མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་ཞབས་ས་མིག་ ༤༣ ཐོག་ཡིག་རྒྱུཊ་འཕྲོད་མཁན་ ༣༨ བྱུང་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་གཞུང་ཞབས་ཡིག་རྒྱུཊ་ཁྲོད་ས་རཱའི་ཟབ་སྦྱོང་ནང་ཞུཊ་མཁན་ཚོས་གྲུབ་འབྲས་ཆེན་པོ་བླངས་ཡོད་ཀྱང་། ཕྱི་ལོཊ་ནས་ཡིག་རྒྱུཊ་གཏོང་མཁན་ ༦༢ བྱུང་བའི་ནང་མི་ ༧ མ་གཏོཊ་ཚུད་མི་འདུག་ཟེར།

བཀའ་ཤག་སྐབས་བཅུ་བཞི་བས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་གསར་པ་དག་གི་ཆུ་ཚད་མཐོ་རུ་གཏོང་ཆེད་དང་། བཙན་བྱོལ་བོད་མིའི་མཐོ་རིམ་སློབ་ཕྲུག་ཚོ་གཞུང་ཞབས་ཁོངས་སུ་ཚུད་ཐབས་ལ། སྔ་ལོར་ས་རཱ་མཐོ་སློབ་ཏུ་མཐོ་རིམ་སློབ་ཕྲུག་ ༤༠ ཙམ་ལ་ཟླ་ ༥ རིང་ཟབ་སྦྱོང་ཞིག་སྤྲོད་ཡོད་ཅིང་། ཕྱི་ཟླ་ ༡༢ ནང་དངོས་སུ་ཡིག་རྒྱུགས་བཏང་ཡོད་པ་དང་། ཡིག་རྒྱུགས་གྲུབ་འབྲས་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གསལ་བསྒྲགས་བསྐྱངས་སྟབས། ཕྱི་ཚེས་ ༡༥ ཉིན་གསར་འགོད་པས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་དྲུང་ཆེ་སྣང་ས་ཆོས་སྒྲོན་ལཊ་སུ་ཡིག་རྒྱུཊ་གྲུབ་འབྲས་ཐད་བཀའ་འདྲི་ཞུས་པར། ད་ལོར་གཞུང་ཞབས་ཁོངས་ཡིག་རྒྱུཊ་འཕྲོད་མཁན་མང་ཆེ་བ་སྔ་ལོར་ས་རཱ་མཐོ་སློབ་ཏུ་ཟབ་སྦྱོང་ནང་ཞུཊ་མཁན་ཆཊ་ཡོད་ཅིང་། ཕྱི་ལོགས་ནས་ཡོང་མཁན་དག་གང་འཚམ་དབྱིན་ཡིག་ཡག་པོ་ཡོད་ཀྱང་བོད་ཡིག་དང་ཆབ་སྲིད་གོ་རྟོཊ་ཞན་པས་ཡིག་རྒྱུཊ་ནང་ཚུད་མེད་པ་དང་། ཁོང་སྒེར་ངོས་ནས་གཞུང་གིས་གོ་སྒྲིག་ཞུས་པའི་ཟབ་སྦྱོང་དེ་གལ་གནད་དུ་བརྩི་བཞིན་ཡོད་སྟབས། མ་འོངས་པར་གཞུང་ཞབས་ཁོངས་འཛུལ་འདོད་ཡོད་རིཊ་ཚོས་ཟབ་སྦྱོང་དེར་ངེས་པར་དུ་དོ་སྣང་སྤྲོད་དགོས་སྐོར་དང་། ཡིག་རྒྱུཊ་འཕྲོད་མཁན་ཨང་རིམ་དང་པོ་རྣམས་འདེམས་བསྐོ་ལྷན་ཁང་གིས་གནས་རིམ་སྤར་ཏེ་བཀའ་ཤག་གིས་ལས་བགོས་ལ་སྒུག་ཡོད་ཚུལ། ཡིག་རྒྱུགས་འཕྲོད་ཀྱང་ས་མིག་མེད་མཁན་དག་ལ་བཀའ་ཤག་དང་གྲོས་བསྡུར་གྱིས་ཐག་གཅོད་གནང་རྒྱུ་ཡིན་སྐོར་བརྗོད་སོང་།

གཞུང་ཞབས་འདེམས་བསྐོ་ལྷན་ཁང་དྲུང་ཆེ་ལགས་ཀྱིས་བརྗོད་པ་ལྟར་ན། ད་ལོའི་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་ཡིག་རྒྱུགས་ཁྲོད་གནས་རིམ་མི་འདྲ་བའི་ལས་བྱེད་ས་མིག་ ༤༣ ཡོད་པའི་ཐོག དངོས་སུ་ཡིག་རྒྱུཊ་ནང་ཞུགས་མཁན་ ༡༢༩ བྱུང་ཡོད་པ་དང་། དེའི་ཁྲོིད་ཡིག་འཕྲོད་མཁན་ ༣༨ བྱུང་ཡོད་འདུག ས་རཱ་མཐོ་སློབ་ཀྱི་ཟབ་སྦྱོང་ནང་ཞུཊ་མཁན་ ༤༠ བྱུང་བའི་ཁྲོད་ནས་ད་རེབ་ཀྱི་ཡིག་རྒྱུགས་ནང་མི་ ༣༩ ཞུགས་ཡོད་པ་དང་། དེ་དག་ལས་མི་ ༢༧ གྱིས་ཡིག་རྒྱུཊ་འཕྲོད་ཡོད་ཅིང་། མི་གཅིག་དེ་སྔོན་ནས་གཞུང་ཞབས་ནང་ཚུད་ཡོད་སྐོར་བརྗོད་བྱུང་།

ད་ཡོད་བོད་མིའི་སྒྲིག་འཛུགས་ལྷན་ཁང་ཁག་གི་གཞུང་ཞབས་གནས་རིམ་དམའ་བོ་དང་། རང་ཁོངས་ལས་བྱེད། ཆོད་གན་ལས་བྱེད་བཅས་ཀྱི་ཁྲོད་ད་རེབ་ཡིག་རྒྱུགས་ནང་ཞུགས་མཁན་ ༢༥ བྱུང་ཡོད་པ་ལས་མི་ ༤ ཙམ་ལས་འཕྲོད་མི་འདུག ཕྱི་ལོགས་ནས་ཡིག་རྒྱུཊ་གཏོང་མཁན་ ༦༢ བྱུང་པ་ལས་རྒྱུཊ་འཕྲོད་མཁན་ ༧ ཙམ་བྱུང་འདུག ཁྱོན་ད་རེབ་གཞུང་ཞབས་ཡིག་རྒྱུཊ་འཕྲོད་མཁན་བུ་ ༢༣ དང་བུ་མོ་ ༡༥ བཅས་ཡོད་འདུག

ད་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ལས་བྱེད་ཁོངས་སུ། ཟུང་དྲུང་ས་མིག་ ༤ ལ་ཡིག་རྒྱུཊ་གཏོང་མཁན་ ༧ བྱུང་ཡོད་པའི་ནང་རྒྱུཊ་འཕྲོད་མཁན་མི་ ༡ ལས་བྱུང་མེད་པ་དང་། དྲུང་གཞོན་ས་མིག་ ༢ ལ་ཡིག་རྒྱུཊ་གཏོང་མཁན་ ༨ ཙམ་བྱུང་བའི་ཁྲོད་རྒྱུཊ་འཕྲོད་མཁན་ ༢ ། དྲུང་ལས་ས་མིག་ ༩ ལ་ཡིག་རྒྱུཊ་གཏོང་མཁན་ ༣༦ བྱུང་བའི་ཁྲོིད་རྒྱུཊ་འཕྲོད་མཁན་ ༩། སྡེ་ཚན་འགན་འཛིན་ས་མིག་ ༤ ལ་ཡིག་རྒྱུཊ་གཏོང་མཁན་ ༡༢ བྱུང་བའི་ཁྲོད་རྒྱུཊ་འཕྲོད་མཁན་ ༥། ལས་ཁུངས་དོ་དམ་ས་མིག་ ༤ ལ་ཡིག་རྒྱུཊ་གཏོང་མཁན་ ༨ བྱུང་བའི་ནང་རྒྱུཊ་འཕྲོད་མཁན་ ༥། ལས་དྲུང་ས་མིག་ ༥ ལ་ཡིག་རྒྱུཊ་གཏོང་མཁན་ ༡༨ བྱུང་བའི་ནང་རྒྱུཊ་འཕྲོད་མཁན་ ༤། རྒན་དྲུང་ས་མིག་ ༨ ལ་ཡིག་རྒྱུཊ་གཏོང་མཁན་ ༢༧ བྱུང་བའི་ནང་རྒྱུཊ་འཕྲོད་མཁན་ ༤ ། གཞོན་དྲུང་ས་མིག་ ༤ ལ་ཡིག་རྒྱུཊ་གཏོང་མཁན་ ༡༣ བྱུང་བའི་ཁྲོད་རྒྱུཊ་འཕྲོད་མཁན་ ༧ བཅས་བྱུང་ཡོད་འདུག

གསར་འགོད་པས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལཊ་སུ་ད་ལོའི་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་ཡིག་རྒྱུཊ་གྲུབ་འབྲས་ཐོག་གཟིགས་ཚོར་གང་འདྲ་བྱུང་ཡོད་མེད་བཀའ་འདྲི་ཞུས་པར། ལོ་སྔོན་མར་བོད་མིའི་སྒྲིག་འཛུཊ་བཀའ་ཤག་དང་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས། ས་རཱ་མཐོ་སློབ་ཏུ་དུས་ཡུན་ཟླ་ ༥ རིང་འགྲོ་སོང་ཆེན་པོ་བཏང་སྟེ་ཟབ་སྦྱོང་སྤྲད་པའི་རྐྱེན་གྱིས། ཐེངས་འདིའི་གཞུང་ཞབས་ཡིག་རྒྱུཊ་ཁྲོད་སྔར་དང་མི་འདྲ་བའི་གྲུབ་འབྲས་ཐོན་ཡོད་ཅིང་། གཞུང་གི་གནང་སྟངས་དེ་གསར་གཏོད་དང་ཕན་ནུས་ལྡན་པ་ཞིག་ཡིན་པའི་ཆ་ནས། བཀའ་ཤག་གི་ལམ་སྟོན་འོག་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་ཟབ་སྦྱོང་ཐེངས་གཉིས་པ་གསལ་བསྒྲཊ་བསྐྱངས་ཡོད་པ་དང་། བོད་ལ་རང་དབང་མ་འཐོབ་བར་བོད་མིའི་སྒྲིག་འཛུཊ་ནང་ཤེས་ཚད་ཡོད་པའི་ལས་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་སྟབས། གཞུང་གི་ལས་བྱེད་ནང་ཟབ་སྦྱོང་གི་ཉམས་མྱོང་གང་ཡང་མེད་མཁན་ཞིག་ལས། ཟབ་སྦྱོང་སྤྲད་དེ་ཡིག་རྒྱུཊ་བརྒྱུད་གཞུང་ཞབས་ཁོངས་འཛུལ་མཁན་ལྡབ་འགྱུར་གྱིས་ཡག་པོ་ཡོད་པ་ས་རཱའི་ཟབ་སྦྱོང་གིས་ར་སྤྲོད་གསལ་པོ་བྱས་ཡོད་སྐོར་བརྗོད།

འཇམ་དཔལ་ཆོས་བཟང་ལགས་ཀྱིས་མུ་མཐུད་དུ། གཞུང་ཞབས་ཡིག་རྒྱུཊ་ཁྲོད་ཞུཊ་མཁན་ཚོས་དངོས་གཞིའི་ཡིག་རྒྱུཊ་སྐབས་བོད་དབྱིན་འབྲི་རྒྱུཊ་དང་ངག་རྒྱུཊ་གཏོང་དགོས་པར་མ་ཟད། གཞུང་གི་ཡིག་རྒྱུགས་ནང་ཚུད་དགོས་ན་ངེས་པར་དུ་བོད་ཡིག་དང་དབྱིན་ཇི། ཆབ་སྲིད་བཅས་རེ་རེ་ལ་སྐར་གྲངས་ ༨༠ ཡོད་པ་ལས་ ༥༠ འདང་དགོས་པ་དང་། ཨང་རྩིས་ལ་སྐར་གྲངས་ ༥༠ ཡོད་པ་ལས་ ༢༥ འདང་དགོས། ས་རཱ་མཐོ་སློབ་ཀྱི་ཟབ་སྦྱོང་ཧྲིལ་པོར་ཞུཊ་མཁན་དག་ལས་སློབ་ཚན་རེར་བརྒྱ་ཆ་ ༥༠ ཡོད་པ་ལས་ ༣༣ ལོན་མཁན་དག་ལ་སྐར་མ་ ༥ དམིཊ་བསལ་ཁ་སྣོན་དང་ ༤༠ ཡན་ལོན་མཁན་ལ་སྐར་མ་ ༧ རེ་ཁ་སྣོན་བྱེད་ཀྱི་ཡོད་འདུག

མཇུག་ཏུ་ཁོང་གིས་སྔོན་ཆད་གཞུང་ཞབས་ནང་ཡིག་རྒྱུཊ་གཏོང་བར་མ་མཐར་འཛིན་རིམ་བཅུ་གཉིས་ཐོན་པའི་ལག་འཁྱེར་དགོས་ཤིང་། ད་ལོར་ཡིག་རྒྱུཊ་ནང་ཞུཊ་མཁན་མང་ཆེ་བ་མཐོ་སློབ་མཐར་ཕྱིན་ཤ་སྟག་ཡིན་པའི་ཁར། ས་རཱའི་ཟབ་སྦྱོང་ནང་ཐོག་མར་ཞུཊ་མཁན་མཐོ་སློབ་ཐོན་མཁན་ ༢༤༠ བྱུང་པ་ལས་ ༤༠ རྩེ་ཏོག་བྱས་པ་དང་། སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ཕྱི་ལོཊ་སུ་ཡིག་རྒྱུཊ་ནང་ཞུགས་མཁན་རྣམས་བོད་ཡིག་དང་ཆབ་སྲིད། དབྱིན་ཇི། ཨང་རྩིས་གང་ཐད་ནས་ཤེས་ཚད་ཧ་ཅང་སྐྱོ་བོ་ཡིན་སྐོར་བརྗོད་བྱུང་། 

གསར་འགོད་པས་ད་རེབ་ཡིག་རྒྱུགས་ནང་ཞུགས་མཁན་རེ་ཟུང་གིས་རྒྱུགས་འབྲས་སྐར་གྲངས་སྤྲོད་ཕྱོགས་དྲང་མོ་བྱུང་ཡོད་མེད་ཀྱི་སྐད་ཆ་ཞིག་ཡོང་གི་ཡོད་པའི་ཐད་བཅར་འདྲི་ཞུས་པར་ཁོང་གིས། ད་རེབ་ཡིག་རྒྱུགས་སྐར་གྲངས་སྤྲོད་སྟངས་ཐད་འགའ་རེས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་བརྒྱ་ཆ་སྤྲོད་སྟངས་ནོར་འདུག་ཟེར་མཁན་བྱུང་། དེ་ནི་སོ་སོས་བརྒྱ་ཆ་སྤྲོད་སྟངས་ཀྱི་རྒྱབ་ལྗོངས་གསལ་པོ་མ་རྟོཊ་པའི་སྐྱོན་ཡིན་པ་ལས། གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་དྲང་པོ་མ་བྱས་པ་དང་རྩིས་ནོར་ཐེབས་པའི་གནས་ཚུལ་རྩ་བ་ནས་བྱུང་མེད་ཟེར།

དེ་རེབ་དྲུང་གཞོན་ལས་རོགས་ལ་ཡིག་རྒྱུག་འཕྲོད་མཁན། དེ་སྔོན་(TCRC) ནང་ལས་དྲུང་འཇིཊ་མེད་ཚེ་ལྡན་ལཊ་སུ་བཅར་འདྲི་ཞུས་པར། ད་ལོར་ལོ་སྔོན་མ་དང་མ་འདྲ་བར་གཞུང་ཞབས་ཡིག་རྒྱུཊ་གཏོང་ཕྱོཊ་ལ་འགྱུར་བ་ཆེན་པོ་བཏང་འདུག ལྷག་པར་དུ་བོད་ཡིག་དང་དབྱིན་ཡིག ཆབ་སྲིད་དང་ཨང་རྩིས་བཅས་ཀྱི་སྐོར་ལ་ཡིག་རྒྱུཊ་མ་འདྲ་བ་ཞིག་བཏང་འདུག ང་རང་སྒེར་ངོས་ནས་ཡིག་རྒྱུགས་གཏོང་ཕྱོགས་དེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དགོས་མཁོ་དང་འཚམ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཟེར།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༡ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 3

  1. ཕུན་ཚོགས་ཚེ་རིང་། says:
    ལོ་ 13 སྔོན།

    དེང་སྐབས་གངས་ཅན་སྐྱིད་གཤོངས་ལ་རྒྱུས་མངའ་མེད། གསལ་བོ་མི་ཤེས། ཡིན་ནའང་སྔོན་ཆད་ངོ་མ་ཐབས་སྐྱོ་བོ་ཡིན། ལས་ཁུངས་ཤིག་ལ་དཔེ་བཞག་ན། ལས་ཁུངས་དེའི་མགོ་ཁྲིད་སྐུ་ངོ་སུ་ཞིག་ཡིན་པ་དང་། དེ་ལུང་ཚན་གང་ཞིག་ནས་ཡིན་ན་དེའི་འོག་གི་ལས་བྱེད་མང་ཆེ་བ་ཁོའི་ཉེ་འཁོར་རྐྱང་རྐྱང་ཆགས་འགྲོ་བ་རེད། དེ་བོད་གཞུང་གི་ལྷན་ཁང་ཁག་གི་སྔོན་མའི་བཀའ་བློན་སུ་སུ་བཞུགས་ཡོད་མེད་དང་དྲུང་ཆེ་སུ་སུ་བསྐོས་ཡོད་མེད། སྐབས་དེ་དག་ཏུ་ལས་ཁུངས་དེ་དག་ནང་གི་ལས་བྱེད་སུ་སུ་ཡིན་མི་ལ་ཕྱིར་མིག་བལྟས་ལ་གསལ་བོ་ཆགས་ཡོང་གི་རེད། ཁ་སང་དེ་རིང་ལ་མཚོན་ནའང་ང་ལ་དོགས་པ་ཆེན་པོ་ཡོད།

    Reply
  2. ཤག་སྒང་པ། says:
    ལོ་ 13 སྔོན།

    བཀའ་ཤག་གསར་པས་ང་ཚོ་གྲ་སྒྲིག་སྡུག་ས་ནས་ལས་འགོ་བརྩམས་པའི་ལས་འཆར་འདི་བཞིན་ཤིན་ཏུ་ལེགས་པོ་བྱུང་འདུག་ལབ་སྤྲོ་སོང་།

    དྲང་པོ་དང་རྩིས་ནོར་འཐད་གང་ཡང་བཤད་རྒྱུ་་མེད། སྤྱི་ཡོངས་ཀྱི་འགྲོ་སྟངས་ཆ་ནས་འགྲིག་བསྡད་ཡོད་ས་རེད།

    མི་སྒེར་གྱི་འབྲེལ་ལམ་ལས་ནུས་ཤུགས་ལྡན་པའི་འབྲེལ་ལམ་མེད་པས་མ་དྲང་པ་བྱས་འདུག་བསམས་ཀྱང་བྱེད་ཐབས་ཅང་མེད་པ་རེད།

    ལེགས་པོ་བྱུང་བར་བསྔགས་སོ།།

    Reply
  3. བསྟན་འཛིན་ཤེས་རབ། says:
    ལོ་ 13 སྔོན།

    ང་རང་དོགས་པ་ཆེ་ཤོས་དེ་ད་རེས་གཞུང་ཞབས་བསྡུ་སྟངས་དྲང་མོ་བྱུང་ཡོད་མེད་དེ་ཡིན། སྐར་གྲངས་སྤྲོད་མཁན་སུ་དག་རེད། དེ་ལ་དཔུང་དཔྱོད་པ་སུ་དག་ཡོད་པ་རེད། ཕྱི་ལོགས་ན་སྐད་ཆ་འདྲ་མིན་ཞིག་བཤད་ཡོང་གི་འདུག གཞུང་ཞབས་འདེམས་ལྷན་ནས་མི་མང་གི་དོགས་པ་རྣམ་རྟོག་སེལ་བ་ཞིག་བཟོ་དགོས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese