་གྱི་ཕྱི་དྲོར་ཨེ་ཊ་ལིའི་(Italy)རྒྱལ་ས་རོམ་( Rome)གྱི་སེ་ཊི་པེ་ཊར་(St. Peter’s Square)ཐང་ཆེན་དུ་མི་མང་ཁྲི་ཕྲག་མང་པོ་འཛོམས་ཏེ་ཡེ་ཤུའི་བླ་ཆེན་གསར་པར་དགའ་བསུ་ཞུས་ཡོད།

ཉེ་ལམ་ཕྱི་ཟླ་ ༢ ཚེས་ ༡༡ ཉིན་ཡེ་ཤུ་བླ་ཆེན་པོབ་( Pope Benedict)མཆོག་གིས་དགོངས་པ་ཞུ་རྒྱུ་ཡིན་པ་གསལ་བསྒྲགས་བསྐྱངས་མ་ཐག འཛམ་གླིང་གི་ཡེ་ཤུ་བ་རྣམས་ཧང་སང་དུ་བཅུག་ཡོད་པ་དང་། གནས་ཚུལ་དེ་བྱུང་མ་ཐག་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གླེང་སློང་དང་ཚོད་དཔག་སྣ་ཚོགས་བྱས་ཡོད། དེ་ནི་ཡེ་ཤུ་བླ་ཆེན་(Pope)གྱི་འདས་པའི་ལོ་ངོ་ ༦༠༠ ལྷག་གི་ལོ་རྒྱུས་ནང་། སྐུ་འདས་གྲོངས་ཕྱིན་པའི་རྗེས་ལ་ཡེ་ཤུ་བླ་ཆེན་གསར་པ་བསྐོ་བཞག་བྱེད་པའི་ལམ་སྲོལ་ཡོད་ཀྱང་། སྐུ་འཚོ་བཞིགས་རིང་དགོངས་པ་ཞུས་ཏེ་ཡེ་ཤུ་བླ་ཆེན་གསར་པ་བསྐོ་བཞག་བྱེད་དགོས་བྱུང་བ་དེ་ནི་ཐེངས་དང་པོ་དེ་ཆགས་ཡོད་འདུག

ད་རེབ་གསར་དུ་བདམས་ཐོན་བྱུང་བའི་དགུང་གྲངས་ ༧༦ ལ་སླེབས་པའི་ཇོར་ཇི་མ་རོ་བྷེ་གྷོ་ལོ་(Jorge Mario Bergoglio)ནི་ཨར་ཇན་ཊེ་ན་ (Argentina) ནས་ཡིན་པ་དང་། ཁོང་ནི་ལོ་ངོ་གཅིག་སྟོང་ལྷག་གི་རྗེས་ཀྱི་ཡུ་རོབ་ནས་མ་ཡིན་པའི་ཡེ་ཤུ་བླ་ཆེན་ཕེབས་པ་ཐོག་མ་དེ་ཆགས་ཡོད་འདུག

ཁོང་ཡེ་ཤུའི་བླ་ཆེན་གསར་བར་བདམས་རྗེས་མི་མང་ལ་བཀའ་སློབ་ཐེངས་པོ་དེ་གནང་ཡོད་ཅིང་། སྐབས་དེའི་ཁོང་གི་རྣམ་འགྱུར་དང་བཀའ་སློབ་ཀྱི་ནང་དོན་བཅས་ལ་གཞིགས་ན། ཁོང་གིས་མི་མང་གི་བདེ་སྡུག་ལ་དོ་འཁུར་ཆེན་པོ་གནང་མཁན་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག        

 ཇོར་ཇི་མ་རོ་བྷེ་གྷོ་ལོ་ནི་འགྲོ་བ་མིའི་ཐོབ་ཐང་ལ་གཙི་སྲུང་དང་། སྒེར་གཅོད་རིང་ལུགས་ལ་མངོན་ལྐོག་མེད་པར་ངོ་རྒོལ་ཁ་རྡུང་གཏོང་མཁན་ཞིག་ཀྱང་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་ ཁོང་ཡེ་ཤུའི་བླ་ཆེན་གསར་བར་བདམས་རྗེས་མི་མང་ལ་བཀའ་སློབ་ཐེངས་པོ་དེ་གནང་ཡོད་ཅིང་། སྐབས་དེའི་ཁོང་གི་རྣམ་འགྱུར་དང་བཀའ་སློབ་ཀྱི་ནང་དོན་བཅས་ལ་གཞིགས་ན། ཁོང་གིས་མི་མང་གི་བདེ་སྡུག་ལ་དོ་འཁུར་ཆེན་པོ་གནང་མཁན་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག ་་་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese