མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མ་འོངས་པའི་ཆེད་དུ་ཡིག་ཆ་བསྡུ་རུབ་ཐོག་འབད་ཀྱིན་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྡེ་ར་རྡུན་སྲོང་བཙན་དཔེ་མཛོད་ཁང་ནི་བཙན་བྱོལ་སྤྱི་ཚོགས་ནང་གི་དཔེ་མཛོད་ཁང་ཆེ་གྲས་ཤིག་ཡིན་པ་དང་། ད་ཆར་བོད་དང་ཧི་མ་ལ་ཡའི་རིག་གཞུང་ཉམས་ཞིབ་ལྟེ་གནས་ཁང་ཞིག་ལ་ངོས་ལེན་བྱས་ཡོད་པའི་ཐད་བཀྲ་ཤིས་བསམ་འཕེལ་ལགས་སུ་བཅར་འདྲི་ཞུས་ཏེ་གནས་ཚུལ་རྒྱུས་ལོན་བྱས་ཡོད།

སྲོང་བཙན་དཔེ་མཛོད་ཁང་ནི་འབྲུ་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་གསར་འཛུགས་གནང་པ་ཞིག་ཡིན་པ་དང་།  ༢༠༠༣ ཕྱི་ཟླ་ ༣  ཚེས་ ༦ ཉིན་༧གོང་ས་མཆོག་གིས་རབས་གནས་དབུ་འབྱེད་གནང་པ་ནས་དངོས་སུ་དཔེ་མཛོད་ཁང་དེ་ཉིད་སྒོ་འབྱེད་བྱས་ཡོད་འདུག་ལ། ད་ཆར་སྲོང་བཙན་དཔེ་མཛོད་ཁང་དེ་་་་་འབྲེལ་ཡོད་མངའ་སྡེ་དང་རྒྱ་གར་དབུས་གཞུང་གི་ཆོག་མཆན་འོག གྷར་ཝལ་གཙུག་ལག་སློབ་ཆེན་(Garlwal University) འོག་བོད་དང་ཧི་མ་ལ་ཡའི་རིག་གཞུང་ཉམས་ཞིབ་ལྟེ་གནས་ཁང་དུ་ངོས་འཛིན་ཐོག བོད་དང་ཧི་མ་ལ་ཡའི་རིག་གཞུང་སྐོར་ལ་ཕྱི་ནང་གི་སློབ་ཆེན་སློབ་མ་དང་ཉམས་ཞིབ་པ་སོགས་ལ་མཐུན་འགྱུར་དང་། འཛིན་གྲྭ་སོགས་གོ་སྒྲིག་ཞུ་བཞིན་ཡོད་པ་མ་ཟད། མ་འོངས་པར་འབུམ་རམས་པའི་བར་སློབ་སྦྱོང་དང་ཉམས་ཞིབ་གོ་སྐབས་བསྐྲུན་ཐབས་སུ་འབད་བརྩོན་བྱེད་བཞིན་ཡོད་འདུག

རྒན་བཀྲ་ཤིས་བསམ་འཕེལ་ལགས་སུ་སྲོང་བཙན་དཔེ་མཛོད་ཁང་དུ་དཔེ་དེབ་གལ་གནད་ཅན་གང་འདྲ་ཡོད་པ་དང་དཔེ་དེབ་བསྡུ་རུབ་དང་མཁོ་སྒྲུབ་ཇི་ལྟར་གནང་གི་ཡོད་མེད་དྲིས་པར་ཁོང་གིས། སྲོང་བཙན་དཔེ་མཛོད་ཁང་ངམ་བོད་དང་ཧི་མ་ལ་ཡའི་རིག་གཞུང་ཞབས་ཞུ་ལྟེ་གནས་ཁང་གིས། གཙོ་བོ་བོད་དང་ཧི་མ་ལ་ཡའི་རིག་གཞུང་དང་འབྲེལ་བ་ཡོད་པའི་ཡིག་ཆ་རིགས་སྐད་ཡིག་གང་དུ་ཡོད་ཀྱང་། འབྲེལ་ཡོད་གཞུང་དང་སྤྱི་སྒེར། སྡེ་ཚན་གང་དེར་འབྲེལ་བ་བྱས་ཏེ་རག་ཐབས་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་དབྱིན་ཇིའི་དཔེ་མཛོད་ཁང་(British Liberary) སོགས་དང་མཉམ་འབྲེལ་ཐོག་ཏུང་ཧོང་ཡིག་རྙིང་རིགས་བསྡུ་རུབ་ཐད་འགྲོ་གྲོན་དང་དཀའ་ངལ་ལ་མ་བལྟས་པར་མཁོ་སྒྲུབ་ཐད་ཤུགས་རྒྱག་གི་ཡོད་པ་དང་། ད་སྔ་ཏུང་ཧོང་ཡིག་རྙིང་རིགས་བསྡུ་རུབ་ཀྱིས་དེབ་ཕྲེང་ ༡༣ དཔེ་གཟུགས་སུ་བསྒྲིགས་ཡོད་འདུག་ལ། ཏུང་ཧོང་ཡིག་ཆའི་རིགས་དང་འབྲེལ་བའི་རྒྱལ་ཁབ་གཞན་དང་ཡིག་རིགས་གཞན་ནང་ཡོད་པའི་དེབ་དང་ཡིག་ཆའི་རིགས་ཀྱང་མཁོ་སྒྲུབ་བྱེད་ཀྱི་ཡོད་འདུག

ཁོང་གིས་མུ་མཐུད། “སྐབས་ཤིག་ངས་འབྲུ་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ལ། ཏུང་ཧོང་ཡིག་ཆ་མཁོ་སྒྲུབ་ཐད་འགྲོ་སོང་ཆེན་པོ་ཡིན་པ་དང་། དེ་ལ་ལྟ་ཀློག་བེད་སྤྱོད་གཏོང་མཁན་ཧ་ཅང་དཀོན་པོ་ཡིན་པས་མཚམས་བཞག་ན་ཞུས་པ་ཡིན། འོན་ཀྱང་། ཁོང་གིས་རྒྱ་གར་ནང་གི་དཔེ་མཛོད་ཁང་ཁག་ཏུ་ཏུང་ཧོང་ཡིག་ཆ་དཀོན་པོ་ཡིན་དུས། ད་ཆར་ལྟ་ཀློག་བྱེད་མཁན་ཡོད་མེད་ལ་མ་བལྟས་པར་མ་འོངས་པའི་ཆེད་དུ་རྩ་ཆེན་ཡིག་ཆ་དེ་དག་བོར་བརླག་ཏུ་མ་སོང་གོང་གང་ཐུབ་ཀྱིས་བསྡུ་རུབ་བྱ་དགོས་པ་རེད་ཅེས་གསུངས་བྱུང་”ཟེར།

ཡང་ཁོང་གིས། སྤྱིར་ཧི་མ་ཡ་ཟེར་ཡོང་དུས་རྒྱ་ཆེན་པོ་ཞིག་ཆགས་ཡོད་ཀྱང་། གཙོ་བོ་རྒྱ་གར་ས་མཚམས་ཁག་ཏུ་ཡོད་པའི་ལ་དྭགས་དང་ཨ་རུ་ཎ་ཅལ། ཁུ་ནི། པེ་ཏེ། འབྲུག འབྲས་ལྗོངས། བལ་ཡུལ་སོགས་ཀྱི་ཆོས་དང་རིག་གཞུང་། གོམ་གཤིས། ལུགས་སྲོལ་སོགས་དང་འབྲེལ་པའི་ཡིག་ཆ་རིགས་ཡིན་པ་དང་། དེ་དག་བོད་ཡིག་དང་ཧིན་རྡུ་སོགས་སྐད་ཡིག་གཞན་པ་དག་དང་བསྡུར་ན་ཤུགས་ཆེ་བ་དབྱིན་ཡིག་ནང་རག་གི་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པས་ཁོང་རང་ཉིད་ལ་དྭགས་པ་ཞིག་ཡིན་པའི་ངོས་ནས། བོད་དང་ཧི་མ་ལ་ཡའི་ཡུལ་ལུང་དེ་དག་གི་ཆོས་དང་རིག་གཞུང་། སྐད་ཡིག་གོམས་སྲོལ་ཕལ་ཆེ་བ་གཅིག་མཚུངས་ཡིན་ཡང་གནས་ཚུལ་ཤུགས་ཆེ་བ་དབྱིན་ཡིག་ནང་མ་གཏོགས་རག་གི་མེད་པའི་རྒྱུ་རྐྱེན་དྲིས་པར། དེ་ནི་གཅིག་ནས་མཐའ་མཚམས་རི་རྒྱུད་ཀྱི་ཡུལ་ལུང་དེ་དག་ནང་མཁས་པ་དང་ལྷག་པར་དུ་འབྲི་རྩོམ་རིགས་ལ་ཐུགས་སྣང་ཅན་མང་པོ་མ་བྱུང་བ་དང་པ་དང་། ཆབ་སྲིད་ཀྱི་དུས་འགྱུར་དང་ས་ཁུལ་འཛིན་སྐྱོང་གི་གནས་བབ་སོགས་ཀྱི་དབང་གིས་ཡུལ་ལུང་སོ་སོའི་རིག་གཞུང་སོགས་བོད་ཡིག་ནང་དཀོན་པོ་ཆགས་པ་དང་། གཉིས་ནས་ཕྱི་རྒྱལ་བ་ཚོར་སྔ་མོ་ནས་ཉམས་ཞིབ་སློབ་སྦྱོང་དང་གནས་ཚུལ་རིགས་མཐོང་ཐོས་བྱུང་སྐབས་ལམ་སངས་ཡིག་ཐོག་ཏུ་འགོད་པའི་གོམས་གཤིས་ཡོད་པ་ལྟར། ཡུལ་ལུང་དེ་དག་ནང་གི་གནས་ཚུལ་མང་པོ་ཞིག་དབྱིན་ཡིག་ཐོག་ཡོད་པ་ཞིག་ཆགས་པ་མིན་འགྲོ་ཞེས་ལན་འདེབས་གནང་བྱུང་།

སྲོང་བཙན་དཔེ་མཛོད་ཁང་འདི་འདྲ་ཞིག་ས་གནས་ཁུག་ཀྱོག་ཅིག་ཏུ་བཙུགས་པ་དེར་དམིགས་བསལ་དགེ་བ་རྒྱུ་མཚན་ཡོད་མེད་དྲིས་པར་ཁོང་གིས། བོད་དང་ཧི་མ་ལ་ཡའི་ཆོས་དང་རིག་གཞུང་དར་སྤེལ་བྱ་རྒྱུར་ས་གནས་གང་ཞིག་ཏུ་ཡིན་ཡང་མ་འགྲིག་པ་མེད་ཀྱང་། རྒྱ་གར་དབུས་ཁུལ་དུ་རྡེ་ར་རྡུན་ནི་གནམ་གཤིས་ཚ་དྲོད་སྙོམས་པ་དང་ཁ་ཁུ་སིམ་པོ་ཞིག་ཡིན་སྟབས། སློབ་སྦྱོང་གི་ཁོར་ཡུལ་ལེགས་པ་དང་འཚམ་པ་ཞིག་བདམ་པ་ལས་རྒྱུ་མཚན་གཞན་མེད་ཅིང་། དེ་སྔ་མངའ་སྡེ་གཞུང་གིས་དཔེ་མཛོད་ཁང་འདི་ཡུལ་སྐོར་སྤྲོ་འཆམ་པའི་ས་གནས་ཤིག་ཏུ་ངོས་འཛིན་དང་གནས་བཤན་ཐོ་གཞུང་ནང་ཐོ་འགོད་བྱ་རྒྱུའི་གཟིགས་མཐོང་ཆེན་པོ་ཞིག་ཐོབ་ཀྱང་། དཔེ་མཛོད་ཁང་གི་སློབ་སྟོན་ཚོགས་ཆུང་གིས་དེ་ནི་དཔེ་མཛོད་ཁང་ཁྱབ་བསྒྲགས་དང་ཡོང་བབ། གཞུང་གི་མཐུན་རྐྱེན་སོགས་ཀྱི་ཁེ་ཕན་འཐོབ་ངེས་ཡིན་ནའང་། རིམ་བཞིན་ཁྲ་ཁྲ་ཟང་ཟིང་ཆགས་ཏེ་ཁ་ཁུ་སིམ་པོའི་སློབ་སྦྱོང་བྱེད་སའི་ཁོར་ཡུག་བརླག་སྲིད་པའི་དགོངས་གཞིའི་འོག ཡུལ་སྐོར་སྤྲོ་འཆམ་པའི་ས་ཚིགས་སུ་ཐོ་འགོད་བྱ་རྒྱུར་ངོས་ལེན་བྱས་མེད་སྐོར་བརྗོད་བྱུང་།

དཔེ་མཛོད་ཁང་འདི་ཉིད་གྷར་ཝ་གཙུག་ལག་སློབ་ཆེན་ལ་ཐོ་འགོད་བྱས་པའི་སྐོར་ནས་ཁོང་གིས། འབྲུ་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེའི་དགོངས་བཞེད་ནི་དགོན་པ་དང་བཤད་གྲྭ་ནང་བཞིན་མ་ཡིན་པར་དཔེ་མཛོད་ཁང་འདི་བོད་དང་ཧི་མ་ལ་ཡའི་ཆོས་རིག་ཉམས་ཞིབ་ཀྱི་ལྟེ་གནས་ཤིག་བསྐྲུན་རྒྱུ་དེ་ཡིན་པ་ལྟར། དཔེ་མཛོད་ཙམ་མ་ཡིན་པར་འཛིན་གྲྭ་མགོ་འཛུགས་བྱ་རྒྱུ་སོགས་ལས་དོན་གང་ཅིའི་ཐད་ཁྱབ་ཆེ་རུ་གཏོང་པར་གཞུང་གི་ངོས་ལེན་མེད་པར་ལས་ཀ་བྱེད་བདེ་བོ་མེད་པ་དང་། ཡིན་ལུགས་ཚུལ་ལྡན་ཐོག་འགྲོ་དགོས་སྟབས། གྷར་ཝ་གཙུག་ལག་སློབ་ཆེན་དང་འབྲེལ་བ་བྱས་མཐར་ཁོང་ཚོས་དཔེ་མཛོད་ཁང་གི་སྐོར་ལ་ཞིབ་འཇུག་བརྒྱུད་ལོ་འགའི་གོང་༼བོད་དང་ཧི་མ་ལ་ཡའི་རིག་གཞུང་ཉམས་ཞིབ་ལྟེ་གནས་ཁང་༽ཞིག་ལ་ངོས་འཛིན་དང་། རྒྱ་གར་དབུས་ཤེས་རིག་དང་ནང་སྲིད་ལྷན་ཁང་གཉིས་ཀྱིས་དེ་ལྟར་ངོས་འཛིན་ཐོག་ཕྱི་རྒྱལ་ཁག་ནས་ཉམས་ཞིབ་ཏུ་ཡོང་མཁན་ཚོ་ཉམས་ཞིབ་རང་གི་ངོ་བོའི་སྟེང་ཡོང་རྒྱུར་ངོས་ལེན་ཆོག་མཆན་ཐོབ་ཡོད་སྐོར་བརྗོད་བྱུང་།

དཔེ་མཛོད་ཁང་དུ་སློབ་སྦྱོང་དང་ཉམས་ཞིབ་ཏུ་ཡོང་མཁན་ཚོར་རྩ་བའི་ཆ་རྐྱེན་གང་འདྲ་དགོས་མིན་དྲིས་པར་ཁོང་གིས། སྡེ་ཚན་དང་པོ། ཟླ་བ་འགའ་རེའི་ནང་འཕྲལ་སེལ་སློབ་སྦྱོང་དང་དཔེ་མཛོད་བེད་སྤྱོད་གཏོང་པར་ཡོང་མཁན་ཚོར་མཚོན་ན་དཔེ་མཛོད་ཁང་གི་ཚོགས་མི་(Membership) བཟོ་རྒྱུ་གཅིག་པུ་ལས་ཆ་རྐྱེན་གཞན་མེད་ཅིང་། སྡེ་ཚན་གཉིས་པ། མཐོ་སློབ་དང་གཙུག་ལག་སློབ་ཆེན་གྱི་ཉམས་ཞིབ་སློབ་མ་ཡིན་ཚེ། མཐོ་སློབ་བམ་གཙུག་ལག་སློབ་ཆེན་གང་དེའི་ཉམས་ཞིབ་ཁྱབ་ཁོངས་ཡོད་ཐོག་དཔེ་མཛོད་ཁང་དུ་ཉམས་ཞིབ་ལ་གཏོང་གི་ཡོད་པའི་ངོ་སྦྱོང་ཚད་ལྡན་ཡོད་དགོས་པ་དང་། སྡེ་ཚན་གསུམ་པ། གཙུག་ལག་སློབ་ཆེན་གཞན་པ་ནང་བཞིན་སོ་སོའི་ངོས་ནས་སློབ་སྦྱོང་དང་ཉམས་ཞིབ་པ་འཐོན་པར་བྱས་ཏེ་ལག་འཁྱེར་སྤྲོད་རྒྱུ་དེ་ཡིན་ཡང་། ད་སྔ་གཙུག་ལག་སློབ་ཆེན་གྱིས་ངོས་འཛིན་ཐོབ་ཡོད་པ་ཙམ་ལས་རང་ངོས་ནས་ལག་འཁྱེར་སྤྲོད་ཆོག་པའི་ཚད་ལ་སླེབས་མེད་སྟབས། སྡེ་ཚན་སྔ་མ་གཉིས་ད་ཆར་ལག་བསྟར་བྱེད་བཞིན་པ་ལྟར། སློབ་སྦྱོང་དང་ཉམས་ཞིབ་ཏུ་ཡོང་མཁན་ཚོར་རྒྱབ་གཉེར་ངོ་སྦྱོང་སྤྲོད་ཀྱི་ཡོད་པ་དང་། སྡེ་ཚན་གསུམ་པའི་ཆེད་དུ་ལོགས་སུ་འཛིན་ཁང་གསར་རྒྱག་དང་། ཉམས་ཞིབ་སློབ་སྟོན་པ། སློབ་ཚན་གཏན་འབེབ་རིགས་འགྲོ་བཞིན་ཡོད་པ་དང་། དེ་དག་ལེགས་འགྲུབ་ཐོག་རྒྱ་གར་དབུས་གཞུང་དང་ཐོ་འགོད་བྱེད་སའི་གཙུག་ལག་སློབ་ཆེན་བཅས་ནས་གཙུག་ལག་སློབ་གྲྭ་ཞིག་ལ་ངེས་ལེན་བྱུང་རྗེས། གཙུག་ལག་སློབ་ཆེན་གཞན་དག་ནང་བཞིན་འབུམ་རམས་པའི་བར་སློབ་སྦྱོང་དང་ཉམས་ཞིབ་རིགས་ཐོན་པར་བྱས་ཏེ་ཚད་ལྡན་ལག་འཁྱེར་སྤྲོད་ཐུབ་པར་འབད་བརྩོན་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།

སྲོང་བཙན་དཔེ་མཛོད་ཁང་གི་འགྲོ་གྲོན་ཐད་མངའ་སྡེ་གཞུང་དང་རྒྱ་གར་དབུས་གཞུང་གི་མཐུན་འགྱུར་ཡོད་མེད་དྲིས་པར། མཚམས་རེར་རོགས་འདེགས་ཕྲན་བུ་བྱེད་ཀྱི་ཡོད་ཀྱང་དེ་ནི་ངྷ་སའི་དཔེ་མཛོད་ཁང་དང་ཝ་ཎའི་དཔེ་མཛོད་ཁང་ནང་བཞིན་རྒྱུན་གཏན་མིན་པ་དང་། འབྲུ་གུང་དགོན་པ་དང་བཙུན་དགོན། བཤད་གྲྭ སློབ་གྲྭ དཔེ་མཛོད་ཁང་བཅས་ཀྱིས་འགྲོ་གྲོན་དང་འགན་འབྲུ་གུང་བཀའ་བརྒྱུད་ཀྱི་ཚོགས་པ་ ༼འབྲུ་གུང་བཀའ་བརྒྱུད་གཙུག་ལག་སློབ་གཉེར་ཁང་༽ གིས་གནང་གི་ཡོད་པའི་ལན་འདེབས་གནང་བྱུང།

དཔེ་མཛོད་ཁང་གིས་དཔེ་གཟུགས་དང་སྒྲ་ཉན་འཁོར་ལོ། གཟུགས་མཐོང་གློག་བརྙན་བཅས་སྡེ་ཚན་གསུམ་གྱི་ཐད་སློབ་སྦྱོང་དང་ཉམས་ཞིབ་བྱེད་མཁན་ཚོར་མཐུན་འགྱུར་མཁོ་སྤྲོད་བྱེད་ཀྱི་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

ཆུ་ཚོད་ ༡༠ སྔོན་ལ།
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་།

ཆུ་ཚོད་ ༡༥ སྔོན་ལ།
ttttt
Mobile App

བསྐལ་བའི་མེ་འཕྲིན་དམར་པོའི་སྙན་དེབ་དབུ་འབྱེད་དང་བགྲོ་གླེང་འཚོགས།

༢༠༢༦/༠༣/༢༦
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

༢༠༢༦/༠༣/༢༥
Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

༢༠༢༦/༠༣/༢༥

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ སྡེ་ཚན་དང་པོ། ཟླ་བ་འགའ་རེའི་ནང་འཕྲལ་སེལ་སློབ་སྦྱོང་དང་དཔེ་མཛོད་བེད་སྤྱོད་གཏོང་པར་ཡོང་མཁན་ཚོར་མཚོན་ན་དཔེ་མཛོད་ཁང་གི་ཚོགས་མི་(Membership) བཟོ་རྒྱུ་གཅིག་པུ་ལས་ཆ་རྐྱེན་གཞན་མེད་ཅིང་།
    སྡེ་ཚན་གཉིས་པ། མཐོ་སློབ་དང་གཙུག་ལག་སློབ་ཆེན་གྱི་ཉམས་ཞིབ་སློབ་མ་ཡིན་ཚེ། མཐོ་སློབ་བམ་གཙུག་ལག་སློབ་ཆེན་གང་དེའི་ཉམས་ཞིབ་ཁྱབ་ཁོངས་ཡོད་ཐོག་དཔེ་མཛོད་ཁང་དུ་ཉམས་ཞིབ་ལ་གཏོང་གི་ཡོད་པའི་ངོ་སྦྱོང་ཚད་ལྡན་ཡོད་དགོས་པ་དང་།
    སྡེ་ཚན་གསུམ་པ། གཙུག་ལག་སློབ་ཆེན་གཞན་པ་ནང་བཞིན་སོ་སོའི་ངོས་ནས་སློབ་སྦྱོང་དང་ཉམས་ཞིབ་པ་འཐོན་པར་བྱས་ཏེ་ལག་འཁྱེར་སྤྲོད་རྒྱུ་དེ་ཡིན་ཡང་། ་་་་་ཟེར།

    Reply
  2. བོད་ཀྱི་བུ། says:
    ལོ་ 13 སྔོན།

    འདི་ནི་ཕྱི་རྫིག་ནང་སྟོང་དང་།དོན་མེད་པར་དོན་ཆེན་བསྒྲུབ་པར་ཁས་འཆའ་བའི་ཁུལ་རེད། དཔེ་མཛོད་འདིའི་ནང་དུ་ཕྱག་དཔེ་གང་འདྲ་ཡིན་པ་མིག་མཐོང་ལག་ཟིན་ཡིན། སློབ་གྲྭ་ཞིག་གི་དཔེ་མཛོད་ལ་ཡང་དོ་ཟླ་མི་ཡོང་། ནུབ་ཕྱོགས་སྐྲ་སེར་ཚོ་ཚོང་ལས་གཉེར་བ་རང་ཆགས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese