ཁ་སང་ཕྱི་དྲོ་བོད་གཞུང་མང་གཉིས་ཀྱིས་ངྷ་ས་གཙུག་ལག་ཁང་དུ། བོད་རང་ལུས་མེར་བསྲེཊ་བཏང་སྟེ་སྐུ་གྲོངས་པའི་རྒྱལ་གཅེས་པ་དཀོན་མཆོག་དབང་མོ་དང་བློ་བཟང་ཐོཊ་མེད་གཉིས་ཀྱི་ཆེད་མཆོད་འབུལ་གནང་ཡོད།
ཁ་སང་ཕྱི་ཚེས་ ༢༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ པའི་སྟེང་བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྔགས་འཆང་འོད་ཟེར་རྡོར་རྗེ་རིན་པོ་ཆེ་མཆོག་དབུ་བཞུཊ་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཚོཊ་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་གཙོས། མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་དང་གཞུང་ཞབས་ལས་བྱེད། དེ་བཞིན་ངྷ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་བཅས་ཁྱོན་མི་སྟོང་ཕྲག་བརྒལ་བས། ཉེ་ལམ་བོད་ནང་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་ཆེད། རང་ལུས་མེར་བསྲེཊ་གནང་སྟེ་སྐུ་གྲོངས་པའི་རྒྱལ་གཅེས་པ་དཀོན་མཆོག་དབང་མོ་ལཊ་དང་གྲྭ་བློ་བཟང་ཐོཊ་མེད་ལཊ་གཉིས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་གནང་འདུག
གསར་འགོད་པ། དཔལ་ལྡན།
བཀུར་འོས་གསར་འགོད་པ་ལགས། ཁ་སང་གི་མཆོད་འབུལ་དེའི་ཐོག་སྲིད་སྐྱོང་མཆོག་གིས་རྒྱ་གཞུང་ནས་དཀོན་མཆོག་དབང་མོའི་རང་སྲེག་ཐད་རྫུན་སྒྲིག་བྱས་པར་སྐྱོན་བརྗོད་དང་ལན་འདེབས་གནང་སོང་། ཕྲན་ནས་བལྟས་ན་དེ་གསར་འགྱུར་གྱི་གཙོ་སྙིང་ཆགས་འདུག་བསམ། དེ་མིན་མཆོད་འབུལ་སྨོན་ལམ་རྒྱུན་ཆགས་ལྟར་གནང་གིན་ཡོད་པས། ཁྲལ་ཙམ་བྱས་ན་དོན་གོ་ཆོད་མེད་པ་འདྲ།