མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕ་བུ་གཉིས་ཀྱི་ལོ་གཅིག་རིང་ཞལ་ཆེམས་བརྒྱུད་བསྒྲཊ་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༣/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp


ཨོ་སི་ཊོ་ལེ་ཡར་གནས་སྡོད་ཕུན་ཚོཊ་མདའ་ལྷ་དང་། ཁོང་གི་བུ་བསྟན་འཛིན་གངས་ལྷ་གཉིས་ཀྱིས་བོད་ནང་གི་བོད་མིར་སྐྱིད་སྡུག་མཉམ་མྱོང་དང་། རང་ལུས་མེར་བསྲེཊ་གནང་མཁན་རྣམ་པར་གདུང་སེམས་མཉམ་སྐྱེད་ཆེད་ལོ་གཅིག་རིང་ཞལ་ཆེམས་བརྒྱུད་བསྒྲཊ་ཀྱི་ལས་འགུལ་ཞིག་སྤེལ་
བཞིན་ཡོད་འདུག  

ཨོ་གླིང་ལྷོ་མའི་མཁར་རྫོང་གསར་བར་(Australia newcastle) གནས་སྡོད་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་མདའ་ལྷ་ལགས་དང་། རང་ལོ་ ༦ ཡིན་པའི་ཁོང་གི་བུ་བསྟན་འཛིན་གངས་ལྷ་ཕ་བུ་གཉིས་ཀྱིས་ད་ལོའི་ཕྱི་ཟླ་ ༡ ཚེས་ ༢༠ ཉིན་ནས་བཟུང་མགོ་འཛུགས་ཀྱིས་མ་འོངས་པའི་ལོ་གཅིག་རིང་། བདུན་ཕྲག་རེའི་ཉིན་གཅིག་གི་དུས་ཚོད་བེད་སྤྱད་དེ་ས་གནས་ཡུལ་མི་ཚོར་ཉིས་སྟོང་བརྒྱད་ནས་ད་ལྟའི་བར་གྱི་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེཊ་གནང་བཞིན་པའི་རྒྱུ་རྐྱེན། ཁོང་རྣམ་པའི་ཞལ་ཆེམས། རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོར་ཉེས་འཛུགས་འདྲ་མིན་གྱིས་གང་བྱུང་སྲོག་ཁྲིམས་དང་ཁྲིམས་ཆད་གཅོད་ཀྱིན་པའི་གནས་ཚུལ་སོགས་དབྱིན་ཡིག་དང་རྒྱ་ཡིག་ཐོག་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དང་། དེ་བཞིན། བོད་མིའི་སྒྲིག་འཛུགས་དང་༸གོང་ས་མཆོག  ཕ་ཡུལ། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་བཅས་ཀྱི་དབྱིན་ཡིག་དྲ་གནས་ཁག་དང་། བོད་རིགས་ཚོགས་པ་ཁག་གི་ཁ་བྱང་བཅས་མི་མང་ནང་འགྲེམས་སྤེལ་བྱེད་ཀྱི་ཡོད་འདུག

ཕུན་ཚོགས་མདའ་ལྷ་ལགས་ཀྱིས་བརྗོད་པ་ལྟར་ན། ཐེངས་འདིའི་ལས་འགུལ་དེ་ད་ལོའི་ཡེ་ཤུའི་འཁྲུངས་སྐར་སྐབས། ཁོང་དང་ཁོང་གི་གྲོགས་པོ་བསྟན་འཛིན་ཆོས་རྒྱལ། བློ་བཟང་བསྟན་སྐྱོང་བཅས་མི་གསུམ་གྱིས་བདུན་ཕྲག་གཅིག་རིང་ཨོ་སི་ཊོ་ལེ་ཡའི་ས་གནས་ཁག་ ༤༠ ཙམ་ནང་བོད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ཞལ་ཆེམས་བརྒྱུད་བསྒྲགས་གི་ལས་འགུལ་ཞིག་སྤེལ་ཡོད་ཅིང་། ས་གནས་དེ་ཁུལ་གྱི་མི་མང་ཁྲོད་བོད་དོན་གོ་རྟོགས་ཧ་ཅང་ཞན་པོ་ཡིན་པ་དང་། མི་མང་བརྒྱ་ཆ་ ༩༩%  ཙམ་གྱིས་བོད་དང་བོད་དོན་ཤེས་ཀྱི་མེད་པའི་གནས་སྟངས་ཆགས་ཡོད་སྟབས། ཕྱིས་སུ་ཁོང་ཕ་བུ་གཉིས་ཀྱིས་བསྐྱར་དུ་ལས་འགུལ་དེ་མགོ་འཛུགས་གནང་བ་ཞིག་ཡིན་འདུག

གསར་འགོད་པས་ཁོང་ལ་ལས་འགུལ་སྐབས་དཀའ་ངལ་འདྲ་འཕྲད་ཀྱི་ཡོད་མེད་དྲིས་པར་ཁོང་གིས། “ ལས་འགུལ་འདི་ཐོག་མ་མགོ་འཛུགས་སྐབས་ནས་དཀའ་ངལ་གང་ལ་འཕྲད་ཀྱང་གདོང་ལེན་བྱ་རྒྱུའི་ཆོད་སེམས་ཡོད། ཡིན་ནའང་དེ་སྔ་དཀའ་ངལ་དེ་འདྲ་འཕྲད་མ་སོང་། ངེད་གཉིས་མང་ཚོགས་འདུ་སར་འགྲོ་དགོས་སྟབས་དབྱིན་ཇིའི་སྐད་ཀྱི་ཐོག་ནས་དཀའ་ངལ་ཏོག་ཙམ་འཕྲད་ཀྱི་འདུག དེ་ནས་དང་ཐོག་མི་མང་བརྒྱ་ཆ་ ༧༠% ལྷག་གིས་ཡི་གེ་ལེན་གྱི་མི་འདུག ཕྱིས་སུ་རིམ་གྱིས་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་འདུག ཚུར་ཐུཊ་རྗེ་ཆེ་ཟེར་མཁན་དེ་འདྲ་ཡང་འདུག” ཅེས་བརྗོད་བྱུང་།

ཡང་ཁོང་མ་ཁྱེད་ཕ་བུ་གཉེར་སྒེར་བའི་ཐོག་ནས་འདི་ལྟར་ལས་འགུལ་སྤེལ་དོན་གང་ཡིན་མིན་དྲིས་པའི་ལན་དུ་ཁོང་གིས། “ བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གི་དམ་དྲག་ཡོད་མེད་ལ་མ་ལྟོས་པར་རང་ལུས་མེར་བསྲེཊ་བཏང་སྟེ་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གནང་གི་ཡོད་པ་རེད། ད་ཆར་མི་ ༡༠༠ ལྷག་གིས་བློས་གཏོང་བྱས་ཚར་བ་རེད། ཁོང་རྣམ་པའི་བློས་གཏོང་ཆུད་བཟོས་སུ་མི་འགྲོ་རྒྱུའི་ཆེད་དུ། འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་འབོད་སྐུལ་ཞུ་རྒྱུ་ང་ཚོས་ལས་འགན་ཆགས་ཡོད་པ་རེད་དྲན་ཡོད། ཕྱི་རྒྱལ་ཁག་ཏུ་སྡོད་མཁན་བོད་མི་ཚོ་རང་ཉིད་ཀྱི་ལྟོ་གོས་གཏམ་གསུམ་ཁོ་ནའི་ཆེད་དུ་རྒྱུག་བསྡད་ན་བོད་དོན་སུ་ཞིག་གིས་བསྒྲུབ་དགོས་པ་རེད། ལྷག་པར་དུ་ཨོ་སི་ཊོ་ལེ་ཡར་ཡོད་པའི་བོད་མི་ཚོ་ཆབ་སྲིད་བཙོན་པའི་མིང་ཐོག་ན་བསྡད་ཡོད་པ་རེད། བོད་གཞུང་གི་བཀའ་དྲིན་ལ་བརྟེན་ནས་རྒྱལ་ཁབ་འདིའི་ནང་དཀའ་ལས་མེད་པར་འཛུལ་རྒྱུ་རག་པ་རེད། བོད་དོན་ངོ་མི་ཤེས་མདོག་མདོག་བྱས་ཏེ་བསྡད་ན་ཧ་ཅང་ངོ་ཚ་བོ་རེད”ཅེས་བརྗོད་བྱུང་།

ཕུན་ཚོགས་མདའ་ལྷ་ཕ་བུ་གཉིས་ཀྱིས་ས་གནས་ཁག་དྲུག་གི་ནང་བསྐྱོད་དེ། མང་ཚོགས་ཁྲོད་ཡིག་ཆ་གྲངས་ ༡༦༠༠ ལྷག་འགྲེམས་སྤེལ་བྱས་ཡོད་འདུག་པ་དང་། ཁོང་གཉིས་ཀྱི་ལས་འགུལ་ལ་དགོས་འདུན་དོན་ཚན་ ༥ བཏོན་ཡོད་པ་དག་ནི། ༡༽ ས་གནས་མི་མང་གི་ངོས་ནས་ས་གནས་འཐུས་མི་བརྒྱུད་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ངོ་སྤྲོད་གནང་རྒྱུ། ༢༽ ས་གནས་ཡུལ་མི་མི་རེ་ངོ་རེ་ཡིས་ས་གནས་ཀྱི་ཚོགས་པ་ཁག་དང་གྲོགས་པོ། ནང་མི་བཅས་ལ་ད་ལྟའི་བོད་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་གནང་རྒྱུ། ༣༽ཡུལ་མི་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་ལ་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་གྱི་ཡི་གེ་གཏོང་རྒྱུ། ༤༽ཡུལ་མི་ཚོས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གསར་འགྱུར་(ABC)དང་(BBC )བཅས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ལ་མགོ་སྤྲོད་བྱ་རྒྱུ། ༥༽ཡུལ་མི་ཚོས་བོད་དོན་དང་འབྲེལ་བའི་གནས་ཚུལ་ཁག་ལ་གཟིགས་ཞིབ་གནང་རྒྱུ་དང་། ཐད་ཀར་རམ་ཡང་ན་ཐབས་ལམ་གཞན་བརྒྱུད་དེ་བོད་དོན་ལ་རྒྱབ་སྐྱོར་དང་རོགས་རམ་གནང་རྒྱུ་བཅས་རེད།

མདའ་བཞི་ཕུན་ཚོགས་ལགས་ནི། ༡༩༧༡ ལོར་བོད་མདོ་སྨད་མཚོ་སྔོན་མཚོ་བྱང་མདའ་བཞིར་སྐྱེས་པ་དང་། ༡༩༩༣ ལོར་བཙན་བྱོལ་དུ་འབྱོར་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་། ཕྱིས་སུ་བོད་ནང་ལོག་ཀྱང་ཆབ་སྲིད་ཀྱི་དཀའ་ངལ་འོག་ ༢༠༠༡ ལོར་ཕྱིར་རྒྱ་གར་དུ་ལོག སྔ་ཕྱིར་ཐེངས་ ༨ ཙམ་ལ་ཤར་ཁུམ་པོ་བརྒྱུད་བོད་ནང་ཕྱིན་ཏེ་གནས་ཚུལ་མཁོ་སྒྲུབ་བྱས་སྟབས་རྒྱ་ནག་གིས་བཙོན་འཇུག་བྱས་ཏེ་མནར་གཅོད་རབ་དང་རིམ་པ་མྱངས། རྗེས་སུ་བོད་མིའི་སྒྲིག་འཛུགས་ཀྱི་རོགས་རམ་འོག་ཨོ་སི་ཊོ་རི་ཡར་ཕྱིན་ཡོད།

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

ཆུ་ཚོད་ ༨ སྔོན་ལ།
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

ཆུ་ཚོད་ ༡༠ སྔོན་ལ།
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧
Mobile App

ཕུན་ཚོགས་ཕོ་བྲང་ནས་འཕྲོས་པའི་ཉི་འོད།

༢༠༢༦/༡༠/༢༧

མཆན། 2

  1. རི་བོང། says:
    ལོ་ 14 སྔོན།

    དཔའ་བོ་ཕུན་ཚོགས་མདའ་ལྷ་ལགས་དང་། ཁོང་གི་བུ་བསྟན་འཛིན་གངས་ལྷ་གཉིས་ལ་ཐུགས་རྗེ་ཆེ་ཞུ། བོད་མི་རེ་ངོ་རེ་ནས་འདི་འདྲའི་འགན་ཅིག་འཁུར་ཐུབ་ན་འུ་ཚོས་གོམ་པ་རེ་རྒྱག་ཐུབ་རྒྱུ་རེད། ཕ་རྒན་ཕུན་ཚོགས་མདའ་ལྷ་ལ་མཚོན་ན་ཁོང་གི་བོད་མི་རིགས་ཀྱི་ཆེད་དུ་ཕྱག་ལས་དང་བློས་བཏང་བྱས་པ་ཉུང་ཉུང་མིན་ལ་ཁོང་གི་མི་ཚེ་ལོ་རྒྱུས་ནི་སྒྲོ་འདོགས་དང་འུད་བསྟོད་མ་བྱས་པར་བཀོད་ནའང་བཀོད་རན་ཡོད་པ་ཞིག་ཡིན་པས། མཉམ་དུ་ཁོང་གི་མི་ཚེ་ལོ་རྒྱུས་མདོར་བསྡུས་རེའང་བཀོད་ཐུབ་ན་ལེགས་སྙམ།

    Reply
  2. ཆོས་བཟང་། says:
    ལོ་ 14 སྔོན།

    མདའ་བཞི་ཕུན་ཚོགས་ལགས་ཕ་བུ་གཉིས་ཀྱིས་བྱེད་སྟངས་དེར་བསྔགས་བརྗོད་དང་རྒྱབ་སྐྱོར་ཡོད། བཀའ་དྲིན་ཆེ་ང་ཚོ་བོད་མི་མི་རེ་ངོ་རེ་ནས་འདི་ལྟར་བྱེད་ཐུབ་ན་ང་ཚོའི་མྱོང་བཞིན་པའི་དཀའ་སྡུག་གི་མི་ཚེ་དེ་དེ་ཙམ་མི་རིང་བར་སེམས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese