མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་གནའ་རབས་གསོ་བ་རིག་པ་ཞེས་དེབ་སྐྱེལ་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གངས་སྐྱིད་དུ་སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ ༥༢ འཁོར་བའི་དུས་དྲན་ཚོཊ་ཏེ། སྨན་རྩིས་འགན་འཛིན་ཚེ་རིང་བཀྲ་ཤིས་ལཊ་ཀྱིས། བོད་སྨན་རྒྱ་གར་གནའ་རབས་གསོ་རིག་མིང་ཐོག་ཏུ་ཁྲིམས་མཐུན་ངོས་ལེན་བྱས་པ་དེས། བོད་སྨན་སྲུང་སྐྱོབ་དང་དར་སྤེལ་ཐད་འགོག་རྐྱེན་ཆེན་པོ་འཕྲད་བཞིན་ཡོད་ཚུལ་བརྗོད།

དེ་རིང་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་། གངས་སྐྱིད་སྨན་རྩིས་མཐོ་སློབ་ཚོཊ་ཁང་དུ་ངྷ་ས་དབུས་སྨན་རྩིས་ཁང་དབུ་བརྙེས་ཏེ་མི་ལོ་ ༥༢ འཁོར་བའི་དུས་དྲན་མཛད་སྒོ་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་རྒྱ་གར་ཨཱ་ཡཱ་ཝེ་ཏི་(Ayurvedic)སྲོལ་རྒྱུན་གསོ་བ་རིག་པའི་སློབ་སྟོན་པ་སྐུ་ཞབས་ཨེ་སི་ཀེ་ཤར་མཱ་མཆོག་གཙོས་ས་གནས་འབྲེལ་ཡོད་རྒྱ་གར་བ་ཁག་ཅིག་དང་། བོད་མིའི་སྒྲིག་འཛུགས་ལྷན་ཁང་ཁག་གི་དྲུང་ཆེ། བདེ་ལེཊ་སྨན་ཁང་དང་སྨན་རྩིས་ཁང་གི་སྨན་པ། གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་སྐུ་ཚབ་དང་སློབ་ཕྲུག་བཅས་ཁྱོན་མི་ ༢༠༠ ཙམ་འདུ་འཛོམས་བྱུང་འདུག

མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་མཆོག་གིས་སྨན་རྩིས་ཁང་གི་ལས་བྱེད་རྒན་གྲས་ཁག་ཅིག་ལ་ཞབས་ལོ་ ༣༠ དང་ ༢༠ འཁོར་བའི་ཆེ་བསྟོད་གཟེངས་རྟགས་དང་། སྨན་སློབ་སྐབས་བཅོ་ལྔ་པའི་བཀའ་བཅུ་བའི་སློབ་ཐོན་པ་དང་རྒྱུཊ་འབྲས་རྩེ་ཕུད་དག་ལ་གཟེངས་རྟཊ་བཅས་གནང་སོང་ལ། སྨན་རྩིས་ཁང་གིས་དཔར་སྐྲུན་ཞུས་པའི་བོད་ལུཊ་གསོ་རིག་སྐོར་གྱི་དཔེ་དེབ་ཁག་ཅིག་ཀྱང་དབུ་འབྱེད་གནང་སོང་།

མཛད་སྒོའི་ཐོག་ངྷ་ས་དབུས་སྨན་རྩིས་ཁང་གི་འགན་འཛིན་ཕུ་རི་ཚེ་རིང་བཀྲ་ཤིས་ཀྱིས་འདས་པའི་ལོ་གཅིག་གི་ལས་སྡོམ་ངོ་སྤྲོད་དང་འབྲེལ། དུས་རབས་ཕྱེད་ལྷག་རིང་ངྷ་ས་སྨན་རྩིས་ཁང་གིས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་མི་ཉམ་ཐག་དང་རྒན་འཁོཊ། སློབ་ཕྲུག གྲྭ་བཙུན། གསར་འབྱོར་བ་སོགས་ལ་གང་ཐུབ་ཀྱིས་སྨན་སྦྱིན་གཏོང་བ་དང་། དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཐད་ལོ་རེར་ཆ་སྙོམས་ཧིན་སྒོར་ས་ཡ་ ༤ རེ་འབུལ་བཞིན་ཡོད་པ། བོད་ལུཊ་གསོ་རིག་གི་བཀོལ་སྤྱོད་ཁྱབ་ཁོངས་སྔར་ལས་རྒྱ་སྐྱེད་ཡོང་ཆེད། མ་འོངས་པར་རཱ་ཅི་སི་ཐན་གྱི་ཇར་པུར་(Jaipur)། བྷེ་ཧཱར་པཱ་ཊི་ཎ་(Patna)། ཅན་རྡི་གྷར། གྷོ་ཧཱ་ཊེ་(Guwahati)བཅས་སུ་སྨན་རྩིས་ཁང་གི་ཡན་ལག་རེ་འཛུགས་རྒྱུ། ཨ་རི་གཙོས་ཕྱི་རྒྱལ་ཁག་ཏུའང་གང་ཐུབ་ཀྱིས་སྨན་ཁང་གསར་རྒྱག་དང་། དེ་ལྟར་མི་ཐུབ་སར་སྨན་པ་སྐོར་སྐྱོད་གནང་རྒྱུ། ཉེ་ལམ་སྨན་རྩིས་ཁང་གིས་ཨ་རིའི་འཕྲོད་བསྟེན་ལས་ཁུངས་སུ་བོད་སྨན་ཞིབ་འཇུག་མཐུན་འགྱུར་གནང་བ་བཞིན། དེང་ཕྱིན་ཨ་རིའི་ནང་བོད་སྨན་ཚོང་འགྲེམས་ཀྱི་ཆོག་མཆན་ཐོབ་ཡོད་སྐོར་ངོ་སྤྲོད་གནང་སོང་།

འགན་འཛིན་ཚེ་རིང་བཀྲ་ཤིས་ལཊ་ཀྱིས་མུ་མཐུད་དུ། བར་ལམ་ནས་མང་པོ་ཞིག་ལ་བོད་སྨན་རྒྱ་གར་གཞུང་གིས་ངོས་ལེན་བྱས་འདུག་ཟེར་ནས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་རུང་། དོན་དངོས་ཐོག་རྒྱ་གར་གཞུང་གིས་ཁྲིམས་ཐོག་ཏུ་རྒྱ་གར་གནའ་རབས་གསོ་བ་རིག་པ་ཞེས་པ་ལས་བོད་སྨན་གྱི་ངོ་བོའི་སྟེང་མིང་བཏཊ་མེད་ཅིང་། མིང་དེ་ལྟར་བཏགས་པ་དེའི་ཐོག་ནས་ལ་དྭཊ་དང་འབྲས་ལྗོངས། གར་ཤཱ། སྦེལ་ཏི་སོཊ་བོད་དང་རིག་གཞུང་གཅིག་པའི་རྒྱ་གར་མི་སེར་ཚོར་ཕན་ཐོཊ་ཆེན་པོ་བྱུང་ཡོད་ལ། མ་གཞི་བྱེད་ལས་ཐོག་གསོ་བ་རིག་པ་དེ་བོད་སྨན་ཡིན་པ་ཁས་བླངས་ཚེ། ཐ་སྙད་ཐོག་བོད་དང་བོད་སྨན་གྱི་མིང་མ་བཏཊ་ཀྱང་དགོས་པ་དང་ཉེན་ཁ་ཆེར་མེད་མོད། རྒྱ་གར་གཞུང་གིས་བོད་སྨན་སྡེབ་སྦྱོར་དང་སྨན་རྩ་བསྡུ་རུབ་སོཊ་སྨན་རྩིས་ཁང་གི་ཁྱབ་ཁོིངས་ནས་ཡིན་པར་ངོས་ལེན་གནང་དཀའ་བ་དང་། ལྡི་ལིའི་རྒྱ་གར་འབྲེལ་ཡོད་མགོ་ཁྲིད་ཁག་ཅིག་གིས་གསོ་བ་རིག་པ་དང་བོད་སྨན་ལ་ཁྱད་པར་ཡོད་པའི་ངོས་འཛིན། ཧི་མ་ལ་ཡའི་རི་རྒྱུད་མི་རིཊ་ཚོ་ཡང་༸གོང་ས་མཆོག་ལ་དད་པ་ཡོད་ཀྱང་། སོ་སོ་རྒྱ་གར་མི་སེར་ཡིན་པའི་ཐོག་ནས་བོད་སྨན་དེ་རྒྱ་གར་གནའ་རབས་གསོ་བ་རིག་པར་ཁྲིམས་མཐུན་ངོས་ལེན་གནང་བཅུག་པ་དེས། གསོ་བ་རིག་པའི་མིང་ཐོག་ནས་ཧི་མ་ལ་ཡའི་མི་རིགས་ཚོར་རོཊ་དངུལ་མང་པོ་རག་སྲིད་ཀྱང་། བོད་སྨན་རང་སྟེང་ནས་ངོ་བོ་སྲུང་སྐྱོབ་དང་དར་སྤེལ་བྱ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ཚུལ་སོགས་བརྗོད་བྱུང་།

ཡང་ཁོང་གིས་འདས་པའི་མི་ལོ་ ༥༢ རིང་སྨན་རྩིས་ཁང་གིས་ཧི་མ་ལ་ཡའི་རི་རྒྱུད་མི་རིཊ་ཚོར་སློབ་སྦྱོང་སྤྲོད་རྒྱུ་དང་དགེ་རྒན་གཏོང་བ་སོཊ་རོཊ་རམ་གང་ཐུབ་བྱས་ཀྱང་། དེ་ལས་ལྡོག་སྟེ་ཁོང་ཚོས་རྒྱ་གར་གཞུང་དང་རྒྱལ་སྤྱིའི་ཐོག་འབྲེལ་བ་བྱས་སྐབས་གསོ་བ་རིག་པ་བོད་སྨན་མིན་སྐོར་ཅི་ཐུབ་ཀྱིས་སྒྲུབ་བཞིན་ཡོད་པ་དང་། བྱེད་སྟངས་དེ་ནི་གོ་སྐབས་ཤིག་ཡིན་པ་མ་ཟད་ཉེན་ཁ་ཞིག་ཀྱང་ཆཊ་ཡོད་པ། གོ་སྐབས་ནི་དེ་སྔ་བོད་སྨན་ལ་ཁྲིམས་ཐོག་ནས་ངོས་ལེན་མེད་ཀྱང་། མི་མང་པོ་ཞིག་གིས་ཧ་ཅང་དགའ་མོས་བྱེད་བཞིན་པའི་ཁར་རྒྱ་གར་གཞུང་གིས་ཀྱང་དམིཊ་བསལ་དགག་བྱ་གནང་མེད་ཅིང་། དེང་སྐབས་གསོ་བ་རིག་པ་དང་བོད་སྨན་གཉིས་མ་འདྲ་བའི་སྟེང་ནས་བོད་སྨན་ལ་ཁྲིམས་ཐོག་ཏུ་དམ་དྲག་བྱས་ན། སྨན་རྩིས་ཁང་གི་ལས་དོན་བྱེད་ཕྱོཊ་ལ་དོ་ཕོག་ཕྱིན་ཏེ་འཛིན་སྐྱོང་དཀའ་ངལ་འཕྲད་སྲིད་པ་དང་། གནས་སྟངས་དེའི་འོག་ནས་སྨན་རྩིས་ཁང་ཁྲིམས་ཐོག་ཏུ་འགྲོ་དགོས་སྲིད་པར་མ་ཟད། དཀའ་ངལ་དེ་ཆབ་སྲིད་དཀའ་རྙོག་ཅིག་ཏུ་མི་འགྱུར་བའི་ངེས་པ་མེད་པ། ཉེ་སྔོན་ཁོང་གཞུང་དོན་ཆེད་ལྡི་ལིའི་རྒྱ་གར་དབུས་ལས་ཁུངས་ཤིག་ཏུ་བསྐྱོིད་སྐབས། རྒྱ་གར་དཔོན་རིཊ་ཞིག་གིས་ལས་ཀ་དེའི་རིཊ་སྨན་རྩིས་ཁང་དང་ཐད་ཀར་འབྲེལ་བ་བྱས་ན་ཏག་ཏག་བསྡད་མེད་པར། ལྡི་ལིའི་སྐུ་ཚབ་དོན་གཅོད་བརྒྱུད་དགོས་པའི་བཀའ་མོལ་གསུངས་བ་བཅས་ཀྱིས་དཀའ་ངལ་འཕྲད་མགོ་བཙུཊ་ཡོད་པ། གསོ་བ་རིག་པ་དང་བོད་སྨན་གཉིས་དོན་གཅིག་མིང་གི་རྣམ་གྲངས་དང་། གསོ་བ་རིག་པ་ནི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་གལ་ཆེན་ཞིག་ཆཊ་ཡོད་སྟབས། རྒྱ་གར་གྱི་རོཊ་དངུལ་གང་ཡང་མ་རག་ཀྱང་གསོ་བ་རིག་པ་རྒྱ་གར་གསོ་རིག་ཆ་ཤས་སུ་གྱུར་ཅིག་ན་མི་འགྲིག་པར། བོད་སྨན་རང་གི་ངོ་བོའི་ཐོག་བསྲེས་ལྷད་མེད་པར་སྲུང་སྐྱོབ་བྱས་ཐོག གཞིས་བྱེས་ལྷན་འཛོམས་བྱུང་སྐབས་གཞིས་ལུས་མི་དམངས་ཚོར་རྩིས་སྤྲོད་ཐུབ་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་བརྗོད་བྱུང་།

དེ་བཞིན་ཁོང་གིས་དེང་སྐབས་བལ་ཡུལ་དང་ལྷ་ས། ཧོང་ཀོང་སོགས་སུ་ངྷ་རམ་ས་ལའི་སྨན་རྩིས་ཁང་གི་རིན་ཆེན་རིལ་བུ་ཡིན་མདོག་གིས་རིན་ཆེན་རིལ་བུ་རྫུན་མ་ཚོང་འགྲེམས་བྱེད་མཁན་ཡོད་པའི་དོགས་པ་ཡོད་སྐོར་ཡང་བརྗོད་བྱུང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་ཨེ་སི་ཀེ་ཤར་མཱ་མཆོག་གིས་མི་ལོ་གཉིས་ཙམ་གོང་རྒྱ་གཞུང་གིས་གསོ་བ་རིག་པ་ངོས་ལེན་གནང་ཡོད་ཅིང་། སྤྱིའི་ཆ་ནས་བོད་སྨན་དང་གསོ་བ་རིག་པ་གཉིས་གཅིག་པ་ཆཊ་ཡོད་ཀྱང་། (Tibetan Medicine)  ལབ་ཡོང་སྐབས་ (Tibetan)  ཟེར་བ་དེ་རྒྱལ་ཁབ་ཅིག་གི་ངོ་བོ་མཚོན་པའི་ཚིག་ཆཊ་ཡོད་ལ། ཚིག་དེ་རང་བཞིན་གྱིས་ཆབ་སྲིད་གནད་དོན་ཡོད་པའི་ཚིག་ཆཊ་ཏེ། རྒྱ་གར་གཞུང་གིས་ཁྲིམས་ཐོག་ནས་གཏན་འབེབས་བྱ་ཐུབ་མེད་སྐོར། བོད་སྨན་གྱི་མིང་ཐོག་ཏུ་ཁྲིམས་མཐུན་དེབ་སྐྱེལ་བྱེད་མ་ཐུབ་རུང་། གསོ་བ་རིག་པའི་མིང་ཐོག་ཏུ་ཁྲིམས་མཐུན་ངོས་ལེན་བྱུང་ཡོད་སྟབས། མ་འོངས་པར་སྨན་རྩིས་ཁང་ནས་ཐོན་པའི་ལག་འཁྱེར་དེ་གསོ་བ་རིག་པའི་ཁྲིམས་མཐུན་ངོས་ལེན་བརྒྱུད་རྒྱ་གར་རྒྱལ་ཡོངས་ནང་བེད་སྤྱོད་ཐུབ་པ་བཟོ་དགོས་རྒྱུ། སྨན་པ་ཚོས་ནད་པར་བརྟག་དཔྱད་སྐབས་ཕོ་མོ་ཁེར་རྐྱང་དུ་ནད་ལ་བལྟ་མི་རུང་བ་དང་། ལུས་པོ་སྦྱར་ནས་བལྟ་མི་རུང་བ། ཚད་ལས་བརྒལ་བའི་རིན་འབབ་དང་ལྐོག་རྔན་ལེན་མི་ཆོག་པ་སོཊ་སྨན་པའི་ཀུན་སྤྱོད་འཁྱེར་སྟངས་སྐོར་གཟབ་ནན་དུ་འཛིན་དགོས་ཚུལ་སོགས་ཀྱི་གཏམ་བཤད་སྤེལ་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

ཆུ་ཚོད་ ༢༣ སྔོན་ལ།
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣

མཆན། 7

  1. བདེ་རྒྱལ། says:
    ལོ་ 13 སྔོན།

    ད་རེས་སྨན་རྩིས་ཁང་གིས་ལོ་རྒྱུས་ཤིག་ནག་ཟུབ་བཏང་སོང་། རྒྱ་གར་བས་སྔ་མོ་ནས་འདི་ལྟར་འདོད་ཡོད་ཀྱང་། འགན་འཛིན་ཁག་ཅིག་གིས་དེ་ལ་གཏན་ནས་ཁས་ལེན་བྱས་མེད། བོད་ཀྱི་གསོ་རིག་ཁུངས་རྒྱ་གར་ལ་གཏུགས་ཡོད་ལ། དེ་བཞིན་རྒྱ་ནག་ནས་ཀྱང་བླངས་ཡོད། གཙོ་བོ་བོད་རང་གིས་སྨན་རབས་མང་པོས་ཉམས་མྱོང་སྣོན་གསོག་དང་གསར་བཅོས་མང་དུ་བྱས་ནས་བོད་ཀྱི་གསོ་བ་རིག་པ་ཞིག་ཆགས་ཡོད། གལ་སྲིད་འདི་ལྟར་ཁས་ལེན་མིན་དེ་བོད་མི་དམངས་སྤྱི་འཐུས་དང་། གཞི་ལུས་རྒྱ་མི་དམངས་ལའང་འདྲི་དགོས་པ་ལས་སྨན་རྩིས་ཁང་སྒེར་ཚོགས་ཤིག་གི་ལྟོ་རྒྱབ་ཆེད་བོད་ཀྱི་ལོ་རྒྱུས་ཀྱི་རིག་གཞུང་ཞིག་གཞན་ལ་བཙོང་མི་ཆོག ད་དུང་གནད་དོན་འདིའི་སྐོར་ལ་ཧི་མ་ལ་མི་རིགས་ཁག་ལའང་འདྲི་དགོས།

    Reply
  2. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    རྒྱ་གར་བས་བོད་སྨན་དེ་གནའ་རབས་གསོ་བ་རིགས་པ་དང་། འབྲུག་པས་བོད་སྨན་ལ་ནང་པའི་སྨན་ཟེར་བ་གཉིས་ལ་ཁྱད་པར་ཅི་འདུག་ཡག་པོ་གཟིགས་དང་། གཅིག་བྱས་ན་རྒྱ་གར་གྱིས་སྒྲུབ་བྱེད་དེ་འབྲུག་པ་ཡིན་ཤས་ཆེ། གཙོ་བོ་ཉེར་ལེན་དེ་ང་ཚོའི་བོད་སྡེ་བ་གཞུང་གི་སྐུ་དྲགས་ཚོས་བྱས་ཉེན་ཉག་ཅིག་ལས་བྱུང་བ་ཡིན་པར་ཡིད་ཆེས་བྱེད་ཆོག

    Reply
  3. སྣང་རྒྱལ་ཤེར་དགེ says:
    ལོ་ 13 སྔོན།

    ད་ནི་བོད་ཀྱི་གསོ་བ་རིག་པ་ཟེར་བ་ཞིག་མེད་པར་གྱུར་ཟིན་པ་རེད། མ་མཐའ་ཡང་ཁྲིམས་ཐོག་ནས་རྒྱ་གར་ལ་བདག་ཟིན་པ་རེད། རང་ཡུལ་རྒྱ་ནག་ལ་ཤོར། རིག་གཞུང་རྒྱ་གར་ལ་ཕུལ། ད་ང་ཚོ་ལ་ཅི་ཞིག་ལྷག་ཡོད་དམ།
    ཕྱོགས་གཞན་ཞིག་ནས་བཤད་ན་ཁྱོད་ཚོར་འདི་འདྲ་བྱེད་རྒྱུའི་ཐོབ་ཐང་ཡོད་པ་མ་རེད། བོད་ཀྱི་རིག་གཞུང་ཟེར་བ་འདི་ཁྱོད་ཚོ་འགའ་ཤས་ལ་བདག་པ་ཞིག་མ་རེད། འདི་བོད་ཀྱི་མེས་པོ་ཚོས་མི་རབས་ནས་མི་རབས་ལ་བསགས་པའི་གཅེས་ནོར་རེད། ཁྱོད་ཚོའི་ཐོབ་ཐང་དང་ཁེ་ཕན་ཞིག་གི་ཆེད་དུ་འདི་འདྲའི་བྱབ་ཆུང་གི་བྱ་བ་བྱས་ན་བོད་མི་མང་གིས་ངོ་ལེན་བྱེད་མི་སྲིད་ལ་ཡབ་མེས་ཚོ་དང་ལོ་རྒྱུས་ཀྱིས་དེ་བས་ཀྱང་ངོ་ལེན་བྱེད་མི་སྲིད། དེ་བས། ཁྱོད་ཚོ་ནི་མི་རིགས་ཀྱི་ནག་ཉེས་ཅན་དང་རིག་གཞུང་གི་ནག་ཉེས་ཅན། རྒྱལ་ཁབ་ཀྱི་ནག་ཉེས་ཅན་དུ་གྱུར་བ་རེད། མདོར་བསྡུས་ན་ཁྱོད་ཚོ་(ནང་རུལ)་བ་རེད།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    བསོད་འོད
    ༢༠༡༣/༠༣/༢༣ ཉིན་འདོན་སྤེལ་བྱས། ཀརྨ་རྡོ་རྗེ་ནས་་་་་ བོད་སྨན་གྱི་མིང་ཐོག་ཏུ་ཁྲིམས་མཐུན་དེབ་སྐྱེལ་བྱེད་མ་ཐུབ་རུང་། གསོ་བ་རིག་པའི་མིང་ཐོག་ཏུ་ཁྲིམས་མཐུན་ངོས་ལེན་བྱུང་ཡོད་སྟབས། ་་་་་ཟེར། ཟེར་གྱི་འདུག ཟེར། ཟེར་བགྱིད་འདུག

    Reply
  5. བསོད་འོད says:
    ལོ་ 13 སྔོན།

    ཀརྨ་རྡོ་རྗེ་ནས་་་་་ བོད་སྨན་གྱི་མིང་ཐོག་ཏུ་ཁྲིམས་མཐུན་དེབ་སྐྱེལ་བྱེད་མ་ཐུབ་རུང་། གསོ་བ་རིག་པའི་མིང་ཐོག་ཏུ་ཁྲིམས་མཐུན་ངོས་ལེན་བྱུང་ཡོད་སྟབས། ་་་་་ཟེར། ཟེར་གྱི་འདུག

    Reply
  6. འཆི་མེད་རྡོ་རྗེ། says:
    ལོ་ 13 སྔོན།

    བོད་ནང་ནས་བོད་པའི་རིག་གཞུང་བདག་དབང་རྒྱ་ལག་ལ་ཤོར། རྒྱ་གར་ནང་ནས་བོད་པའི་རིག་གཞུང་གི་བདག་དབང་རྒྱ་གར་གཞུང་ལ་བཙོང་། བོད་པའི་རིག་གཞུང་ནས་ལས་བསགས་པ་ཅི་ཞིག་མ་བཟང་པ་ཡིན་ནམ།

    སྐུ་ངོ་འདི་འདི་དྲང་མོ་ཞིག་རེད། དེ་མ་གཏོགས་སྐུ་ངོ་ཚང་མས་འདི་འགྲུབ་ཡོད་དེ་འགྲིག་ཡོད་རྐྱང་རྐྱང་མ་གཏོགས་བཤད་རྒྱུ་གཅིག་ཀྱང་མེད། ཡིན་ནའང་སྐུ་ངོ་འདིའི་དཀའ་ངལ་དང་ནོར་འཁྲུལ། ཉེན་ཁ་སོགས་དྲང་མོར་བཤད་འདུག

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ བོད་སྨན་གྱི་མིང་ཐོག་ཏུ་ཁྲིམས་མཐུན་དེབ་སྐྱེལ་བྱེད་མ་ཐུབ་རུང་། གསོ་བ་རིག་པའི་མིང་ཐོག་ཏུ་ཁྲིམས་མཐུན་ངོས་ལེན་བྱུང་ཡོད་སྟབས། ་་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese